Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཨ་རོ་ཡེ་ཤེས་འབྱུང་གནས་དྲན་པའི་ངག་ 《 སྒྱུ་མ་ཆེན་པོ་ 》

Posted on 2021-03-262021-03-27 By ཁ་བརྡ No Comments on ཨ་རོ་ཡེ་ཤེས་འབྱུང་གནས་དྲན་པའི་ངག་ 《 སྒྱུ་མ་ཆེན་པོ་ 》

རྫ་ཚེ་རིང་བཀྲ་ཤིས། 

རྨི་ལམ་མ་ཡིན་པ་ཡི་རྨི་ལམ་ཞིག །
རྟོག་ལྗོངས་(幻想)ལུ་གུ་རྒྱུད་དུ་འགྱེད་ཅིང་འཕྲོ། །
འཕྲོ་འདུའི་ཐགས་སྣེ་ཡར་ནས་ཡར་ལ་བསྣར། །
མཚམས་རེ་ལན་རེར་ང་ལ་སྡུག་ཀྱང་གཏོད། །

རྒྱུ་སྐར་གཞན་གྱི་ཉུལ་ཞིབ་ཕོ་ཉ་ཞིག །
ཧོབ་སྟེ་བོད་ལ་འབྱོར་བ་ཡིན་ནམ་ཅི། །
གང་ནས་ཡོང་དང་གང་དུ་ཕྱིན་པ་ཡི། །
རྗེས་ཤུལ་ལྐོག་ཏུ་གྱུར་པའི་ཁྱེའུ་ཞིག །

རྒྱ་ཡན་རང་གྲོལ་ཨ་རོ་ཡ་མཚན་ཅན། །
ཡེ་ཤེས་འབྱུང་གནས་རྩོད་མེད་སྤྲུལ་པའི་སྐུ། །
ང་ཡི་སེམས་ལ་རོང་ཟོམ་ཆེན་པོ་བཞིན། །
འཁོར་འདས་སྒྱུ་མའི་གར་མཁན་ཁྱེད་ཁོ་ན། །

བདག་གི་སེམས་ཀྱི་ནགས་ཚལ་ཁྱེད་ཡིན་ནོ། །
ཧ་ཅང་མཚར་དུ་བརྩིས་པ་ཁྱེད་ཡིན་ནོ། །
སེམས་ཀྱི་གབ་སར་ཅིས་ཀྱང་མ་འཆུན་པའི། །
ཁྱེད་ནི་བདག་གི་འོད་ཀྱི་ཕོ་ཉའོ། །

གལ་ཏེ་ང་ལ་རྣ་བ་གཞན་ཞིག་དང་། །
ཡང་ན་རིམ་པ་མཐོ་བའི་མིག་དབང་ཞིག །
དེ་མིན་སྲིད་པ་ཕྱིར་ལྡོག་ནུས་པ་ཞིག །
ཡོད་ན་ཁྱེད་ཉིད་ལན་ཅིག་མཇལ་སྙིང་བྲོད། །

ཁོ་བོའི་ཁྱེད་ཀྱི་ཕྱོགས་ལ་རྟོག་པ་ན། །
སེམས་ནི་ཡོངས་སུ་བཀྱིགས་པའི་བཙོན་མ་བཞིན། །
འགུལ་འདོད་འཕག་འདོད་ཡོད་ཚད་དོན་མེད་དེ། །
མཐར་ནི་ཨ་ཐང་ཆད་པ་ཙམ་དུ་ཟད། །

ནམ་མཁའ་འདི་ནི་ཤིན་ཏུ་སྲ་ཞིང་འཐས། །
རྣམ་ཤེས་འདི་ནི་ཤིན་ཏུ་བླུན་ཞིང་ལྐུག །
ཁོ་བོས་ཁྱེད་ཀྱི་མཐའ་ལ་བསམ་པ་ནི། །
བྲག་གཡང་གཟར་པོར་ཐུར་དུ་ལྟ་བ་བཞིན། །

ཁྱེད་ནི་ང་དང་མཉམ་དུ་ཡོད་ངེས་སྙམ། །
རྒྱུན་ལྡན་ལྟར་དུ་ལྷོད་བཞུགས་ཡིན་ངེས་སྙམ། །
འོན་ཀྱང་ང་ནི་གྱང་རའི་བཙོན་མ་བཞིན། །
ཁྱེད་གྱི་རྡོག་སྒྲ་ཙམ་ཡང་མི་ཐོས་སོ། །

ཆུང་ངུའི་དུས་ཀྱི་རུ་པ་འདུག་སའམ། །
རྒྱང་རིང་མཛའ་མོ་བཞིན་དུ་སེམས་ངོར་བླངས། །
བོར་འཐོར་ཤོར་བའི་ནོམ་པ་རྩ་ཆེན་བཞིན། །
རུམ་དང་འདུག་ས་ཡོད་ཚད་ལག་པས་ཉུག །

འགའ་རེས་ཟེར་ན་དཔལ་སྤྲུལ་ཁྱེད་རེད་ཟེར། །
པགས་རྩག་གོན་ནས་ས་འདིར་ཡོང་སོང་ཟེར། །
རྫ་ཆུའི་ཆུ་ཁར་ཚུགས་མལ་མཛད་སོང་ཟེར། །
འོན་ཀྱང་ཁོ་བོ་བསླེབས་པ་འཕྱིས་སོང་འདྲ། །

བསམ་སྟངས་འགའ་ཡིས་མགོ་ཡི་རུས་སྒྲོམ་ན། །
དྲན་སྟངས་འགའ་རེས་གློ་བའི་གུར་མཐའ་བཀྱགས། །
གླེང་སྟངས་འགའ་ཡིས་སྙིང་གི་འཕར་ཚད་མགྱོགས། །
སེམས་ཚོར་ཚང་མ་ར་སྤྲོད་ཞུ་ཐབས་བྲལ། །

དུས་དང་ནམ་མཁའ་སེམས་ཀྱི་སྒྲིབ་པ་འདི། །
བྷིར་ལན་རྩིག་གྱང་ལས་ཀྱང་མཐོ་ལ་ཡེར། །
མེད་ལ་སྣང་ལ་ཡོད་ལ་གཞི་མེད་པའི། །
སེམས་ཀྱི་ཡོལ་བ་ཁོ་ན་འཇིགས་རེ་ཆེ། །

ཁ་པར་བཏང་ན་ཆོག་པ་ཨ་ཅང་ཅང་། །
གཟུགས་མཐོང་ལམ་ནས་ངོ་འཕྲད་ཆོག་དུས་འདིར། །
དུས་ཀྱི་ཡོལ་བ་གཅིག་གི་སྒྲིབ་ཙམ་འདི། །
རེ་ཞིག་རྩིས་མེད་བཏང་ན་མི་ཆོག་གམ། །

བཻ་རོའི་ཞལ་ནས་སྤྲུལ་པའི་སྐུ་ཡིན་གསུང་། །
གཉགས་ཆེན་ཛྷཱ་ནས་ས་བརྒྱད་སེམས་དཔར་བཞེད། །
བླ་ཆེན་ཞབས་ཀྱིས་ཀླུ་སྒྲུབ་སྤྲུལ་པར་དགོངས། །
ཡེ་ཤེས་རྡོ་རྗེས་རྡོ་རྗེ་སེམས་དཔར་མཇལ། །

ཆུང་ངུའི་དུས་ནས་ཚད་མེད་བརྟུལ་ཞུགས་བསྐྱངས། །
མཁས་དང་བཙུན་དང་གྲུབ་པའི་རྩེ་མོར་བསྙེགས། །
མཁས་གྲུབ་རྒྱལ་པོ་རྣམས་དང་དགོངས་ཉམས་བསྡུར། །
ཡེ་ཤེས་འབྱུང་གནས་བསྟན་པའི་བདག་པོ་དངོས། །

ཡེ་ཤེས་གཞོན་ནུས་རྡོ་རྗེ་རྣོན་པོར་གསོལ། །
སེམས་ཉིད་གཉུག་མའི་ཉི་ཟླ་འོད་དུ་འབར། །
ཡ་མཚན་སྤྲུལ་པའི་སྒྱུ་མ་ཆེན་པོ་ཁྱོད། །
བདག་གི་སེམས་ལ་འཆར་ནུབ་བྲལ་བར་གསོལ། །

ད་ཆ་ཁྱེད་གསུང་ཆ་ཤས་འགའ་རེ་ཙམ། །
མང་པོ་ཕྱི་མའི་དུས་འདིར་མི་སྣང་ཡང་། །
གལ་ཏེ་བཞེད་ན་བདག་གི་སླད་དུ་ཡང་། །
རྣམ་རོལ་སྒྱུ་མའི་རྩེད་འཇོ་ཡུད་ཙམ་གསོལ། །

མི་ལྡོག་དད་པ་ཡིན་མིན་ཞུ་མ་ཤེས། །
སྔོན་བསགས་ལས་འཕྲོ་ཡོད་མེད་ཆ་མ་འཚལ། །
འོན་ཀྱང་བདག་གི་སེམས་ཀྱི་མཐའ་དབུས་ན། །
ཡེ་ཤེས་འབྱུང་གནས་གསལ་འཚེར་ལྷུན་སྡུག་འབར། །

ནམ་ཞིག་ང་ཡང་སྒྱུ་མའི་རྒྱ་གྲོལ་ནས། །
ཁྱིམ་སྡོད་བཀའ་རྒྱ་ཡོད་ཚད་རང་ཞི་སྟེ། །
དུས་ཀྱི་ཁབ་ལེན་ར་བ་བརྟོལ་ཉིན་དེར། །
ཁྱེད་དང་མཉམ་དུ་མཇལ་བའི་ཞལ་ཆད་ཞུ། །

ཞེས་པ་འདིའང་། སྤྲུལ་པའི་སྐུ་ཨ་རོ་ཡེ་ཤེས་འབྱུང་གནས་ཀྱི་ལོ་རྒྱུས་ཆེན་མོ་དང་། ཨ་རོའི་ལུགས་ཀྱི་རྫོགས་ཆེན་གྱི་བསྐོར་ལ་ལེགས་པར་མཇལ་བའི་ལས་འཕྲོ་བཟང་པོ་དང་ལྡན་པ་རྫ་ཚེ་རིང་བཀྲ་ཤིས་ཀྱིས། ཨོ་གླིང་རི་བོ་སྔོན་པོའི་ཡང་རྩེ་ནས་སྤྲུལ་པའི་སྐུ་ཨ་རོ་ཡེ་ཤེས་འབྱུང་གནས་དྲན་བཞིན་གང་དྲན་ཡི་གེར་བྲིས་པའོ།།སྤྱི་ལོ་ ༢༠༢༡ ཟླ་ ༣ ཚེས་ ༢༢ ལའོ།།

སྙན་ངག

Post navigation

Previous Post: འབུམ་རམས་པ་རིག་འཛིན་ལྷུན་གྲུབ་ལགས་སྐབས་ ༡༧ པའི་དབུས་གཙང་སྤྱི་འཐུས་སུ་འོས་པའི་རྒྱུ་མཚན་དྲུག
Next Post: དབུ་མའི་ལམ་གྱི་སྲིད་ཇུས་ལ་ལོག་ལྟ་བྱེད་མཁན་ཚོས་ཉོན་ཨ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme