Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཨ་རིའི་སྲིད་འཛིན་མཆོག་གིས་དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱབ་སྐྱོར་ཤུགས་ཆེ་གནང་བ།

Posted on 2016-06-162016-06-16 By ཁ་བརྡ 10 Comments on ཨ་རིའི་སྲིད་འཛིན་མཆོག་གིས་དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱབ་སྐྱོར་ཤུགས་ཆེ་གནང་བ།

ཡོང་ཁུངས། བོད་མིའི་སྒྲིག་འཛུགས་དྲ་རྒྱ

 
ཕྱི་ལོ་༢༠༡༦ ཟླ་༦ ཚེས་༡༥ རེས་གཟའ་ལྷག་པའི་ཉིན་ཨ་རིའི་སྔ་དྲོའི་ཆུ་ཚོད་ ༡༠།༡༥ ཙམ་ལ་ཨ་རིའི་ཕོ་བྲང་དཀར་པོའི་ Map Room ནང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ཨ་རིའི་སྲིད་འཛིན་སྐུ་ཞབས་བྷ་རག་ཨོ་བྷ་མ་མཆོག་རྣམ་གཉིས་མཇལ་འཕྲད་མཛད་འདུག སྐབས་དེར་༸གོང་ས་མཆོག་གིས་ཉེ་ལམ་ཨ་རིའི་ཕོ་ལོ་རི་ཌའི་མངའ་སྡེའི་གྲོང་ཁྱེར་ཨོར་ལེན་ཌོའི་ Orlando ནང་མི་གསོད་དོན་རྐྱེན་གྱི་གནས་ཚུལ་བྱུང་བར་ཐུགས་ཕམ་དང་སྦྲགས་སྲིད་འཛིན་མཆོག་ལ་ཐུགས་གསོ་མཛད་སྐབས་སྲིད་འཛིན་ཨོ་བྷ་མ་མཆོག་ནས་ཀྱང་༸གོང་ས་མཆོག་ལ་ཐུགས་རྗེ་ཆེ་ཞུས་པ་དང་ལྷན། མགོན་པོ་གང་ཉིད་མཆོག་གིས་གཞན་ལ་བྱམས་བརྩེ་དང་གུས་བརྩི་སོགས་གོང་སྤེལ་གཏོང་ཐབས་མཛད་བཞིན་པ་དེར་ཡི་རང་བསྔགས་བརྗོད་ཡོད་ཚུལ་ཞུས་འདུག གཞན་ཡང་སྐབས་དེར་དབུ་ཁྲིད་རྣམ་གཉིས་བོད་ནང་གི་བོད་མིའི་གནས་སྟངས་སྐོར་བཀའ་བསྡུར་མཛད་པ་མ་ཟད།

tibettimes1-1

ལྷག་པར་སྲིད་འཛིན་ཨོ་བྷ་མ་མཆོག་གིས་བོད་མིའི་ ཐུན་མིན་ཆོས་དང་རིག་གཞུང་། སྐད་ཡིག ཡུལ་གོམས་གཤིས་ལུགས། དེ་བཞིན་བོད་མི་ཚོའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཆེད་ཨ་རིའི་གཞུང་གིས་རྒྱབ་སྐྱོར་ཤུགས་ཆེ་ཡོད་པ་ནན་པོའི་ཐོག་སྙན་སྒྲོན་ཞུས། ཕྱོགས་མཚུངས་སྲིད་འཛིན་མཆོག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འདོན་གནང་མཛད་པའི་དབུ་མའི་ལམ་གྱི་སྲིད་བྱུས་ལ་བསྔགས་བརྗོད་རྒྱ་ཆེ་ཞུས་ པ་དང་སྦྲགས་རྒྱབ་སྐྱོར་ཡོད་སྐོར་གསུངས་པ་མ་ཟད། མགོན་པོ་གང་ཉིད་མཆོག་གིས་ཆོད་སེམས་བརྟན་པོས་འཚེ་མེད་ཞི་བའི་བཞེངས་ཕྱོགས་དེ་རྒྱུན་སྐྱོང་མཛད་བཞིན་པར་གུས་བཀུར་ཆེ་བསྟོད་རྒྱ་ཆེ་ཞུས་གནང་འདུག

ལྷག་པར་སྲིད་འཛིན་སྐུ་ཞབས་བྷ་རག་ཨོ་བྷ་མ་མཆོག་གིས་༸གོང་ས་མཆོག་གམ་ཁོང་གི་སྐུ་ཚབ་རྣམ་པས་རྒྱ་ནག་འགོ་ཁྲིད་ཚོ་དང་ལྷན་ཐད་ཀར་གྲོས་མོལ་གནང་ནས་ཕྱོགས་གཉིས་དབར་མི་མཐུན་པའི་གནས་སྟངས་འོག་དཀའ་ངལ་འཕྲད་བཞིན་པ་དེ་དག་སེལ་ཐབས་མཛད་དགོས་ པའི་ལམ་སྟོན་ཞུས་འདུག གཞན་ཡང་སྐབས་དེར་སྲིད་འཛིན་མཆོག་གིས་བོད་དེ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆ་ཤས་སུ་ངོས་འཛིན་བྱེད་བཞིན་པའི་ཨ་རིའི་གཞུང་གིས་ཡུན་རིང་ནས་འཛིན་བཞིན་པའི་ལངས་ཕྱོགས་དེ་གསལ་སྟོན་ཞུས་པ་དང་སྦྲགས། བོད་རང་བཙན་ལ་ཨ་རིའི་གཞུང་གིས་རྒྱབ་སྐྱོར་བྱེད་ཀྱི་མེད་ཅེས་ཞུས་འདུག

སྐབས་དེར་༸གོང་ས་མཆོག་གིས་རང་བཙན་རྩོད་གནང་མཛད་ཀྱི་མེད་པ་དང་མགོན་པོ་གང་ཉིད་མཆོག་གི་སྐུ་ཚབ་དང་རྒྱ་ནག་འགོ་ཁྲིད་དབར་མགྱོགས་མྱུར་གྲོས་མོལ་བསྐྱར་གསོ་ཡོང་རྒྱུའི་ཐུགས་རེ་མཛད་བཞིན་ཡོད་སྐོར་བཀའ་སྩལ། དབུ་ཁྲིད་རྣམ་གཉིས་ཐུན་མོང་གི་དགོངས་བཞེད་མཛད་བཞིན་པ་ནི་རྒྱ་ནག་དང་ཨ་རིའི་ཡུལ་གཉིས་ཀྱི་འབྲེལ་ལམ་བཟང་པོ་ཡོང་རྒྱུ་ཧ་ཅང་གལ་ཆེ་ཡིན་པ་གཅིག་མཚུངས་ཡིན་འདུག མཐར་སྲིད་འཛིན་ཨོ་བྷ་མ་མཆོག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གོ་ལ་སྤྱི་ཡོངས་ཀྱི་གནམ་གཤིས་འགྱུར་ལྡོག་ལ་གདོང་ལེན་ཇི་ལྟར་བྱེད་དགོས་པའི་ལམ་སྟོན་དབུ་ཁྲིད་ཀྱི་མཛད་བཟང་ལ་དགའ་བསུ་ཞུས་པ་མ་ཟད། ༸གོང་ས་མཆོག་གིས་གོ་ལ་སྤྱིའི་ཚ་དྲོད་རྒྱས་བཞིན་པའི་དཀའ་ངལ་དང་། ལྷག་པར་ཧི་མཱ་ལ་ཡའི་རི་རྒྱུད་ཀྱི་ཁྱགས་རོམ་དང་བོད་མཐོ་སྒང་གི་གནམ་གཤིས་སྲུང་སྐྱོབ་དགོས་པའི་སྐོར་གོ་རྟོགས་སྤེལ་གནང་མཛད་བཞིན་པ་དེར་རྒྱབ་སྐྱོར་ཤུགས་ཆེ་ཞུས་འདུག །

གསར་འགྱུར།

Post navigation

Previous Post: ༧གོང་ས་མཆོག་གི་མཛད་འཕྲིན།
Next Post: <<རྒྱ་གར་ལོ་རྒྱུས་སྙན་རྩོམ་རིང་མོ་གཉིས་ཀྱི་བགྲོ་གླེང་ཚོགས་འདུའི་གཏམ་བཤད་>>1 ཀྱི་ཕྲན་དཔྱད།

Comments (10) on “ཨ་རིའི་སྲིད་འཛིན་མཆོག་གིས་དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱབ་སྐྱོར་ཤུགས་ཆེ་གནང་བ།”

  1. ཀློང་ཆུང་ says:
    2016-06-16 at 8:28 pm

    རྒྱལ་བ་རིན་པོ་ཆེ་སྐུ་ཚེ་བརྟན་པ་འདི་ངོ་མ་བོད་མིའི་བདེ་སྐྱིད་དང་འབྲེལ་བ་འདུག སྔོན་མ་རྒྱལ་དབང་ཀརྨ་སྐུ་འཕྲེང་བཅུ་དྲུག་པས། རྒྱལ་བ་རིན་པོ་ཆེ་ཀམ་ཚང་གི་སྲོག་ཤིང་རེད། ང་ཚོའི་རྩ་ཕུགས་ཀྱི་བློ་གཏད་བཅོལ་ཡུལ་ཁོང་ཉག་ཅིག་ཡིན་གསུངས་ནས་ཞབས་བརྟན་རྒྱས་པ་ཞིག་མཛད་འདུག བདེན་པ་རེད། སྐུ་འདི་ལ་ཀམ་ཚང་དུམ་བུར་གྱེས་གྲབས་སྐབས་རྒྱལ་བ་རིན་པོ་ཆེའི་བློ་བརྟན་འགྱུར་མེད་ཀྱི་ལངས་ཕྱོགས་དེས་ཐམས་ཅད་ཨུ་རྒྱན་འཕྲིན་ལས་ལ་བློ་ཕྱོགས་པ་རེད། རྒྱལ་བ་རིན་པོ་ཆེ་སྐུ་ཚེ་བརྟན། ཀརྨ་པ་མཁྱེན་ནོ།

  2. གཞུང་པ་ཚེ་དབང་བསོད་ནམས་ says:
    2016-06-16 at 10:51 pm

    ཨ་རིའི་གཙོས་པའི་ནུབ་ཕྱོགས་དང་ཤར་ཕྱོགས་ཀྱི་རྒྱལ་ཁབ་མང་པོའི་དབུ་འཁྲིད་ཚོའི་དབུ་མའི་ལམ་ལ་རྒྱབ་སྐྱོར་མུ་འཐུད་ནས་གནང་ཡོད་ན་ཡང་ རྒྱ་མིའི་ངོས་ནས་ནམ་ཡང་ངོས་ལེན་མ་བྱས་པ་འདིར་ང་ཚོའི་ངོས་ནས་བོད་རྒྱའི་འབྲེལ་ལམ་གྱི་འཁོར་ཡུག་ལ་བསྐྱར་ཞིབ་་བྱ་རྒྱུ་དེ་རྒྱལ་སྤྱིའི་ཆབ་སྲིད་འཕེལ་རིམ་གྱི་ཆ་ནས་གལ་ཆེན་ཞིག་མིན་པ་ཡིན་ནམ་?

  3. ྸཨ་འབར་འཇིགས་དབང། says:
    2016-06-18 at 12:45 am

    ༅༅། བོད་རྒྱ་ཞི་མོལ་དེ་དབུ་མའི་ལམ་གྱི་ལངས་ཕྱོགས་ལས་ལྷག་པ་ཞིག་ཕྱོགས་བཞི་མཚམས་བརྒྱད་
    རྒྱབ་མདུན་ ཟུར་ཕྱོགས་ག་ནས་བལྟས་ཀྱང་མེད་པར་བརྟེན་ བོད་རྒྱའི་འབྲེལ་ལམ་ཁོར་ཡུག་ལ་བསྐྱར་ཞིབ་ཇི་ལྟར་བྱེད་ཀྱང་དོན་འབྲས་སྨིན་རྒྱུ་མེད་པ་ཞིག་རེད་སྙམ། བསྐྱར་ཞིབ་བྱེད་དེ་ལངས་ཕྱོགས་ལྔ་བཅུ་བཅོ་ལྔ་ག་ཚོད་བསྟན་ཡང་གོང་གསལ་ཚིག་གསུམ་འདི་ལས་ལྷག་པའི་རིན་ཐང་ཞིག་མེད་པ་ལོང་བའི་བལྟས་ཀྱང་ཁམས་གསུམ་མཐོང་ལྟར་རེད།
    རྒྱ་མིའི་ངོས་ནས་དོན་དམ་དྲང་བདེན་གྱི་ཞི་མོལ་བྱ་རྒྱུའི་མདུན་པ་སེམས་ནང་ཡོད་ཀྱང་དབུ་མའི་ལམ་གྱི་ཞི་མོལ་་་་་་ ཚིག་གསུམ་འདི་ལ་་་་་ལན་འདེབས་རྒྱབ་རྒྱུ་ཤིན་ཏུ་ནས་ཞེད་སྣང་སྐྱེས་ནས་བསྡད་ཡོད་པར་བརྟེན་ནམ་ཡིན་ནའི་༧གོང་ས་མཆོག་དང་བོད་མིར་ཁ་བྲལ་གྱི་ལས་འགུལ་སྤྱེལ་གྱི་འདུག་ཅེས་རྒྱུན་དུ་བཤད་པ་འདི་འཛམ་གླིང་ལོ་རྒྱུས་དཔྱད་ཞིབ་པ་ཚོས་ཤེས་དང་ཤེས་བཞིན་པ་རེད།
    དབུ་མའི་ལམ་གྱི་ལངས་ཕྱོགས་ལ་ཤར་ནུབ་རྒྱལ་ཁབ་ཆེ་ཁག་དང། ཆབ་སྲིད་མཁས་པ། དེ་མིན་རྒྱ་མི་ཤེས་ལྡན་པ་མང་པོས་རྒྱབ་བསྐྱོར་བྱེད་ཀྱི་ཡོད་པ་རེད། ལངས་ཕྱོགས་གསར་པ་གཞན་པ་བསྟན་པ་དེ་ལ་རྒྱལ་ཁབ་སུས་རྒྱབ་བསྐྱོར་ཐོབ་བམ། བོད་པ་ནང་ཁུལ་ལ་ཁ་བདེ་པོའི་ཁ་རྩོད་བྱེད་པ་གཅིག་༷པུས་འགྲིགས་ཐབས་ཅི་ཡོད།ྲ
    ༅༅། མི་ཡུལ་འཚོ་བ་སྐྱིད་ཀྱང་སྡུག་ཀྱང་རུང།། གནས་ཡུལ་གནམ་གཤིས་གྲང་ཡང་ཚ་ཡང་རུང།
    ཉིན་ལྟར་འཚོ་ལས་སླ་ཡང་དཀའ་ཡང་རུང།༧སྐྱབས་མགོན་སྐུ་ཚེ་བརྟན་པས་སེམས་པ་དགའ།།

  4. གཞུང་པ་ཚེ་དབང་བསོད་ནམས་ says:
    2016-06-18 at 8:00 am

    གཏམ་བརྫོད་རང་དབང་རྒྱལ་སྤྱིའི་ཁྲིམས་ཀྱིས་བསྟན་།
    རྒྱལ་ཁབ་མི་རིགས་རྩ་དོན་ཡུལ་མིའི་འགན་།
    རང་དབང་མང་གཙོའི་སྤྱི་ཚོགས་ཆེན་པོའི་ནང་།
    རང་རང་བསམ་ཚུལ་གླེང་སའི་བརྒྱུད་ལམ་མང་

    དབུ་མ་རང་བཙན་བཅའ་ཁྲིམས་མ་གསལ་ནས་།
    གང་བསམ་བརྗོད་ཀྱང་དུས་ཚོད་འདའ་རོགས་ཙམ་།
    བཅའ་ཁྲིམས་གསལ་བ་བོད་དོན་བདེན་མཐའ་ལ་།
    གཞིས་བྱེས་ཚང་མས་རྒྱག་ཅིག་ཕྱོང་ཅིག་དགོས་།

  5. ཀརྨ་བློ་གསལ་ says:
    2016-06-18 at 9:22 am

    བོད་རྒྱ་ཞི་མོལ་ཟེར་བ་ཞིག་ཡོང་ཡ་ཡོག་མ་རེད། ན་ནིང་རྒྱ་ནག་སྲིད་གཞུང་གིས་༼དབུ་མའི་ལམ༽གྱི་ངོ་བོ་ནི་ཁ་བྲལ་ཡིན་ཞེས་ཡོངས་བསྒྲགས་བྱས་ཡོད།

  6. ྸཨ་འབར་འཇིགས་དབང། says:
    2016-06-20 at 1:11 am

    ༅༅། བོད་རྒྱ་ཞི་མོལ་ཟེར་བ་ཡོང་ཡ་མེད་ན་ ཐབས་ལམ་གཞན་པ་བསྟན་རྒྱུ་ག་རེ་ཡོད་དམ་ཤོད་དང།
    དབུ་མའི་ལམ་གྱི་ངོ་བོ་ནི་ཁ་བྲལ་ཡིན་ཟེར་བ་མཎི་བགྲང་བགྲང་བཤད་པ་དེ་།
    རྒྱ་དམར་སྐྱག་རྫུན་རྒྱལ་ཁབ་རིང་ལུགས་ཀྱི་དེ་ལྷག་བཤད་རྒྱུ་དང་འབྲེལ་བཤད་རྒྱག་རྒྱུ་ཅི་ཡང་མེད་པཞིག་རེད།
    གཏམ་བརྗོད་རང་དབང་བཤད་རྒྱུ་ཡོད་ན་ཤོད། བཤད་ས་རྒྱ་མི་དམར་པོའི་གཞུང་ལ་ཤོད།
    དེ་མིན་དྲ་རྒྱའི་ནང་དུ་མང་བཤད་ཡང། རྒྱ་དམར་སྐྱག་རྫུན་གཞུང་གི་ཉན་མི་སྲིད།

  7. གཞུང་པ་ཚེ་དབང་བསོད་ནམས་ says:
    2016-06-20 at 2:50 am

    བོད་རེ་བས་ཕུང་རྒྱ་དཱོགས་པས་ཕུང་ཟེར་བ་ལྟར་
    ང་ཚོ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་་ཀྱིས་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་བསྡད་ནས་མི་རིགས་ས་གནས་རང་སྐྱོང་གི་བཅའ་
    ཁྲིམས་ནང་གསལ་བའི་རང་སྐྱོང་གི་གནས་བབས་ཚད་ལྡན་ཞིག་ལ་རེ་བ་བཅང་གི་ཡོད་ན་བོད་རྒྱ་གཉིས་ནང་ཁུལ་སྐད་ཆ་བྱེད་དགོས་པ་ལས་ཕྱིའི་རྒྱལ་ཁབ་ཀྱིས་གནོན་ཤུགས་འོག་ནས་བོད་རྒྱ་གཉིས་ཞི་འགྲིག་ཡོང་རྒྱུ་དེ་ནི་བོད་རེ་བས་ཕུང་རྒྱ་དཱོགས་པས་ཕུང་ཟེར་བ་དེ་མ་རེད་དམ་།?

  8. ཨ་རོགས་ཁམས་ཕྲུག says:
    2016-06-21 at 2:21 pm

    གོང་ས་མཆོག་གི་མཛད་འཕྲིན་རྒྱས་གྱུར་ཅིག

  9. ྸཨ་འབར་འཇིགས་དབང། says:
    2016-06-22 at 11:13 pm

    ༅༅། བོད་རྒྱ་གཉིས་ནང་ཁུལ་ཞི་མོལ་ཐེངས་དགུ་གནང་ཚར་བ་མ་མཁྱེན་ནམ། དེ་རྗེས་གཉིས་སྨན་དབུ་མའི་
    ལམ་འདི་ལ་རང་བཙན་འདྲེས་འདུག་ཅེས་མཎི་བགྲང་ནས་སྐད་ཆ་དོན་དང་ལྡན་པ་ཞིག་བཤད་རྒྱུའི་སྤོབས་པ་མེད་པར་དུས་ཚོད་སྐྱེལ་གྱི་ཡོད་པ་རེད། བོད་གཞུང་ནས་ནམ་ཡང་གྲོས་མོལ་བྱེད་རྒྱུ་སྒུག་ནས་བསྡད་ཡོད་
    ཅེས་ཡང་ཡང་གསུངས་ཀྱི་ཡོད། ཡིན་ཡང་ལག་པ་ཕར་བཏང་ཡང་ཚུར་ལག་པ་མ་བཏང་པར་བརྟེན་ཟློག་སྒྲ་
    ཐོན་གྱི་མེད་པ་རེད།
    གཉིས་པ་ཕྱིའི་རྒྱལ་ཁབ་ཀྱིས་གནོན་ཤུགས་དེ་ངེས་པར་དགོས་པ་རེད་མ་གཏོགས་ཕྱིའི་རྒྱལ་ཁབ་ཀྱི་རྒྱབ་སྐྱོར་
    གནོན་ཤུགས་མེད་ན་བོད་པ་ཁེར་རྐྱང་ལ་གང་སྤྱིའི་ཐོག་ནས་རྒྱ་དམར་པོའི་བདག་པོ་ཞིག་རྒྱག་གི་རེད་པས།

  10. གཞུང་པ་ཚེ་དབང་བསོད་ནམས་ says:
    2016-06-26 at 7:01 am

    གཏམ་ཨ་ཕས་མ་བཤད་ཨ་མས་བཤད་།
    ཁྱི་བདག་པོའི་མ་བཀག་མགྲོན་པོའི་བཀག་།
    ཟེར་ཡང་ཟེར་ལ་བདེན་ཡང་།
    གྲོས་མོལ་བྱ་རྒྱུ་སྒུག་ནས་བསྡད་ཡོད་ཧཧཧཧ
    བོད་ཀྱི་དོན་བདག་རེད་དམ་རྒྱ་མིའི་དོན་བདག་རེད་།
    རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་
    ཁྲིམས་ཀྱི་འགྲོམ་གཞིའི་འོག་སྡོད་རྒྱུ་མཁས་བླང་
    ཚར་བ་རེད་རྒྱ་མིའི་མི་སེར་བྱེད་ཀྱི་ཡིན་མི་སེར་གྱི་
    ཐོབ་ཐངས་དེ་རྒྱ་ནག་གཞུང་གི་བཀོད་ཁྱབ་འོག་འགྲོ་གི་མིན་ཕྱིའི་རྒྱལ་ཁབ་ཀྱི་གནོན་ཤུག་འོག་ནས་ང་ཚོར་ཐོབ་ཐངས་དགོས་ལབ་ན་དེ་རྒྱལ་སྤྱིའི་ཁྲིམས་དང་མཐུན་པ་ཞིག་ཨ་ཡིན་ནམ་།
    ང་ཚོ་འདིར་མི་མི་མང་གཙོའི་ལམ་ལ་འགྲི་གི་ཡོད་
    རེད་(Democracy) ཕ་ཕྱོགས་དེ་དམངས་གཙོའི་ལམ་ལ་འགྲོ་བཞིན་པ་
    རེད་(Proletarain) སྟག་དང་ལུག་མཉམ་དུ་འཚོ་ཐུབ་ཀྱི་ཨ་ཡོད་ཧཧཧ

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme