Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཨ་རིའི་སྲིད་འཛིན་འཇོར་རྗེ་ཝ་ཞིན་ཀྲོན་གྱི་གཞིས་ཀ

Posted on 2014-04-152014-04-15 By ཁ་བརྡ་ 10 Comments on ཨ་རིའི་སྲིད་འཛིན་འཇོར་རྗེ་ཝ་ཞིན་ཀྲོན་གྱི་གཞིས་ཀ

དཔལ་ལྡན་རྒྱལ།

unnamed-5ཟླ་བ་བཞི་བའི་ཚེས ༡༣ཉིན། ངའི་བཟའ་ཟླ་དང་། བུ་ཕྲུག་གཉིས། ཚ་བོ་བཅས་ནང་མི་ཚང་མ་ཨ་རིའི་སྲིད་འཛིན་དང་པོ་འཇོར་རྗེ་ཝ་ཞིན་ཀྲོན་གྱི་གཞིས་ཀ མོང་ཐི་ཝར་ནན་ལ་ལྟ་བསྐོར་དུ་སོང་བ་ཡིན། རྒྱལ་ས་ཝ་ཞིན་ཀྲོན་གྱི་ལྷོ་ནུབ་ཕྱོགས་སུ་རླངས་འཁོར་བསྐོར་ནས་སོང་ན་དུས་ཚོད་ཕྱེད་ཀའི་ནང་གནས་དེར་སླེབས་ཐུབ། མོང་ཐེ་ཝར་ནོན་ནི། ཨ་རིའི་སྲིད་འཛིན་དང་པོ་འཇོར་རྗེ་ཝ་ཞིན་ཀྲོན་ ༼༡༧༣༢-༡༧༩༩༽གྱི་གཞིས་ཀ་ཡིན།

རྒྱལ་ས་ཝ་ཞིན་ཀྲོན་ནས་མེལ་༡༤ མཚམས་སུ་ཝི་རྗེ་ནེ་ཨ་མངའ་སྡེའི་ནང་ཡོད། ཡུལ་ལྗོངས་མཛེས་སྡུག་ལྡན་ཞིང་། ཕའོ་ཀྲོ་མ་ཁུ་གཙང་བོ་ཡང་གཞིས་ཁྱིམ་འདིའི་རྒྱབ་ངོས་སུ་དལ་ལྷོད་ངང་རྒྱུ་བཞིན་པ་དེས་མིའི་སེམས་ལ་རང་བཞིན་གྱིས་ཞི་བདེ་ལྷོད་འཇགས་ཞིག་བསྐྱལ་ཡོང་། གཞིས་ཀ་འདི ༡༦༧༤ ལོ་ནས་སྲིད་འཛིན་དང་པོའི་འཇོར་རྗེ་ཝ་ཞིན་ཀྲོན་གྱི་ཡབ་མྱེས་ལ་བདག་ཡོད་པ་དང་།
༡༧༧༧ལོའི་ཟླ་བ་གསུམ་པའི་ནང་། འཇོར་རྗེ་ཝ་ཞིན་ཀྲོན་སྲིད་འཛིན་ནས་ལས་འཁྱུར་གནང་རྗེས། གཞིས་ཀ་འདིར་ཕེབས་ནས་ས་ཞིང་རྨོ་འདེབས་དང་། སྡོང་འཛུགས་ནགས་བསྐྲུན་གྱི་ལས་ལ་ཞུགས། ཡིན་ནའང་ཁོང་གཞིས་ཀ་འདིར་གཏན་སྡོད་བྱས་ནས་བག་ཕེབས་ཀྱི་འཚོ་བ་ཞིག་རོལ་འགོ་ཚུགས་ནས་ལོ་གཉིས་ཙམ་གྱི་རྗེས། ༡༧༩༩ལོའི་ཟླ་བ་བཅུ་གཉིས་པའི་ཚེས་༡༤ ཉིན་གཞིས་ཁྱིམ་འདིར་དགོས་པ་རྫོགས་འདུག དེང་སྐབས་གཞིས་ཁྱིམ་འདིར་སྲིད་འཛིན་དང་པོའི་འཇོར་རྗེ་ཝ་ཞིན་ཀྲོན་གྱིས་བེད་སྤྱོད་གནང་བའི་ཆ་ལག་ཆ་ཚང་འགྲེམས་སྟོན་གྱི་ཚུལ་དུ་བཞག་ཡོད། དཔེར་ན། ཁོང་སྲིད་འཛིན་ཆགས་རྗེས་ཐོག་མར་བཞུགས་སའི་རྐུབ་སྟེགས་དང་། སྲིད་འཛིན་དགོངས་པ་རྫོགས་སའི་ཉལ་ཁྲི་སོགས་སྔོན་ལ་ཁོང་བཞུགས་སྐབས་ནང་བཞིན་བཞག་འདུག སྲིད་འཛིན་དང་པོའི་འཇོར་རྗེ་ཝ་ཞིན་ཀྲོན་གྱིས་རང་དབང་གལ་ཆེན་ཡིན་པའི་ཐད་འདི་འདྲ་ཞིག་གསུངས་ཡོད། ༼གལ་ཏེ་སྨྲ་བརྗོད་རང་དབང་འཕྲོག་པ་ཡིན་ན། ལྐུག་འཐོམས་དང་། ངག་བཅད་ཀྱིས་ང་ཚོ་ལུག་ལྟར་དམར་གསོད་བཏང་རྒྱུའི་ལམ་དུ་ཁྲིད་ངེས་རེད།༽ ༼གུ་ཡངས་དང་། རང་དབང་གི་རྩ་བ་ཚུགས་དུས། ཤིང་སྡོང་དེ་མགྱོགས་མྱུར་ངང་འཚར་ལོངས་བྱུང་ངེས་རེད།༽ཞེས་དང་། ཡང་ཁོང་གིས། ༼ཞི་བདེ་སྐྲུན་རྒྱུ་ནི་དགྲ་བོ་ཐུག་འཕྲད་གནང་བར་གྲ་སྒྲིག་ཡག་པོ་ཞིག་བྱེད་རྒྱུའི་ཐབས་ལམ་ལས་ལེགས་པ་ཞིག་མེད།༽ཞེས་གསུངས་ཡོད།unnamed-6

༢༠༠༠ ལོ་ནས་ཨ་རིའི་སྲིད་འཛིན་འཇོར་རྗེ་ཝ་ཞིན་ཀྲོན་གྱི་གཞིས་ཀ་འདི་བོད་ལ་ཡང་འབྲེལ་བ་ཡོད་པ་ཞིག་ཏུ་གྱུར། དེ་ནི་ངའི་སྤུན་ཆུང་ཚེ་རིང་དོན་གྲུབ༢༠༠༠ལོ་ནས་གཞིས་ཁྱིམ་འདི་བདག་གཅེས་བྱེད་མཁན་གྱི་ལས་བྱེད་ཞིག་ཏུ་གྱུར། གྲོགས་པོ་རྣམས་འཛོམས་སྐབས་ང་ཚོས་ཚེ་རིང་དོན་གྲུབ་ལ། ཨ་རིའི་སྲིད་འཛིན་འཇོར་རྗེ་ཝ་ཞིན་ཀྲོན་གྱི་ཕྱག་མཛོད་ཞེས་འབོད་བཞིན་ཡོད།
གནས་འདིར་ཨ་རིའི་རྒྱལ་ནང་གཙོས་པའི་འཛམ་གླིང་གང་ས་ནས་ཡུལ་བསྐོར་སྤྲོ་འཆམ་པ་ས་ཡ་མང་པོ་ཡོང་བཞིན་ཡོད་ལ། མི་གྲངས་ཆེས་མང་དུས་ཉིན་གཅིག་ལ་མི་གྲངས་བདུན་སྟོང་ལྷག་ལྟ་བསྐོར་དུ་ཡོང་ཀྱིན་ཡོད་འདུག ནང་འཛུལ་གྱི་འཛིན་བྱང་ལ་མི་རེར་ཨ་སྒོར་༡༨ རེད་འདུག སྲིད་འཛིན་གྱི་བོད་པའི་ཕྱག་མཛོད་དེ་ངོ་ཤེས་ན་འཛིན་བྱང་ཉོ་མི་དགོས་བར་དམིགས་བསལ་སྐུ་མགྲོན་ཕེབས་སའི་སྒོ་ཆུང་བརྒྱུད་ནས་འགྲོ་ཐུབ།

ལོ་རྒྱུས།

Post navigation

Previous Post: སྐྱེ་རྒུ་མདོ ད་དུང་ཡང་ང་ཚོའི་སེམས་ཁོང་ན་ཡོམ་ཡོམ་འདར་བའི་སྐྱོ་བ་ཞིག
Next Post: བོད་ཕམ་ཉེས་ལས་བླངས་བའི་བསླབ་བྱ་དང་ཐབས་ཇུས།

Comments (10) on “ཨ་རིའི་སྲིད་འཛིན་འཇོར་རྗེ་ཝ་ཞིན་ཀྲོན་གྱི་གཞིས་ཀ”

  1. རྨ་ཆུ་སྐལ་བཟང་། says:
    2014-04-15 at 2:37 pm

    ཧ་ཧ་ཧ་དེ་ཐབས་ལམ་ཡག་པོ་ཞིག་རེད།
    གོང་གིས་སྲིད་འཛིན་གྱིས་་་ཞི་བདེ་སྐོར་གསུངས་དྲང་བ་དེའི་གོ་བ་མི་ལོན་གིས་ངའི་བསམ་ན་
    ཕར་ཆེར་ཡི་གེ་ཞིག་ཆད་ལྷག་ཤོར་བ་འདྲ།། (ནས)ལྟ་བུ།

  2. ཤར་པ་ says:
    2014-04-16 at 5:44 am

    ༄༄། ཞེ་བདེ་སྐྲུན་རྒྱུ་དེ་དགྲ་བོ་ཐུག་པ་དང་འཕྲད་པ་མདོར་ན་དགྲ་བོ་ལ་ཁ་གཏད་བཅའ་རྒྱུ་སོགས་དགྲ་བོ་ལ་གདོང་ལེན་བྱེད་པའི་ཐབས་ལམ་མམ་གྲ་སྒྲིག་དེ་ལས་ལྷག་པ་མེད་དོན་ཡིན་ནམ་བསམ།

  3. བྱམས་པ says:
    2014-04-16 at 8:17 am

    རང་དབང་དང་ཞི་བདེ་ཧཧཧཧཧཧཧཧཧ ས་གནས་ཀྱི་མི་རིགས་་་red India རྩ་མེད་བཟོས་ནས་རང་དབང་དང་ཞི་བདེ་མེ་མདའི་རྩེ་ལ་ཡོད་རེད

  4. ཀརྡོ་གཉེར་ཕྱག་པ་ says:
    2014-04-16 at 10:36 am

    ཁང་བརྩེགས་ཐོག་ཁའི་དམར་མདང་འདི། རེཊ་ཨིན་ཌི་ཡྰན་གྱི་མི་རིགས་དཔའ་བོ་རྣམས། མར་གསོད་བཏང་བའི་ཁྲག་དྲི་བྲོ་བཞིན་ཡོད་ངེས་རེད་སྙམ་ལགས། ཧཧཧ།། །།

  5. ལྷ་བྱ་འཕུར་མ། says:
    2014-04-16 at 12:33 pm

    ཁ་བརྡ་ཀློག་ན་སྐྱིད་པོ་འདུག་སྐུ་ཞབས་དཔལ་ལྡན་རྒྱལ་ལགས

  6. ཀརྡོ་གཉེར་ཕྱག་པ་ says:
    2014-04-16 at 12:47 pm

    འཇོར་རྗེ་ཝ་ཞིན་ཀྲོན།
    http://www.biography.com/people/george-washington-9524786#revolutionary-leadership&awesm=~oBCaFJaunPD9Qq

  7. ཀརྡོ་གཉེར་ཕྱག་པ་ says:
    2014-04-16 at 1:39 pm

    George Washington and the Indians
    From an Indian perspective, his presidency also established much of the basis for the federal Indian policies. Like other non-Indians of this era, he viewed Indians as a vanishing people, or at least a people who at some time in the near future would cease to exist in the United States. Indians were to either die out, migrate, or become totally assimilated.
    ཅིག་གིས་བོད་སྐད་དུ་་་་་་

  8. དཔལ་ལྡན་རྒྱལ says:
    2014-04-16 at 2:59 pm

    རྣམ་པ་ཚོས་དགོངས་ཚུལ་གསུངས་བར་བཀའ་དྲིན་ཆེ། གསལ་བཤད་བྱེད་རྒྱ་ཞིག་ལ། ངའི་བུ་ཆུང་སློབ་གྲ་ནས་བདུན་གཅིག་རིང་དཔྱིད་ཀའི་གུང་གསེང་ཡིན། སྐབས་འདི་དག་བསྟུན་ནས་ངས་ཀྱང་བདུན་གཅིག་རིང་ལས་ཀ་ནས་དགོངས་ཞུས་ཏེ། རྒྱལ་ས་ཝ་ཤིན་ཀྲོན་གྱི་ཉེ་མཁྲིས་ཀྱི་གནས་ཁག་ཅིག་ལ་ལྟ་བསྐོར་དུ་བསྐྱོད་པ་དང་མཉམ་དུ་། རྣམ་པ་ཚོར་ཁ་བརྡ་ཚུལ་དུ་རྩོམ་ཐུང་ཁ་ཤས་ཕུལ་བཞིན་ཡོད།དེ་བས་རྩོམ་ཐུང་འདི་དག་ལ་གཟབ་ནན། དཔྱད་གླེང་སོགས་ཀྱི་རིན་ཐང་མེད། མ་འོངས་པའི་་ཉིན་ཁ་ཤས་རིང་གནས་བསྐོར་ཟིན་ཐུང་ཁ་ཤས་ཕུལ་ངེས་ཡིན།
    ཨ་རིའི་སྡོད་མའི་མི་ཡི་སྐོར་ཤེས་འདོད་ན། ཕྲན་གྱིས་ལོ་ལྔའི་གོང། ས་གནས་སུ་དངོས་སུ་བཅར་ནས་བྲིས་པའི་༼ཨ་རིའི་གདོད་མའི་མི་ཡི་གནས་ཚུལ་ཟུར་ཅིག༽ http://www.paldengyal.com/?p=994
    ཅེས་པའི་རྩོམ་ཡིག་འདི་ཀློག་ན་གནས་ཚུལ་རོབ་ཙམ་ཤེས་རྟོགས་ཡོང་རྒྱུར་ཕན་པར་སྙམ།

  9. དཔལ་ལྡན་རྒྱལ། says:
    2014-04-16 at 8:55 pm

    རྣམ་པ་ཚོས་དགོངས་ཚུལ་གསུངས་བར་བཀའ་དྲིན་ཆེ། གསལ་བཤད་བྱེད་རྒྱ་ཞིག་ལ། ངའི་བུ་ཆུང་སློབ་གྲ་ནས་བདུན་གཅིག་རིང་དཔྱིད་ཀའི་གུང་གསེང་ཡིན། སྐབས་འདི་དང་བསྟུན་ནས་ངས་ཀྱང་བདུན་གཅིག་རིང་ལས་ཀ་ནས་དགོངས་པ་ཞུས་ཏེ། རྒྱལ་ས་ཝ་ཤིན་ཀྲོན་གྱི་ཉེ་མཁྲིས་ཀྱི་གནས་ཁག་ཅིག་ལ་ལྟ་བསྐོར་དུ་བསྐྱོད་པ་དང་མཉམ་དུ་། རྣམ་པ་ཚོར་ཁ་བརྡའི་ཚུལ་དུ་རྩོམ་ཐུང་ཁ་ཤས་ཕུལ་བཞིན་ཡོད།དེ་བས་རྩོམ་ཐུང་འདི་དག་ལ་གཟབ་ནན་ངང་བསམ་ཞིབ་དང་། དཔྱད་གླེང་སོགས་ཀྱི་རིན་ཐང་མེད། མ་འོངས་ཉིན་ཁ་ཤས་རིང་གནས་བསྐོར་ཟིན་ཐུང་ཁ་ཤས་ཕུལ་ངེས་ཡིན།
    ཨ་རིའི་སྡོད་མའི་མི་ཡི་སྐོར་ཤེས་འདོད་ན། ཕྲན་གྱིས་ལོ་ལྔའི་གོང། ས་གནས་སུ་དངོས་སུ་བཅར་ནས་བྲིས་པའི་༼ཨ་རིའི་གདོད་མའི་མི་ཡི་གནས་ཚུལ་ཟུར་ཅིག༽ http://www.paldengyal.com/?p=994
    ཅེས་པའི་རྩོམ་ཡིག་འདི་ཀློག་ན་གནས་ཚུལ་རོབ་ཙམ་ཤེས་རྟོགས་ཡོང་རྒྱུར་ཕན་པར་སྙམ།

  10. བྱམས་པ says:
    2014-04-19 at 7:30 pm

    ཐུགས་རྗེ་ཆེ་་་ངའི་རེ་བ་ལ་ཁྱེད་རང་གི་བུ་ལ་ཨ་རིའི་ལོ་རྒྱུས་སྡུག་ཅ་འདི་བཤད་ནས་ད་ལྟ་རྒྱ་མིའི་བོད་ལ་དེ་ལས་སྡུག་བྱེད་ཀྱི་ཡོད་པས་གསལ་བཤད་གནང་རྒྱུའི་རེ་བསྐུལ་ཡོད་

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme