Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཨ་རྒྱ་ར་གསུམ་གྱི་ཆབ་སྲིད་འགལ་འབྲེལ་བདེན་གཏམ་གཅེར་བུ་མ།

Posted on 2025-01-28 By ཁ་བརྡ་ No Comments on ཨ་རྒྱ་ར་གསུམ་གྱི་ཆབ་སྲིད་འགལ་འབྲེལ་བདེན་གཏམ་གཅེར་བུ་མ།
 རྡོ་རྗེ་ཚེ་སྲུང་།
 ར་ཤེ་ཡ་དང་། རྒྱ་ནག ཨ་རི་གསུམ་པོའི་བར་གྱི་འགལ་འབྲེལ་གྱི་གདོང་རིས་ངོ་མ་དེ་མཐོང་ཐུབ་མཁན་ང་གཅིག་པོ་ཡིན་ནམ་སྙམ་པའི་དོགས་པ་སྐྱེས་དགོས་ཐུག་བྱུང་། གཅིག་བྱས་ན། ང་རང་དྲ་ཐོག་གི་དཀྲོག་གཏམ་སྤེལ་མཁན་ཚོའི་ནང་དུ་འཛུལ་ཆེ་སོང་བས་ཡིན་སྲིད། ཡུལ་སྡེ་ཆེན་པོ་འདི་གསུམ་གྱི་འགལ་འབྲེལ་ནི་ཕྱོགས་གཉིས་ནས་མི་ལྟ་བར་ཕྱོགས་གསུམ་ནས་ལྟ་ཐུབ་དགོས། མི་མང་པོའི་སེམས་ལ་ར་ཤེ་ཡ་དང་རྒྱ་ནག་གཉིས་པོའི་བར་ན་མཛའ་འབྲེལ་བརྟན་པོ་ཞིག་ཡོད་པར་ངོས་འཛིན་མཁན་མང་། དེ་བཞིན་དུ་ཨ་རི་དང་རྒྱ་ནག ཨ་རི་དང་ར་ཤེ་ཡའི་བར་ན་མི་མཐུན་པ་ཆེན་པོ་ཞིག་ཡོད་སྣང་ཤར་མཁན་ཡང་མི་ཉུང་བ་ཞིག་ཡོད།
 འོན་ཀྱང་། དོན་དངོས་ཡོད་ཀྱི་གནས་སྟངས་ནི་དེ་ལྟ་བུ་ཞིག་གཏན་ནས་མིན། ཨ་རི་དང་ར་ཤེ་ཡའི་བར་ན་དེ་ཙམ་འགལ་བ་ཆེན་པོ་མེད་ཐོག་ཨ་རི་དང་རྒྱ་ནག་གི་བར་ན་དེ་བས་ཀྱང་མི་མཐུན་པ་ཆེན་པོ་གཏན་ནས་མེད། ཕན་ཚུན་བར་ལ་དོག་པ་རྣམ་རྟོག་ཆེས་ཆེན་པོ་ཡོད་ས་དེ་ནི་རྒྱ་ནག་དང་ར་ཤེ་ཡའི་བར་ཡིན་པར་འདོད། ཨ་རི་སྟོབས་ཤུགས་ཆེན་པོ་ཆགས་ན་རྒྱ་ནག་དང་ར་ཤེ་ཡའི་གཉིས་ཀའི་སེམས་གཏིང་ན་དེ་ཙམ་མི་བཟོད་པ་མེད་མོད། གལ་སྲིད་ར་ཤེ་ཡ་སྟོབས་ཆེན་རྒྱལ་ཁབ་ཨང་དང་པོ་ཆགས་ཡོང་ན་དེ་ནི་རྒྱ་ནག་ལ་མཚོན་ན་ཆེས་མི་དགའ་ས་དེ་རེད། དེ་བཞིན་དུ་རྒྱ་ནག་སྟོབས་ཤུགས་ཆེན་པོ་ཆགས་ཡོང་ན་ར་ཤེ་ཡ་ཡང་མི་དགའ་བ་གསལ་པོ་རེད།
 ཡ་མཚན་པ་ཞིག་ནི། ར་ཤེ་ཡས་ཡུ་ཁུ་རེན་ལ་དཔུང་འཇུག་བྱས་པ་དེས་ནི་རྒྱ་ནག་རེ་དོགས་གཉིས་ཆར་གྱི་ཀློང་དུ་ཚུད་བཅུག་ཡོད། ཕྱོགས་གཅིག་ནས་ར་ཤེ་ཡས་ཡུ་ཁུ་རེན་དབང་དུ་བསྡུ་བ་ལམ་ལྷོངས་བྱུང་སོང་ན་དེས་ནི་རྒྱ་ནག་གིས་ཐའེ་ཝན་ལ་བཙན་འཛུལ་བྱས་ན་ཡང་ཁྲིམས་མཐུན་དུ་འགྱུར་བར་ཕན་པ་དང་། ཕྱོགས་གཞན་ཞིག་ནས་ར་ཤེ་ཡའི་སྟོབས་ཤུགས་དང་རྒྱ་སྐྱེད་ཧམ་ཤེད་ཇེ་ཆེར་སོང་ན་རྒྱ་ནག་གི་ས་མཚམས་ན་ཡང་ལོ་རྒྱུས་སྟེང་དུ་རྩོད་རྙོགས་ཡོད་སའི་ས་ཆ་མི་ཉུང་བ་ཞིག་ཡོད་པས་ར་ཤེ་ཡས་རྙོགས་དྲ་སློང་སྲིད་པས་མགོ་རྙོགས་ཤིག་ཏུ་ཡང་འགྱུར་སྲིད་པ་རེད།
 རྒྱུ་མཚན་གཙོ་བོ་ནི། རྒྱ་ནག་དང་ར་ཤེ་ཡའི་བར་ན་ས་མཚམས་ཀི་ལོ་མི་ཊར་༤༢༠༩ཡོད་ཅིང་། འཛམ་གླིང་སྟེང་གི་རྒྱལ་མཚམས་རིང་ཤོས་ཨང་དྲུག་པ་རེད། ༡༩༦༩ལོ་ནས་་ཨུ་རུ་སུ་སོ་ཝིད་མཉམ་འབྲེལ་དང་རྒྱ་ནག་བར་ལ་ས་མཚམས་རྩོད་རྙོགས་ཀྱི་དམག་འཁྲུགས་དངོས་སུ་ལངས། ཕྱོགས་གཉིས་ཀས་ཕྱིར་བསྒྲགས་བྱས་པའི་གྲངས་འབོར་མི་འདྲ་ཡང་ལུས་སྲོག་དང་རྒྱུ་ནོར་གྱོང་གུད་ཀྱང་ཚབ་ཆེན་བྱུང་། ས་མཚམས་སྐོར་ལ་གྲོས་མོལ་མུ་མཐུད་ནས་བྱས་ཀྱང་བརྟན་ལྷིངས་ཡོང་མ་ཐུབ་པར་ལུས་པ་༡༩༩༡ལོར་གཞི་ནས་ས་མཚམས་སྐོར་གྲོས་མཐུན་བྱུང་ཐུབ་ཙམ་བྱུང་ཡོད།
 ར་ཤེ་ཡ་དང་། རྒྱ་ནག་བར་གྱི་རྩོད་རྙོགས་དེ་ལ་བརྟེན་ནས་ཨ་རི་དང་རྒྱ་ནག་བར་ལ་འབྲེལ་བ་ཡག་པོ་ཡོང་མགོ་ཚུགས། ༡༩༧༡ལོར་ཨ་རིའི་རྒྱལ་སྲུང་དྲུང་ཆེ་ཧེན་རིས་ཁེ་སིན་ཇུར་(Henry Kissinger)་གྱིས་གསང་བའི་ལྟ་སྐོར་དང་གྲོས་མོལ་བྱེད་དུ་རྒྱ་ནག་ལ་སོང་། དེ་ལ་བརྟེན་ནས་༡༩༧༢ལོར་ཨ་རིའི་སྲིད་འཛིན་རི་ཆར་ཌི་ནིག་སོན་(Richard Nixon)རྒྱ་ནག་ལ་མགྲོན་འབོད་བྱས།

ལྷག་པར་ཡང་། ༡༩༧༠སྨད་ཙམ་ནས་རྒྱ་ནག་མགོ་ཁྲིད་ཏིང་ཤའོ་ཕིང་གིས་’ཨ་རི་དང་སུ་ཞིག་ཐག་ཉེ་ན་དེ་ཕྱུག་པོ་ཆགས་པ་དངོས་ཡོད་གནས་ཚུལ་རེད་’ཅེས་བཤད་ནས་ཁོ་རང་ཡང་ཨ་རིས་མགྲོན་འབོད་བྱས། ཨ་རིས་ཕྱོགས་ནས་ཡུན་རིང་པོ་འབད་བརྩོན་བྱས་ནས་རྒྱ་ནག་གི་དཔལ་འབྱོར་མ་རྩ་རིང་ལུགས་སུ་བསྒྱུར་ནས་ཨ་རི་དང་མཉམ་ལས་བྱེད་བཅུག་པ་དེ་ནི་ཨ་རི་ཕྱོགས་ཀྱི་རྒྱལ་ཁ་ཆེན་པོ་ཞིག་ལ་བརྩི་བ་རེད། རྒྱ་ནག་དང་ར་ཤེ་ཡའི་བར་གྱི་འབྲེལ་བ་ནི་འཁྲབ་སྟོན་ཙམ་ཁོ་ན་ལས་གཅིག་ཕན་གཅིག་གྲོགས་སུ་འགྱུར་བའི་འབྲེལ་བ་ཞིག་བྱུང་མེད་ཅེས་བརྗོད་ཆོག

བསམ་ཚུལ།, ལྷུག་རྩོམ།

Post navigation

Previous Post: མང་གཙོ་ཁྲིམས་ཀྱི་དབང་བསྒྱུར་ནས་དམངས་གཙོ་གྲལ་རིམ་གཅིག་བསྡུས་ལ་ཁ་ཕྱོགས་པ་མ་རེད་དམ།
Next Post: སྤྱི་འཐུས་ཀྱི་འོས་བསྡུའི་ལས་རིམ་དང་འབྲེལ་བའི་སྐོར་ལ་རང་གི་བསམ་ཚུལ་གླེང་བ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (93)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (60)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (35)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme