Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཨ་རིར་འགྲོ་སྙིང་འདོད།

Posted on 2013-04-052013-04-05 By ཁ་བརྡ་ 33 Comments on ཨ་རིར་འགྲོ་སྙིང་འདོད།

མེ་ཏོག་དཀར་པོ།

སྲིད་པའི་སྡུག་བསྔལ་སུས་ཀྱང་མི་འདོད་ཅིང༌།།
བདེ་ལྡན་ཞིང་ཞིག་ཀུན་གྱིས་རེ་ནའང། །
ཟག་མེད་ཞིང་ཁམས་གར་ཡོད་མི་ཤེས་མོད། །
དངོས་སུ་མཐོང་རྒྱུའི་ཞིང་ཁམས་ཨ་རི་ཉིད། །

སྔགས་པས་གསང་སྔགས་ཁྲོམ་བསྒྲགས་བྱེད་པ་དང་། །
ནང་པ་དག་གིས་ནང་བསྟན་འཚོང་འགྲེམ་དང། །
ནག་འཚོང་ལ་སོགས་རྒྱག་ནའང་རྒྱག་ཏུ་ཆུག །
མེ་ཏོག་དཀར་པོ་ཨ་རིར་འགྲོ་སྙིང་འདོད། །

ཉིན་མོ་གྲྭ་ཆས་དགེ་སློང་ཡོངས་ཀྱིས་གྱོན། །
མཚན་མོར་དབྱིན་མོ་རུམ་པའི་གྲུབ་ཐོབ་ལེགས། །
ཆོས་ལོག་ཆོས་སུ་འཆད་མཁན་སྔ་ནས་ཡོད། །
མེ་ཏོག་དཀར་པོ་ཨ་རིར་འགྲོ་སྙིང་འདོད། །

སྐྲ་ནག་མཛེས་མའི་གདོང་གི་ལྟད་མོ་དང༌། །
སྐྲ་སེར་གཞོན་མའི་བྲང་གི་ནུ་འབུར་གཉིས།།
ཁྲོན་ཤན་བུ་མོའི་རྐུབ་བྲོ་མྱོང་བའི་ཆེད། །
མེ་ཏོག་དཀར་པོ་ཨ་རིར་འགྲོ་སྙིང་འདོད། །

ཁ་ཡིས་རྐུབ་ཀྱི་ལས་ཀ་འཇོན་པ་དང༌། །
རྐུབ་ཀྱི་ངོ་སོ་ཁྲོམ་ལ་ངོམས་པ་གཉིས། །
ཁྲོམ་གསེབ་རྐུབ་ཚབ་ཚོང་ཟོག་ལྟ་འདོད་ཀྱིས། །
མེ་ཏོག་དཀར་པོ་ཨ་རིར་འགྲོ་སྙིང་འདོད། །

བླ་སྤྲུལ་བཙུན་པའི་ཆོས་ཀྱི་འཚོང་འགྲེམས་དང༌། །
སྐད་བསྒྱུར་མཁས་པས་བར་ཟོས་ཁེ་བཟང་གཉིས། །
ཚོང་པའི་ཉོ་འཚོང་གསུམ་པོ་ཚོད་འགམ་དུ། །
མེ་ཏོག་དཀར་པོ་ཨ་རིར་འགྲོ་སྙིང་འདོད། །

ཉིན་མོ་ཕྲུ་གུ་འཚོ་སྐྱོང་བྱེད་པ་དང༌། །
མཚན་མོ་སྦྱིན་བདག་གཟུགས་པོ་བཀྲུ་བ་གཉིས།།
ཟས་གཡོ་གད་བརྡར་བྱེད་རྣམས་སྡུག་རྒྱུ་མེད། །
མེ་ཏོག་དཀར་པོ་ཨ་རིར་འགྲོ་སྙིང་འདོད། །

ཉིན་མོར་ཟ་ཁང་ནང་དུ་ལག་གཡོག་རྒྱུག །
མཚན་མོར་ཞབས་བྲོ་ཁང་དུ་ཌང་སེ་འཁྲབ།།
ཟླ་ཕོག་ཕལ་ཆེར་སྐྱིད་པོའི་ཆེད་དུ་གཏོང་། །
མེ་ཏོག་དཀར་པོ་ཨ་རིར་འགྲོ་སྙིང་འདོད། །

མི་ཡུལ་ས་མཐར་འཁྱམས་པའི་བྲོ་བ་དང༌། །
ཕ་མ་སྤུན་མཆེད་བྲལ་བའི་སེམས་ཁྲལ་གཉིས། །
ལག་ཁྱེར་མེད་པའི་དཀའ་ངལ་ཉམས་མྱོང་ཡིན། །
མེ་ཏོག་དཀར་པོ་ཨ་རིར་འགྲོ་སྙིང་འདོད། །

མངའ་སྐྱུར་བྲོ་བ་མྱོང་སའི་ཆང་ཁང་དང༌། །
མི་རིགས་འདྲ་མིན་འདུ་སའི་ཞབས་བྲོ་ཁང་། །
ཤར་ནུབ་མི་རིགས་གཞང་ཁང་མང་བའི་ཡུལ། །
མེ་ཏོག་དཀར་པོ་ཨ་རིར་འགྲོ་སྙིང་འདོད། །

ལོ་རྒྱུས་རྫུན་མ་བསྒྲིགས་པའི་རྩོམ་སྒྲུང་དང༌། །
དབྱིན་ཡིག་སྙན་ཞུ་འབྲི་མཁན་གླ་པ་གཉིས། །
སྐྱབས་བཅོལ་དཔང་ཡིག་ཞུ་ཡང་ཐ་ཤལ་མིན། །
མེ་ཏོག་དཀར་པོ་ཨ་རིར་འགྲོ་སྙིང་འདོད། །

ཆང་ས་རྫུན་མ་རྒྱག་མཁན་སྐྱབས་བཅོལ་དང༌། །
གཉེན་སྒྲིག་དཔང་ཡིག་ཞུ་མཁན་མགོ་སེར་གཉིས།།
གྷི་རིན་ཁ་ཌི་སྒུག་རུང་གུ་ཡངས་ཡུལ། །
མེ་ཏོག་དཀར་པོ་ཨ་རིར་འགྲོ་སྙིང་འདོད། །

ཁང་གླ་ཆེན་པོ་འཇལ་དགོས་སེམས་ཁྲལ་དང༌། །
ལས་གླ་ཚད་ལྡན་མེད་པའི་ཕམ་ཁ་གཉིས། །
སྦྱིན་བདག་བཙན་པོའི་བརྙས་བཅོས་གང་ནའང་ཡོད། །
མེ་ཏོག་དཀར་པོ་ཨ་རིར་འགྲོ་སྙིང་འདོད།

ཁྲིམས་མཐུན་ཁྲལ་གྱི་དཔང་ཡིག་མེད་པ་དང༌།།
ཨ་རིའི་རྒྱལ་ཁབ་དམ་དྲག་ཚ་བ་གཉིས།་།
ཝི་ས་རྫུན་མའི་བུ་ལོན་ཆེ་ཡང་རུང་། །
མེ་ཏོག་དཀར་པོ་ཨ་རིར་འགྲོ་སྙིང་འདོད། །

ལས་ཀ་གཅིག་ཏུ་གཏད་སོ་མེད་ན་ཡང་། །
དངུལ་ཁང་འཛིན་ཡིག་མེད་པ་ག་ལ་བདེན། །
ལག་ཁྱེར་མེད་པ་སྡོད་མཁན་གྲངས་མེད་འདུག །
མེ་ཏོག་དཀར་པོ་ཨ་རིར་འགྲོ་སྙིང་འདོད། །

གྲྭ་པས་ཆོས་གོས་ཕུད་ནས་སྐྱ་ཆས་སྤྲས། །
དཔོན་པོས་རྐུབ་སྟེགས་གཡུགས་ནས་གསང་སྤྱོད་འཁྲུ།།
མཛེས་མས་སྤོམ་མདོག་བཞག་ནས་ལས་དོན་གཉེར། །
མེ་ཏོག་དཀར་པོ་ཨ་རིར་འགྲོ་སྙིང་འདོད། །

དབང་ཆེན་དཔོན་པོའི་སྤྱི་སེམས་བརླག་ས་དང༌། །
གྲྭ་ཆུང་བཙུན་པའི་སྡོམ་པ་ཤོར་ས་གཉིས། །
ན་ཆུང་ལང་ཚོ་མ་ཉམས་ས་ཞིག་མེད། །
མེ་ཏོག་དཀར་པོ་ཨ་རིར་འགྲོ་སྙིང་འདོད།།

ཁ་སང་ཁ་བ་འབབ་པའི་མཚན་མོ་དང༌། །
དེ་རིང་ཚ་བ་འབར་བའི་ཉིན་མོ་སོགས། །
ངེས་མེད་དུས་ཀྱི་དུཿཁ་འདི་ནའང་འདུག །
མེ་ཏོག་དཀར་པོ་ཨ་རིར་འགྲོ་སྙིང་འདོད། །

ཕྱི་ཡི་སྟོབས་འབྱོར་མཐོ་རིས་ལྷ་དང་མཉམ།།
ནང་གི་སེམས་པ་རྒྱ་མཚོའི་རྒྱ་ལྟར་ཆེ། །
དུས་ཀྱི་འཁྲུག་ཆ་དོད་པས་ཡར་རྒྱས་ལྡན། །
མེ་ཏོག་དཀར་པོ་ཨ་རིར་འགྲོ་སྙིང་འདོད། །

ཁ་སང་དགོོད་ནས་སོ་དཀར་བསྟན་བཞིན་པར།།
དེ་རིང་མྱ་ངན་ངུ་ནས་མིག་ཆུ་གཏོང་། །
སང་ཉིན་ཁྲོས་སོགས་སྐྱེ་བོ་ཀུན་གྱི་གཤིས། །
མེ་ཏོག་དཀར་པོ་ཨ་རིར་འགྲོ་སྙིང་འདོད། །

འཕྲོད་བསྟེན་རྣམ་བཞག་གཞན་ལས་མང་ན་ཡང༌།།
ངེས་མེད་ནད་ཡམས་སྣ་ཚོགས་འབྱུང་བ་ནི། །
སྔོན་གྱི་ལས་ཏེ་དེ་ལས་གཡོལ་དུ་མེད། །
མེ་ཏོག་དཀར་པོ་ཨ་རིར་འགྲོ་སྙིང་འདོད། །

ཕྱོགས་སླེབས་ཚོགས་པ་དུ་མའི་འཁྲབ་སྟོན་དང༌།།
ཕྱོགས་འཁྱམས་ཆབ་སྲིད་བཙོན་པའི་སྐྱབས་བཅོལ་བ།།
ཕྱོགས་མཐའི་མཁས་པ་མང་བ་ཤེས་རིག་གཏེར། །
མེ་ཏོག་དཀར་པོ་ཨ་རིར་འགྲོ་སྙིང་འདོད། །

དེ་དང་དེ་འདྲའི་ཨ་རིའི་ཞིང་ཁམས་ལ། །
སུ་དང་སུ་ཞིག་ཕེབས་རྣམས་སྐལ་བཟང་ཡིན། །
ཅི་དང་ཅི་འདྲའི་ཐབས་ཤིག་བྱེད་ནས་ཀྱང་། །
མེ་ཏོག་དཀར་པོ་ཨ་རིར་འགྲོ་སྙིང་འདོད།

སྤྱི་ལོ་ ༢༠༠༣ ཟླ་ ༦ ཚེས ༡༡ ལ་ཨ་མེ་རི་ཁ་ཇོ་ཇོན་མངའ་སྡེ་ནས་མགོ་འཛུགས་བྱས། ཟླ་ ༧ ཚེས་ ༡༤ ཉིན་རྒྱ་གར་ལྷོ་ཕྱོགས་བྷེང་ལོར་དུ་མཇུག་རྫོགས་པར་བྱས་པའི་བེ་རི་འཇིགས་མེད་ལགས་ཀྱིས་བྲིས་པའི་རྩོམ་སྒྲོམ་ལ་ལྷན་པ་ཅུང་ཟད་རེ་བཏབ་ནས་ཉམས་མཚར་དུ་བྲིས་ཏེ་ལོ་གཉིས་གོང་མཆན་བུར་བཏབ་པ་དེ་སླར་འདིར་སྤེལ།

སྙན་ངག

Post navigation

Previous Post: སྡུག་ཡུས་བརྗོད་པ།
Next Post: དེང་སང་མདོ་སྨད་རེབ་གོང་ལུང་བ་ན། །

Comments (33) on “ཨ་རིར་འགྲོ་སྙིང་འདོད།”

  1. བཀྲ་ཤིས་ says:
    2013-04-05 at 9:46 am

    མེ་ཏོག་དཀར་པོས་སྤྲུལ་དགོག་རྣམས་ལ་ཚིགས་ཀྱིས་དགག་པ་ཇི་ལྟར་རྒྱབ་ཀྱང་
    དོན་ལ་རྗེས་འཇུག་གཙོ་བོ་ཞིག་ཡོང་བའི་རེ་བ་ཆེན་པོ་ཡོད་པ་འདྲ།

  2. མེ་ཏོག་དཀར་པོ says:
    2013-04-05 at 12:23 pm

    བཀྲ་ཤིས་ཟེར་བ་བཀྲ་མ་ཤིས།།
    སྐྱེས་པའི་ཞོགས་པར་ཨ་མ་ཤི། །ཀུ་རེ་

  3. རི་རྒྱལ་ཏི་སེ། says:
    2013-04-05 at 12:34 pm

    ཨ་རི་ཞེས་པའི་ཞིང་ཁམས་དེར།།
    མེ་ཏོག་དཀར་པོ་སྐྱེས་བར་ཤོག།
    སྐྱེས་ནས་འདོད་དོན་ཀུན་འགྲུབ་སྟེ།།
    རང་སྐྱོང་བོད་དུ་ཕེབས་པར་སྨོན།།

  4. བན་དེ་བ། says:
    2013-04-05 at 12:52 pm

    མེ་ཏོག་དཀར་པོ་ཨ་རིར་འགྲོ་ནའང་འགྲོ།
    གཡུ་སྦྲང་ང་ལ་སེམས་པ་སྐྱོ་རྒྱུ་མེད།
    མེ་ཏོག་དཀར་པོ་སེར་པོར་འགྱུར་ནའང་གྱུར།
    གཡུ་སྦྲང་ང་ལ་སྐྱོ་རོགས་དགོས་པ་མེད།

    ཉིན་མོ་དགེ་སློང་ཆས་སུ་བརྫུས་ནས་ནི།
    ཆོག་ཤེས་ངེས་འབྱུང་གདམས་པ་འཆད་ཅིང་བཞུགས།
    མཚན་མོ་མི་ནག་ཆས་སུ་སྤྲས་ནས་ནི།
    གཅེར་བུ་ཌནསི་འཁྲབ་སར་འགྲོ་འདོད་ནི།
    སྤྲུལ་གོག་བསྟན་པ་འཛིན་འདོད་ཡིན་ལས་ཆེ།

  5. བན་དེ་བ། says:
    2013-04-05 at 12:56 pm

    ནམ་ཟླ་ཡལ་བའི་མེ་ཏོག་དཀར་པོ་ལགས།
    ད་དུང་དཔྱིད་ཀྱི་དཔལ་ཡོན་ཡིན་མ་བསམ།
    གསེར་སྦྲང་གཡུ་སྦྲང་འབྲོས་པའི་དུས་ལགས་ན།
    སྡོང་སྐམ་མ་མའི་རུམ་འཛུལ་སྟ་གོན་བགྱིས།

  6. མེ་ཏོག་དཀར་པོ says:
    2013-04-05 at 1:00 pm

    ཆོག་ཤེས་མཁན་པོ་ཨོ་རྒྱན་ཉི་མ་རེད། །
    བན་དེ་བ་ཁྱོད་མྱོས་པར་མ་གྱུར་ཏམ། །

  7. བན་དེ་བ། says:
    2013-04-05 at 1:04 pm

    མེ་ཏོག་དཀར་པོས་བན་དེ་སློག་འདོད་དམ།
    དམ་ཚིག་ཉམས་པ་ཅན་དང་ཁ་ལག་གཉིས།
    འདྲེས་སུ་མི་རུང་རྒྱལ་བས་གསུངས་བ་ན།
    སྡིག་པའི་ཉེས་དམིགས་སོམས་ལ་མནོ་མ་བསམ།

  8. མེ་ཏོག་དཀར་པོ says:
    2013-04-05 at 9:41 pm

    བན་དེ་སློག་དང་མ་སློག །
    རང་གི་མཇེ་ལ་འདྲི་གྲོགས།།
    མེ་ཏོག་ཟུམ་ནས་སྡོད་ལ།།
    མ་ཉེས་ཁ་གཡོག་མ་གནང་།།

  9. བཀྲ་ཤིས་ says:
    2013-04-05 at 9:43 pm

    མེ་ཏོག་དཀར་པོ་ཟེར་བའི་མིང་རྫུན་དོན་དང་མི་མཐུན་པ་ཁྱོད་
    ཀུ་རེ་ལ་ཡང་ཁྱོད་ཀྱི་ཕ་ཤི་མ་ཤི་ངས་ནི་མི་ཟེར་ཐག་ཆོད་ཡིན་

  10. མེ་ཏོག་དཀར་པོ says:
    2013-04-05 at 9:51 pm

    དགོངས་དག། བཟོད་གསོལ་ཞུ།

  11. འདྲེ་རྐང་ཐོ། says:
    2013-04-05 at 11:41 pm

    མགྲོན་ཤོག་ཙམ་ཞིག་སྐུར་ཡང་མི་དགོས་ཤིང་། །
    ཆང་ས་རྫུན་མ་རྒྱག་ཡང་མི་དགོས་པར། །
    ཨ་སྒོར་དྲིན་གྱིས་མེ་དཀར་མཛེས་མའི་རྐུབ། །
    བདག་གི་མཇེ་ཡི་ལག་ཏུ་ལྷུང་ས་རེད། །

  12. མེ་ཏོག་དཀར་པོ says:
    2013-04-06 at 3:00 am

    སུས་ཀྱང་མགྲོན་ཤོག་མ་བཏང་ཞིང་། །
    ཡིག་ཆ་རྫུན་མ་མ་བཟོས་ལ། །
    སྟུ་རྐུབ་གཙོང་བར་མ་བྱས་པར། །
    ཨ་རིར་སླེབས་པའི་མེ་ཏོག་ང་། །སྔ་ན་མེད་པའི་རྒྱུའི་རྒྱན་ནོ།།

    མགྲོན་ཤོག་གཏོང་བར་མ་ནུས་ཤིང་། །
    ཡིག་ཆའི་གྲོགས་ཀྱང་མ་བྱས་ལ། །
    ཨ་སྒོར་གཏོང་བར་མ་ནུས་པར། །
    ལམ་སེང་རྐུབ་ལ་དམིགས་འདི་འདྲེ། །

  13. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2013-04-06 at 8:22 am

    ཨ་རིར་བསྐྱོད་འདོད་མེ་ཏོག་དཀར་པོས་མང་དུ་བྲིས།
    ཨ་རིར་ལས་དབང་གིས་སླེབས་ཚེ་འདིའི་འདོད་པས་མིན།
    རྒྱ་གར་སློབ་གྲྭ་ཆེན་པོར་ལེགས་སྦྱར་བོད་རིག་གཞུང་།
    སློབ་བསྐོས་སློབ་མ་མེད་ཀྱང་ཕོག་ལེན་དཀའ་ངལ་མེད།།
    ་
    སོག་པོ་དགེ་བཤེས་དབང་རྒྱལ་དང་པོར་མཇལ།
    ཨ་རིར་ལེན་ན་ཁྱོད་འོང་ཐུབ་བམ་གསུངས།
    གང་ཡང་བསམ་མེད་འོང་ཐུབ་ཞེས་པ་ཞུས།
    དཔེ་ཆ་སྒྱུར་ཚུལ་ཨ་རིར་བདག་སྐོར་གསན།།
    ་
    ཁྱིམ་ན་ཐག་ཉེར་རིགས་གསུམ་མགོན་གྱི་མཆོད་རྟེན་བཞུགས།
    བདག་ཅག་བྱིས་པ་འགའ་ཞིག་དེའི་སྟེང་འཛེགས།
    མཆོད་རྟེན་གཟུང་སྔགས་ཡོད་པ་ཕྱིར་ཁྱེར་འོངས།
    ཀློག་པར་བརྩམས་ཀྱང་སྔགས་ཡིག་ཤེས་པར་དཀའ།།
    ་
    དེ་ནས་ལོ་ངོ་བཅུ་གསུམ་བཅུ་བཞི་སྐབས།
    མཆོད་རྟེན་གཟུངས་བཏོན་ཉེས་པ་ཆེ་བ་ཐོས།
    ན་ཚོད་ལོངས་དུས་གཞིག་སོས་དམ་བཅའ་བྱས།
    རྒྱ་གར་ན་ཡོད་དབུལ་བས་དེ་ནི་མི་ཐུབ་བསམས།།
    ་
    ཨ་རིའི་སློབ་གྲྭར་སློབ་སྦྱོང་བྱེད་སྐབས་སུ།
    སློབ་དཔོན་ཨེ་ལེགས་མཆོག་གི་ཐབས་ཤེས་ཀྱིས།
    མངོན་བརྗོད་སྣ་ཚོགས་གསལ་བ་ལེགས་སྦྱར་བོད།
    གཏན་འབེབས་བྱེད་པར་ཨ་སྒོར་ཕོག་ཐོབ་གྱུར།།
    ་
    དེ་ཡིས་རིགས་གསུམ་མགོན་པོའི་མཆོད་རྟེན་ཆེ།
    ཐོག་ཚད་གསུམ་ཅན་རྣམས་ལ་གཞིག་སོས་ཞུས།
    ལ་དྭགས་སྐྱེ་བོ་འགའ་ཡིས་མཐོང་བ་ན།
    བསོད་ནམས་ཅན་ཞེས་རྗེས་རངས་བྱེད་པ་ཐོས།།
    ་
    ལོ་ངོ་ཉེར་ལྔ་ལས་ལྷག་གཏམ་ཞིག་ལགས།
    བ་མགོ་མཁར་གྱི་བྱམས་ཁང་རྣམ་གསུམ་ལའང་།
    ཧོར་ནག་དབང་ཕྱུག་སོགས་ཀྱིས་གཞིག་སོས་ལ།
    ཞབས་ཏོག་ཕྲན་བུ་ཞུ་ཐུབ་སྐལ་བ་བཟང་།།

    ་

  14. ཀརྡོ་གཉེར་ཕྱག་པ་ says:
    2013-04-06 at 10:32 am

    ཁ་ཤས་ལྷ་ཡུལ་འགྲོ་སྙིང་འདོད། །
    ཁ་ཤས་ཕ་ཡུལ་འགྲོ་སྙིང་འདོད། །
    ཁ་ཤས་ཨ་རིར་འགྲོ་སྙིང་འདོད། །
    ང་ནི་སྐྱེས་སར་ལོག་སྙིང་འདོད། །

  15. འདྲེ་རྐང་ཐོ། says:
    2013-04-06 at 11:33 am

    ཨ་རིར་ཞེས་པ་སྐད་གྲགས་ཆེ་ན་ཡང་། །
    ཨ་སྒོར་འདི་ཡང་རིན་ཐང་ཆེ་ན་ཡང་། །
    ཨམ་སྐད་ལ་ཡང་རིན་ཐང་མི་འདུག་པས། །
    ཨ་མདོའི་ཕོ་གསར་ང་ནི་སུན་ནས་ཡོད། །

  16. འདྲེ་རྐང་ཐོ། says:
    2013-04-06 at 11:40 am

    ཨ་སྒོར་ཡིག་ཆའི་རོགས་ཤིག་མ་ཐུབ་པར། །
    ཨ་ཅག་མཛེས་མ་ཁོང་ཁྲོ་མ་ཟ་ར། །
    ཨ་རིར་སླེབས་པའི་ཉིན་མོ་དེ་ལ། །
    ཨ་རིའི་གནམ་ཐང་བསུ་བ་ཡོང་ཆོག །

  17. དྲན་དཀར་དཔལ་ཡོན་ says:
    2013-04-06 at 12:12 pm

    ཨ་མདོ་བ་ལ་ཨོང་ཚིགས་མེད།
    ཨོང་ཚིགས་ཅན་ལ་ཨམ་སྐད་མེད།
    འདི་ལྟའི་བྱུང་བས་སྤྱི་ཁོག་ནི།
    འདྲེ་མིན་ལྷ་རྐང་ཅན་གྱི་ཤེས།
    ཧ་ཧོ་རྐང་ཐོ་ལའོ།

  18. ནུབ་ཕྱོགས་གངས་ཕྲུག་ says:
    2013-04-06 at 12:37 pm

    ཨ་རི་ལུང་པ་སྐྱབས་བཙོལ་སྡོད་གནས་བཟང་།
    ཨ་རི་ལུང་པ་རང་དབང་མང་གཙོ་ལེགས།
    ཨ་རི་ལུང་པ་དཔལ་འབྱོར་ཤེས་བྱ་རྒྱས།
    ཨ་རི་ལུང་པ་ཐམས་ཅད་འཛོམས་པའི་གནས།

  19. མེ་ཏོག་དཀར་པོ says:
    2013-04-06 at 12:43 pm

    ནུབ་ཕྱོགས་ལགས།
    དེ་ཕྱིར་མེ་དཀར་ཨ་རིར་འགྲོ་འདོད་པའོ།།

  20. བན་དེ་བ། says:
    2013-04-06 at 2:08 pm

    ཨ་རིའི་ལུང་པར་ལས་མེད་སྡོད་ས་མེད།
    ཨ་རི་ཡུལ་མིའི་སེམས་ལ་ཀྲེན་ཤོན་མང།
    ཨ་རི་ཡུལ་མིའི་སེམས་ལ་ཌེ་པེ་རེས་མང།
    དེའི་ཕྱིར་ཨ་རིར་འགྲོ་འདོད་སྨྱོན་པ་ཡིན།

  21. མེ་ཏོག་དཀར་པོ says:
    2013-04-06 at 4:08 pm

    ཊེན་ཤོན་མེད་པའི་ས་གཅིག་ག་ན་ཡོད། །
    ཌིབ་པེརས་མེད་པའི་མི་ཞིག་དཀོན་མོ་ཡིན།།
    ཨིན་ཇོའི་མེད་པའི་གླིང་འདིར་སྡོད་པ་ལས།།
    ཝོལཌ་གི་སུབ་པར་ཨ་རིར་འགྲོ་འདོད་བྱུང་།

  22. ལོ་མ་ལྗང་ཁུ says:
    2013-04-06 at 6:41 pm

    ཨ་རིར་འགྲོ་འདོད་མེད་མཁན་གང་ན་ཡོད་།
    སྟོད་ནས་གཞུང་ཞབས་རྒན་པོ་ཨ་རིར་འགྲོ
    སྨད་ནས་བླ་མ་བྱང་སེམས་ཨ་རིར་འགྲོ
    བར་ནས་མི་རྐྱང་སྡོམ་པོ་ཨ་རིར་འགྲོ
    མཐོང་ན་མཛེས་ཉམས་ཅན་མ་ཨ་རིར་འགྲོ
    ལྟས་ན་ཕོ་ཉམས་ཅན་པོ་ཨ་རིར་འགྲོ
    ཡོད་ན་རྒྱུ་ནོར་ཅན་རྣམས་ཨ་རིར་འགྲོ
    མེད་ན་སྤྲང་འདོག་འདྲ་པོ་ཨ་རིར་འགྲོ
    གཞོན་པ་ཉིན་གསུམ་བྱིས་པ་ཨ་རིར་འགྲོ
    རྒན་པོ་དགུང་ལོ་རྒྱད་ཅུ་ཨ་རིར་འགྲོ
    མ་འདུག་མ་འདུག་མེ་ཏོག་དཀར་པོ་ཡ་།
    ནུབ་ཕྱོགས་ཨ་རི་བདེ་ལྡན་ཞིང་ཁམས་ན་།
    ཡོད་ཚད་སྒྱུ་མ་མཁན་པོའི་འཕྲུལ་འཁོར་ཡིན་།
    རིགས་ཚད་གྲོག་མ་ནང་བཞིན་བྲེལ་ཅིང་འཚུབ་།
    མ་འདུག་མེ་ཏོག་དཀར་པོ་ཨ་རིར་སོང་།

  23. མེ་ཏོག་དཀར་པོ says:
    2013-04-06 at 11:21 pm

    Economy ཨ་རིར་ཡག །
    Education ཨ་རིར་ལེགས། །
    Human right ཀྱང་ཨ་རིར་བཟང་།།
    Sex ཀྱང་free སྣང་བ་སྐྱིད།།
    Fashion ཚང་མ་འདི་ནས་དར།།
    ཨ་རི་ཞེས་པའི་རྒྱལ་ཁབ་འདི།།
    བདེ་ལྡན་ཞིང་ཁམས་ངོ་མ་རེད།།

  24. འདྲེ་རྐང་ཐོ། says:
    2013-04-06 at 11:52 pm

    གྲྭ་ཆས་གཡུག་ན་འདོད་ན་ཨ་རིར་ཤོག །
    སྐད་རིག་མཉམ་བསྲེས་འདོད་ན་ཨ་རིར་ཤོག །
    བོད་ཡིག་བརྗེད་དུ་འདོད་ན་ཨ་རིར་ཤོག །
    ཚེ་གང་མི་གཡོག་འདོད་ན་ཨ་རིར་ཤོག །

  25. བན་དེ་བ། says:
    2013-04-07 at 12:20 am

    ༡༽tension དངང་འཚབ་དགོས་ན་ཨ་རིར་ཕེབས། (ལས་ཀའི་དུས་ཚོད་ཀྱི་སྟེང་དུ་སླེབས་མི་ཐུབ་ཅིང་ཟླ་རེར་ཁང་གླ་ཁ་པར་གྱི་གླ་འཕྲོད་བསྟེན་གྱི་ཆེད་ཀྱི་དངུལ་སྤྲོད་མི་ཐུབ་པའི་སྟེང་དུ་རྗེས་སུ་ལུས་པའི་བུ་ཕྲུག་ཕ་མ་མཛའ་གྲོགས་སོགས་ཀྱིས་ཁ་པར་འབྱོར་ནས་རྟག་པར་དུ་དངུལ་སྐུར་རོགས་་་ཨ་ཡི་ཕོན་སྐུར་རོགས། ལྷམ་སྐུར་རོགས། གློག་ཀླད་སྐུར་རོགས། མི་གཞན་གྱིས་ཁྱོད་ཀྱི་ཆུང་མའམ་མཛའ་མོར་བུ་གཞན་པ་དགའ་བོ་ཡོད་རབས་སོགས་གཏམ་མི་སྙན་པ་རྐྱང་གོ་ནས་སེམས་ཚོར་སྡུག་གིས་མནར་བ།)
    ༢༽depression སེམས་ནད་དགོས་ན་ཨ་རིར་སོང། (བསམ་བློར་མི་དྲན་དགུ་དྲན་མིག་གིས་མི་མཐོང་དགུ་རྣ་བས་མི་ཐོས་དགུ་ཐོས་སོགས་ཀྱིས་རྐྱེན་པས་རང་སྡུག་རང་གིས་བཟོས་པ་ལས་བྱུང་བའི་སྡུག་བསྔལ་འདི་ཞེས་བཤད་དུ་མེད་པའི་སེམས་ནད།)
    ༣༽lonley ཚོར་སྣང་དགོས་ན་ཨ་རིར་བྱོན། (གྲོགས་པོ་གྲོགས་མོ་ཤ་ལས་མཆེད་པའི་བུ་ཕྲུག་རྣམས་རྒྱ་བོད་བལ་འབྲུག་སོགས་སུ་མཐོང་ཆེན་ཤོག་བུ་མ་ཐོབ་ནས་ལུས་པ་དང་རང་གི་ཤག་རོགས་དང་ལས་དུས་མི་གཅིག་ཅིང་ཕལ་ཆེར་ཟླ་བ་རེའི་ནང་དུའང་སྐད་ཆ་ཚིག་གཅིག་ཀྱང་བཤད་རྒྱུའི་དལ་ཁོམས་མེད་པ་དང། རང་གི་ཁྱིམས་མཚེས་ནི་ངོ་མི་ཤེས། ཁོ་ཡི་སར་ཤོག་ཅེས་བཤད་མཁན་ནི་མེད། དྭ་ཕྲུག་ཐང་སྟོང་དུ་ལུས་པ་ལྟར་གྱི་རང་ཉིད་ཁེར་རྐྱང་དུ་ལུས་པའི་བསམ་བློའི་ཚོར་བ་ཞིག)
    ༤༽sadness མཁོ་བར་འདོད་ན་ཨ་རིར་རྒྱུགས། (ཕ་མ་སྤུན་ཟླ་ཉེ་དྲུང་འབྲེལ་བ་གྲོགས་པོ་རྣམས་ལྔ་བའི་ལམ་དུ་ཆས་ཀྱང་ཁ་ལ་ཆུ་ཕོར་གང་ཀྱང་བླུགས་དབང་མེད་པའི་ཐག་རིང་མི་ཡུལ་དུ་ལུས་ནས་སེམས་མྱ་ངན་གྱིས་མནར་བ།)

  26. བན་དེ་བ། says:
    2013-04-07 at 12:27 am

    དྲ་གྲོགས་མེ་ཏོག་དཀར་པོ།
    ཨ་རིར་ཕེབས་པར་འདོད་ན།
    སྔོན་ནས་ང་ཡི་གདམས་པར།
    ཡང་ཡང་གཟིགས་པ་གནང་རོགས།

    རྗེས་སུ་འགྱོད་པ་བྱུང་དུས།
    ལེ་ཁག་དཀྲི་ས་མེད་དོ།
    དེ་དུས་གདམས་པ་འདི་ཉིད།
    དཀར་པོ་ཆིག་ཐུབ་ཉིད་དུ་ཤེས།

  27. བན་དེ་བ། says:
    2013-04-07 at 12:28 am

    དཀར་པོ་ཆིག་ཐུབ་ཉིད་དོ། ཞེས་པར་བཅོས་རོགས།

  28. བསམ་ཤེས། says:
    2013-04-07 at 1:07 am

    རང་དབང་ངོ་མ་དགོས་ན་ཨ་རིར་ཕེབས།
    ཆོས་ལུགས་འདྲ་མཉམ་དགོས་ན་ཨ་རིར་ཕེབས།
    བླ་མ་སྒོར་མོ་འདོད་ན་ཨ་རིར་ཕེབས།
    དགེ་བཤེས་མནའ་མ་དགོས་ན་ཨ་རིར་ཕེབས།

    ཨ་ནི་མནའ་མར་འགྲོ་ན་ཨ་རིར་ཕེབས།
    ཨ་རི་མནའ་མར་ལེན་ན་ཨ་རིར་ཕེབས།
    གྲ་པ་ཨ་ནེ་སྒྲིག་ན་ཨ་རིར་ཕེབས།
    སྔགས་པ་སྔགས་མ་སྦྱོར་ན་ཨ་རིར་ཕེབས།

    ཤན་པ་སྒོམ་ཆེན་འདོད་ན་ཨ་རིར་ཕེབས།
    ཁྲམ་པ་གོ་གནས་དགོས་ན་ཨ་རིར་ཕེབས།
    རྐུན་མ་ཁྲིམས་དཔོན་འདོད་ན་ཨ་རིརི་ཕེབས།
    རྒྱ་མིའི་བསོ་པ་བྱེད་ན་ཨ་རིར་ཕེབས།

    ཕོ་གསར་ཨི་ཁུང་དགོས་ན་ཨ་རིར་ཕེབས།
    མོ་གསར་ཁ་ནང་འདོད་ན་ཨ་རིར་ཕེབས།
    ནག་པོ་མཇེ་ཆེན་དགོས་ན་ཨ་རིར་ཕེབས།
    རྒྱ་མོའི་སྟུ་ལ་འདོད་ན་ཨ་རིར་ཕེབས།

    ལུང་ཁྲིད་རྟོག་པ་དགོས་ན་ཨ་རིར་ཕེབས།
    གསང་སྔགས་དབང་ཆེན་དགོས་ན་ཨ་རིར་ཕེབས།
    བླ་མའི་མཇེ་ལ་བརྔམས་ན་ཨ་རིརི་ཕེབས།
    སློབ་མའི་སྟུ་ལ་འདོད་ན་ཨ་རིར་ཕེབས།

    སྲིང་མོ་མནའ་མར་ལེན་ན་ཨ་རིར་ཕེབས།
    བཟའ་ཚང་ཁ་སྟོར་དགོས་ན་ཨ་རིར་ཕེབས།
    ཕ་མ་སྤངས་དགོས་བྱུང་ན་ཨ་རིར་ཕེབས།
    ཕ་ཡུལ་སྤོངས་དུ་བསམ་ན་ཨ་རིར་ཕེབས།

    རང་ཤི་རྒྱག་དགོས་བསམ་ན་ཨ་རིར་ཕེབས།
    སྨྱོན་པ་ཆགས་དགོས་བསམ་ན་ཨ་རིར་ཕེབས།
    དམྱལ་བ་འགྲིམ་དགོས་བསམ་ན་ཨ་རིར་ཕེབས།
    བར་མདོ་འགྲིམས་དགོས་བསམ་ན་ཨ་རིར་ཕེབས།

    གང་ལྟར་འདི་ལ་མེད་པའི་སྣ་ནི་མེད་པ་དང་།
    ཡོད་པའི་གྲངས་ཀྱང་བགྲང་ནི་མི་ཐུབ་པས།
    ཐམས་ཅད་ཡོད་པར་འདོད་ཀྱང་ཨ་རི་ལགས།
    སྙིང་པོ་མིན་འདུག་སྙམ་ཡང་ཨ་རི་ལགས།

  29. མེ་ཏོག་དཀར་པོ says:
    2013-04-07 at 1:54 am

    ཨ་རིར་མ་སླེབས་གལ་ཏེ་ཤི་སོང་ན།།
    གཤིན་རྗེ་རྒྱལ་པོས་བཀའ་བཀྱོན་གཏོང་གི་ཞེས།།
    ན་ཉིན་བར་དོར་སོང་བའི་གྲོགས་པོ་དེས།།
    ང་ལ་SMS ཞིག་བཏང་བྱུང་ངོ་།།

  30. བན་དེ་བ། says:
    2013-04-07 at 2:16 am

    ཧ་ཧ་ཧ་གྲོགས་མེ་ཏོག་འདི་ལ་བསླབ་བྱ་ག་ཚད་བྱས་ཀྱང་ཉན་གྱི་མི་འདུག དེ་ཡིན་ན་ཁྱེད་རང་ཕ྄ེབས་རོགས་གནང།

    གྲོགས་ཀྱིས་གདམས་པར་མ་ཉན་ཅིང།
    རང་གིས་གདེང་ཚོད་མ་བྱས་ཤིང།
    ཐ་མ་ཌེན་ཤོན་ཆགས་ནས་ལོག་ཤོག
    དེ་དུས་འགྱོད་ཀྱང་སྔོན་ལས་རེད།

  31. དྲི་མེད་ལྷག་བསམ། says:
    2013-04-07 at 2:29 am

    ཨེ་མ། ངེས་འབྱུང་སད་སུད་སྐྱེ་བའི་མེ་ཏོག་དཀར་པོ། །ཆོས་པའི་བག་ཆགས་ཡོད་པའི་གསར་བརྗེ་མཁན་པོ། །སྐྱེ་འཆི་སེམས་སུ་ཤེས་ན་ཁྱད་པར་མི་འདུག །གྲྭ་ཆས་གྲོང་ཆས་རན་ཚད་ལུས་ལ་གྱོན་ཅིག །ཐལ་སྐད་ཐོར་ཐོར་སྨྲ་བའི་མེ་ཏོག་དཀར་པོ། །སྤྲུལ་གཟུགས་བོན་ལ་སྡང་པའི་ཕྱོགས་རིས་མཁན་པོ། །ཁ་ཙམ་ཀྱལ་ཀ་ཡིན་ན་ཁྱད་པར་མི་འདུག །བཟང་ངན་ཚིག་གིས་ཁ་བརྡར་འབྲེལ་འཇོག་ཨེ་འདོད། །འགྲོ་འདོད་ལིང་ལིང་འཕྱོ་བའི་མེ་ཏོག་དཀར་པོ། །འདོད་ཁམས་བདེ་བ་གཉེར་བའི་ཆགས་པའི་རྒྱལ་པོ། །གཙུག་ལག་སྲུང་སྤེལ་ཡིན་ན་ཁྱད་པར་མི་འདུག །རྒྱ་གར་ཨ་རི་གང་འདོད་ཅི་དགར་འགྲིམ་མཛོད། །གསང་སྔགས་ཆལ་ཆོལ་འཆད་པའི་མེ་ཏོག་དཀར་པོ། །དག་སྣང་ཡད་ཡུད་འཆར་བའི་ཉམས་ལེན་ཅན་པོ། །འཁོར་འདས་དབྱེར་མེད་ཤེས་ན་ཁྱད་པར་མི་འདུག །བག་ཡངས་བཏུལ་ཞུགས་སྤྱོད་པ་ཅི་བདེར་སྐྱོངས་ཤིག །ཅེས་པའང་པདྨ་དཀར་པོར་སྐྱོ་བསང་གི་མཚར་གཏམ་མོ། །

  32. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2013-04-07 at 12:47 pm

    སང་ཉིན་འདི་ནས་ཨ་རིའི་ཕྱོགས་སུ་འགྲོ།
    ཟླ་གསུམ་མ་ཟིན་ཙམ་ལ་དེ་རུ་སྡོད།
    བཀའ་འགྱུར་དཔེ་ཆ་འགའ་ཞིག་སྦྱང་དགོས་ཡོད།
    སླར་འདིར་ནགས་མཐའི་བྱ་སྐད་ཉན་དུ་འཁོར།།

  33. མེ་ཏོག་དཀར་པོ། says:
    2013-04-07 at 12:53 pm

    རྒན་ལེ། ཕྱག་འཚལ།
    མགྲོན་པོ་དག་ནི་ཐམས་ཅད་ལ།།
    ཕྱོགས་རྣམས་ཐམས་ཅད་བདེ་བར་འགྱུར།།
    གང་གི་དོན་དུ་འགྲོ་བྱེད་པ།།
    དེ་འབད་མི་དགོས་འགྲུབ་གྱུར་ཅིག ། ཅེས་གསུངས་པ་ལྟར་རྒན་ལེ་སྐུ་འཚོ་དྭངས་ཤིང་ཐུགས་བསམ་འགྲུབ། བཀའ་འཚལ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (80)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (40)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (14)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (8)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme