Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཨ་རིའི་སྲིད་འཛིན་གསར་པ་དགྲ་གནོན་ཁྲོམ་གྱི་སྤྱོད་པ་ལ་འཇུག་ཚུལ་དང་འབྲེལ་བའི་བསྔོ་བའི་ལེའུ་ཞེས་བྱ་བ་བཞུགས་སོ།།                   

Posted on 2017-01-26 By ཁ་བརྡ 16 Comments on ཨ་རིའི་སྲིད་འཛིན་གསར་པ་དགྲ་གནོན་ཁྲོམ་གྱི་སྤྱོད་པ་ལ་འཇུག་ཚུལ་དང་འབྲེལ་བའི་བསྔོ་བའི་ལེའུ་ཞེས་བྱ་བ་བཞུགས་སོ།།                   

ཆབ་ཚང་འཇམ་དཔལ་གྱིས།

 

སྒྲ་གནོན་ཁྲོམ་གྱི་སྤྱོད་པ་ལ།།
འཇུག་པ་རྣམ་པར་བརྩམས་པ་ཡི།།
དགེ་བ་གང་དེས་ཨ་རི་བ།།
ཀུན་ལས་རྣམ་པར་རྒྱལ་བར་ཤོག།

ཕྱོགས་རྣམས་ཀུན་ན་དབུལ་ཞིང་ཕོངས།།
སྡུག་གིས་མནར་བ་ཇི་སྙེད་པ།།
དེ་དག་ཁྲོམ་གྱི་བསོད་ནམས་ཀྱིས།།
བདེ་དགའ་གྲངས་མེད་ཐོབ་པར་ཤོག།།

དེ་དག་ཇི་སྲིད་འཚོའི་བར་དུ།།
ནམ་ཡང་བདེ་ལས་ཉམས་མ་གྱུར།།
ཨ་རིས་ཁྲོམ་གྱི་སེམས་བཟང་གི།།
བདེ་བ་རྒྱུན་མི་ཆད་ཐོབ་ཤོག།།

འཇིག་རྟེན་ཁམས་ན་བུད་མེད་དག།
གང་དག་ཇི་སྙེད་ཡོད་པ་རྣམས།།
དེ་དག་ཁྲོད་ཀྱི་ལས་ངན་དག།
ཁྲོམ་མཇེ་རྣོན་པོས་མི་འཛུགས་ཤོག།།

དགྲ་གནོན་ཁྲོམ་གྱི་སྤྱོད་བཟང་ལས།།
བྱུང་བའི་འབྲས་བུ་མཐའ་ཡས་ཀྱིས།།
དབུལ་བས་ཉམ་ཐག་ཐམས་ཅད་པོ།།
ཕྱུག་པོའི་གོ་འཕང་ཐོབ་པར་ཤོག།

ཁ་ཆེའི་འཇིགས་སྐུལ་རིང་ལུགས་པར།།
མེ་སྐྱོགས་ཆར་བཞིན་བཏང་བའི་ཚེ།།
ཉེས་མེད་མི་སེར་དཀྱུས་མ་རྣམས།།
སྲོག་གི་འཇིགས་ལས་ཐར་བར་ཤོག།

གདོང་སེར་གདོང་ནག་དག་དང་གདོང་དམར་དང་།།
གྲངས་མང་གྲངས་ཉུང་མཐུན་པས་མཛེས་གྱུར་ཅིག།
ཕྱུག་པོས་དབུལ་སྐྱོབ་དབུལ་པོ་ཕྱུག་གྱུར་པས།།
ཨ་རིའི་ཕྱོགས་བཞི་མཚམས་བརྒྱད་ཉམས་དགར་ཤོག།

རང་ཁུངས་ལུགས་ཀྱི་ཁེ་ཕན་གཙོར་བཟུང་སྟེ།།
གཞན་དག་ཡ་མེད་བཏང་བའི་སྲིད་ཇུས་ཀྱིས།།
ཕར་ལ་མཚོན་ཆས་འཕེན་པ་དེ་ཡང་ནི།།
དེ་རིང་ནས་བཟུང་མེ་ཏོག་འཕེན་པར་འགྱུར།།

ཆགས་པས་ནུར་རྩེར་རེག་བཞིན་མོ་མཚན་ལག་པས་བཙིར།།
འདོད་པ་མེད་བཞིན་བཙན་གྱིས་སྤྱད་པའི་བུད་མེད་དག།
བདག་གི་དགེ་བའི་སྟོབས་ཀྱིས་ལྷ་ཡི་ལུས་ཐོབ་ནས།།
རང་ཉིད་དགའ་བའི་ལྷ་ཕོ་དག་དང་འཁྲིག་པར་ཤོག།

མགོ་ན་སྐྱབས་མེད་ལག་ན་རྒྱུ་མེད་གཞན་དག་ནང་བཞིན་རང་གི་རྐང་པར་མི་ལོངས་པའི།།
གནའ་ནས་ད་བར་རང་གནོངས་ཙམ་ཡང་མེད་པར་སྤྲང་པོའི་འཚོ་བར་རོལ་བའི་རྒྱལ་ཁབ་དག།
གློ་བུར་སྤྲང་ཟས་བཅད་པ་སུ་ཡི་མཐུས་བྱས་སྙམ་ནས་ཕྱོགས་མཚམས་ཀུན་ཏུ་བལྟས་པའི་ཚེ།།
དགྲ་གནོན་ཁྲོམ་གྱིས་བྱས་པར་བསྐྲགས་ནས་རྒྱལ་བ་དག་ཀྱང་མྱུར་དུ་དབྱུགས་དབྱུང་ཐོབ་པར་ཤོག།

སྲིད་ཇུས་གསར་པ་བཙན་པོའི་སྟོབས་ཀྱིས་བཏང་བ་ཡིས།།
མགོ་འཕང་མཐོ་མཐོ་བྱེད་མཁན་དག་ཀྱང་ཝ་བཞིན་བྱས།།
གློ་བུར་ཐོགས་ལྟར་བབས་པའི་རྐྱེན་ངན་འདི་དག་གིས།།
རང་རང་ཉམ་ཆུང་ཡིན་པ་མྱུར་དུ་མཐོང་བར་ཤོག།

ཁྲོམ་གྱི་སེམས་པར་ཞི་བདེས་ཁྱབ་པར་ཤོག།
མཚོན་ཆ་དག་ཀྱང་བཙའ་ཡིས་ཟིན་པར་ཤོག།
དམག་གི་གཡུལ་ས་གཞལ་མེད་ཁང་གྱུར་ནས།།
བྱམས་དང་བརྩེ་བའི་མེ་ཏོག་འཁྲུངས་པར་ཤོག།

སྟོབས་ལྡན་དག་གིས་ཉམ་ཆུང་དག།
ཟ་བའི་འཇིགས་དང་བྲལ་བར་ཤོག།
ཕྱུག་པོའི་ཁྱིམ་གྱི་སྲས་བཞིན་དུ།།
མེད་པོ་དག་ཀྱང་བདེ་བར་ཤོག།

དགྲ་གནོན་ཁྲི་ལ་བཀོད་པའི་མཐུས།།
བུད་མེད་རྣམས་ནི་མི་སྐྲག་ཤོག།
མཚན་མཐུན་ལས་ལ་འཇུག་དག་ཀྱང་།།
གང་འདོད་རང་དབང་ཐོབ་གྱུར་ཅིག།

ལས་མེད་རྣམས་ཀྱིས་ལས་ཐོབ་ཤོག།
ཚོང་པ་རྣམས་ཀྱིས་ཁེ་ཐོབ་ཤོག།
མེད་པོའི་ཁྲལ་ལས་ཆག་ཡང་ཤོག།
ཟས་གོས་དག་ཀྱང་འཛོམས་པར་ཤོག།

བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི།།
ཡོང་སྒོ་མི་འགྱུར་བརྟན་པར་ཤོག།
ལྷག་ཏུ་དངུལ་ཁང་གསར་རྒྱག་ཐད།།
ཁྲོམ་གྱིས་འགོག་རྐྱེན་མི་བཟོ་ཤོག།

ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི།།
ཚོང་ཚོགས་གྲས་སུ་སླར་འཇུག་ཤོག།
དམག་དང་དམག་འཁྲུག་མེད་པར་ཤོག།
མེད་པོར་དངུལ་གཏོང་ཆད་མེད་ཤོག།

ཁྲོམ་གྱིས་རྒྱ་ནག་ལྷོ་བརྒྱུད་ཀྱི།།
མཚོ་ཁུལ་བདག་བཟུང་ཐུབ་པར་ཤོག།
དེ་བཞིན་དཔལ་འབྱོར་འདུ་འགོད་ཀྱིས།།
འབྱོར་མེད་རྣམས་ཀྱང་འབྱོར་ལྡན་ཤོག།

ཁང་པ་མེད་རྣམས་ཁང་པ་དང་།།
རླངས་འཁོར་མེད་རྣམས་རླངས་འཁོར་དང་།།
མདོར་ན་གང་གིས་ཕོངས་པ་དག།
མགྱོགས་ནས་མྱུར་དུ་ཐོབ་པར་ཤོག།

ཁ་ཆེ་ཨ་རིས་སྐྱབས་བཅོལ་དུ།།
མི་ལེན་འཇིགས་པ་མེད་པར་ཤོག།
ཁྲིམས་འགལ་གནས་སྤོ་བྱས་དག་ཀྱང་།།
ཕྱིར་ཕུད་ལས་ལ་མི་འཇུག་ཤོག།

མེཀ་སི་ཁོ་དང་ཨ་རིའི་བར།།
རྩིག་གྱང་འཐེན་རྒྱུ་བཟློག་པར་ཤོག།
སྐྱབས་བཅོལ་ལས་གཞི་མཚམས་འཇོག་དང་།།
ཚོང་འབྲེལ་བཀག་སྡོམ་ལྷོད་པར་ཤོག།

སྤྱན་རས་གཟིགས་ཀྱི་བྱིན་རླབས་མཐུས།།
དགྲ་གནོན་ཁྲོམ་དང་སྤུ་གྲུ་(ཕི་ཊེན)གཉིས།།
འཛམ་གླིང་ཞི་བདེ་སྐྲུན་ཐབས་ཆེད།།
གྲོས་མོལ་བརྒྱུད་ནས་མཐུན་པར་ཤོག།

དགྲ་གནོན་ཁྲོམ་གྱིས་དབུ་ཁྲིད་འོག།
ཨ་རིས་གཙོས་པའི་ཤར་ལྷོ་བྱང་།།
ཕྱོགས་རྣམས་ཀུན་ན་ཇག་རྐུན་དང་།།
ལག་དམར་རིགས་ཀྱང་མི་འབྱུང་ཤོག།

རྡུལ་ཕྲན་མཚོན་ཆའི་ཚོང་ལས་དང་།།
དམག་འཁྲུག་དང་ནི་མུ་གེ་དང་།།
བུད་མེད་བྱིས་པ་ཉོ་འཚོང་དང་།།
དབུལ་པོར་མཐོང་ཆུང་མེད་པར་ཤོག།

མིག་མེད་མིག་ཞར་མིག་ལོང་དང་།།
རྐང་ཆད་ལག་ཆད་རྐང་ཟླུམ་དང་།།
མཆིན་ནད་སྲིན་འབུ་འཁྲུག་པ་དང་།།
ཟས་བཀག་ནད་སོགས་མི་འབྱུང་ཤོག།

ཆེ་བས་ཆུང་བར་གཉའ་གནོན་དང་།།
ཆེ་བས་ཆུང་བ་བྲན་གཡོག་དང་།།
ཆེ་བས་ཆུང་བར་ཁྱད་གསོད་སོགས།།
མི་འབྱུང་འདྲ་མཉམ་ཐོབ་པར་ཤོག།

བུ་ཡིས་ཕ་མ་གསོད་པ་དང་།།
ཕ་མས་བུ་ཕྲུག་གསོད་པ་དང་།།
དོན་མེད་རང་ཤི་རྒྱག་པ་སོགས།།
ཐམས་ཅད་ནམ་ཡང་མི་འབྱུང་ཤོག།

བུ་ཡིས་ཨ་མར་སྤྱོད་པ་དང་།།
བུ་མོར་ཕ་ཡིས་སྤྱོད་པ་དང་།།
དེ་བཞིན་མི་ཡིས་དུད་འགྲོ་ལ།།
སྤྱོད་པ་དག་ཀྱང་མི་འབྱུང་ཤོག།

གསོན་པོའི་ནང་ཁྲོལ་བཀོག་ལེན་གྱིས།།
ཉོ་འཚོང་རིགས་དག་མེད་པ་དང་།།
ཐ་མ་ཉལ་ཐའི་རིགས་དག་ཀྱང་།།
ཚོང་ལས་ཁྲོད་ནས་ཡར་བར་ཤོག།

གཉེན་དང་གྲོགས་ཀྱི་བར་དག་ཏུ།།
རྫུན་དང་ཕྲ་མ་མེད་པ་དང་།།
སེམས་ཅན་དམར་གསོད་གཏོང་མཁན་གྱི།།
མྱི་དང་འཕྲུལ་རིགས་མི་འབྱུང་ཤོག།

སྐྱེས་པའི་ལུས་ལ་དགའ་བ་བཞིན།།
བུད་མེད་ལུས་ལའང་དེ་དགའ་ཤོག།
སྐྱེས་པ་བུད་མེད་ཕན་ཚུན་བར།།
བཙན་གཡེམ་དག་ཀྱང་རྩ་ཆད་ཤོག།

ཁྱོ་ཁས་ཆུང་མར་བརྩེ་བ་དང་།།
དེ་བཞིན་ཆུང་མས་ཁྱོ་ཁ་བཀུར།།
བུ་ཕྲུག་དག་ཀྱང་ཡ་རབས་ཀྱིས།།
ཁྱིམ་ལ་བདེ་སྐྱིད་འབྱུང་བར་ཤོག།

ཉན་ན་གཞན་དོན་ཁོ་ནར་ཉན།།
བསམ་ན་གཞན་དོན་ཁོ་ན་བསམ།།
འབད་ན་གཞན་དོན་ཁོ་ནར་འབད།།
ནམ་ཡང་གཞན་གནོད་མི་བྱེད་ཤོག།

སྐྱེ་ན་གཞན་གྱི་དོན་དུ་སྐྱེ།།
འཆི་ནའང་གཞན་གྱི་དོན་དུ་འཆི།།
ཡོད་ཚད་གཞན་དོན་འབའ་ཞིག་ཆེད།།
མི་ཚེ་རྐང་ཚང་རྫོགས་པར་ཤོག།

ཆོས་ཀྱིས་སྲིད་ལ་ཤུགས་རྐྱེན་དང་།།
སྲིད་ཀྱིས་ཆོས་ལ་ཤུགས་རྐྱེན་སོགས།།
ཕན་ཚུན་གཉིས་མེད་མི་བཟོ་བར།།
རང་རང་ས་ནས་རྒྱས་གྱུར་ཤོག།

མདོར་ན་ཆོས་དང་མ་འབྲེལ་བའི།།
བཟང་སྤྱོད་འཛམ་གླིང་ཀུན་ཁྱབ་ནས།།
ཆོས་ལ་མོས་པ་ཡོད་མེད་ཀུན།།
བྱམས་བརྩེའི་དྲོད་ཀྱིས་ཟིན་པར་ཤོག།

ཨ་རི་བདེ་ན་འཛམ་གླིང་བདེ།།
འཛམ་གླིང་བདེ་ནའང་ཨ་རི་བདེ།།
ཐམས་ཅད་བདེ་རུ་འགྲོ་བ་ལ།།
གཅིག་ཕན་གཅིག་གྲོགས་བྱེད་པར་ཤོག།

གུས་པས་སེམས་ཀྱི་གཏིང་རྡོ་ནས།།
སྨོན་པ་གང་བྱས་ཐམས་ཅད་དང་།།
སྨོན་པས་མ་ཟིན་པ་དག་ཀྱང་།།
སྐད་ཅིག་ཉིད་ལ་འགྲུབ་གྱུར་ཅིག།

[གསལ་བཤད།] གུས་པ་ཆབ་ཚང་འཇམ་དཔལ་གྱིས།ཕྱི་ལོ་ ༢༠༡༧།༡།༢༦ ཉིན་གྱི་ཞོགས་པར་ནང་པ་ཡོངས་ཀྱི་གདན་སའི་གཙོ་བོ་བཅོམ་ལྡན་འདས་སངས་རྒྱས་སའི་གནས་མཆོག་ཁྱད་པར་ཅན་རྡོར་གདན་གྱི་བྱང་ཆུབ་ཤིང་དྲུང་ནས། སྤྱོད་འཇུག་ཆེན་མོའི་ཤེས་རབ་ལེའུ་དང་། བསྔོ་བའི་ལེའུ་གཉིས་ཁ་འདོན་གྲུབ་མཚམས། བསྔོ་བའི་ལེའུའི་རྩོམ་འགྲོས་ལ་ལད་ཟློས་ཀྱིས། ཐམས་ཅད་བདེ་བའི་སྨོན་ལམ་ལན་གཅིག་ཤར་མར་བཏབ་པ་འདིས་ཀུན་ལ་དགེ་བར་གྱུར་ཅིག་གུ།

སྙན་ངག

Post navigation

Previous Post: གློག་བརྙན་ ༼ ཐར་ལོ། ༽
Next Post: བཀའ་ཟུར་སྟག་ལྷ་སྐལ་བཟང་དབྱངས་སྐྱིད་མཆོག་ལ་བཅར་འདྲི།

Comments (16) on “ཨ་རིའི་སྲིད་འཛིན་གསར་པ་དགྲ་གནོན་ཁྲོམ་གྱི་སྤྱོད་པ་ལ་འཇུག་ཚུལ་དང་འབྲེལ་བའི་བསྔོ་བའི་ལེའུ་ཞེས་བྱ་བ་བཞུགས་སོ།།                   ”

  1. ཀརྡོ་རབ་འབྱམས་པ་ says:
    2017-01-26 at 8:11 am

    ཨ་རི་མངའ་ཐང་རྒྱས་པ་དང་། །
    རྒྱ་ནག་སྡུག་རྩུབ་ཞི་བ་དང་། །
    རྒྱ་གར་ཡར་རྒྱས་འགྲོ་བ་དང་། །
    བོད་མིའི་བསམ་དོན་འགྲུབ་པར་ཤོག །

  2. གཞུང་པ་ཚེ་དབང་བསོད་ནམས་ says:
    2017-01-26 at 9:52 am

    ཨ་རི་རྒྱལ་ཁབ་སླར་གསོ་ཐུབ་པ་ཤོག་།
    རྒྱ་ནག་རྒྱལ་ཁབ་མང་གཙོར་འགྱུར་བ་ཤོག་།
    རྒྱ་གར་རྒྱལ་ཁབ་བོད་དོན་གླེང་བ་ཤོག་།
    བོད་དོན་བདེན་མཐའ་མྱུར་དུ་གསལ་བ་ཤོག་།

  3. རླུང་ཐོག། says:
    2017-01-26 at 11:36 am

    སྟག་ལྷ་་ཞེས་པའི་ཁྱིམ་རྒྱུད་ཀྱི་མིང་དེ་འདོག་ཕོད་རུང་དོན་བཤད་
    ཕོད་ཀྱི་མ་རེད་བསམ། གཅིག་བྱས་ན་ལེའུ་ལྷ་ལོག་རེད་ཚར་ཡོད་
    ཀྱི་རེད།

  4. དགའ་སྐུ་ says:
    2017-01-26 at 10:10 pm

    ལེགས་སོ་ལེགས་སོ་དེ་དེ་ལྟར་འབྱུང་བར་ཤོག།

  5. ཀརྡོ་རབ་འབྱམས་པ་ says:
    2017-01-27 at 2:35 am

    མི་ཚེ་རྐང་ཚང་རྫོགས་པར་ཤོག།
    འདི།
    མི་ཚེ་སྒང་ཚང་རྫོགས་པར་ཤོག།

  6. ཆབ་ཚང་འཇམ་དཔལ། says:
    2017-01-27 at 3:20 am

    མི་ཚེ་གང་ཚང་རྫོགས་པར་ཤོག། ཟེར་དགོས། རྐང་ཚང་དང་སྒང་ཚང་གཉིས་ཀ་ནོར་བ་རེད།

  7. ཀརྡོ་རབ་འབྱམས་པ་ says:
    2017-01-27 at 3:34 am

    སྒང་ཚང་འདིའི། སྒང་འདི་ནི། སྒང་པོ་སྟེ། མི་ཚེ་སྒང་པོ་དང་། མི་ཚེ་རིལ་པོའམ་ཧྲིལ་པོའི་དོན་རེད།

  8. ཆབ་ཚང་འཇམ་དཔལ། says:
    2017-01-27 at 3:48 am

    རེད། རེད། གང་ཚང་ཟེར་ན་ཚེ་གང་གི་དོན་རེད། སྒང་ཚང་འབྲི་བར་མོས་མཐུན་མེད། དགོངས་དག་ཞུ། བསམ་ཚུལ་བཤད་པར་དགའ་བསུ་ཡོད།

  9. ཀརྡོ་རབ་འབྱམས་པ་ says:
    2017-01-27 at 8:23 am

    བུམ་པ་སྒང་ཚང་གསེར་ལས་བཟོས་པ་དང་། བུམ་པ་སྒང་ཚང་ཆུས་གང་བ་གཉིས་ཀྱི་ཁྱད་པར་འབྱེད་ཤེས་དགོས།

  10. ཆབ་ཚང་འཇམ་དཔལ། says:
    2017-01-27 at 9:10 am

    ཀརྡོ

  11. ཆབ་ཚང་འཇམ་དཔལ། says:
    2017-01-27 at 9:11 am

    ཀརྡོ།ཧ་ཧ་ཧ།

  12. ནུབ་ཕྱོགས་གངས་ཕྲུག says:
    2017-01-27 at 10:40 am

    Donald Trump བོད་སྐད་དུ། ཌོ་ནལ་ཊོམ་བྲིས་ན་ལེགས་སམ་སྙམ།

  13. ཀརྡོ་རབ་འབྱམས་པ་ says:
    2017-01-27 at 2:35 pm

    ཆབ་ཚང་། ཧཧཧ། ཧུཧུ།།།

  14. གཞུང་པ་ཚེ་དབང་བསོད་ནམས་ says:
    2017-01-27 at 9:32 pm

    ཨ་རྒྱ་འཁྲུགས་ནས་བོད་དོན་འགྲུབ་པ་ཤོག་།
    ཨ་རྒྱ་འཁྲུགས་ནས་འཛམ་གླིང་བདེ་བ་ཤོག་།
    ཨ་རྒྱ་འཁྲུགས་ནས་མང་གཙོ་བརྟན་པ་ཤོག་།
    ཨ་རྒྱ་འཁྲུགས་ནས་མཚོན་ཆ་རྫོགས་པ་ཤོག་།

  15. ཨ་འབར་འཇིགས་དབང། says:
    2017-01-28 at 11:46 pm

    ༅༅། ཆབ་ཚང་འཇམ་དཔལ་གྱིས་བྲིས་རྩོམ་ལ་བསྟོད་བསྔགས་ཞུ།

    ཨ་རྒྱ་འཁྲུགས་ན་བོད་པའི་དོན་ལ་གནོད། ཨ་རྒྱ་མཐུན་ན་བོད་དོན་ཤུགས་ལ་ཕན།
    ནམ་ཡང་ཨ་རྒྱ་ངེས་པར་མཐུན་ན་ལེགས། ཨ་རྒྱ་མཐུན་ན་འཛམ་གླིང་ཡོངས་ལ་ཕན།

  16. གཞུང་པ་ཚེ་དབང་བསོད་ནམས་ says:
    2017-01-29 at 12:05 am

    ཨ་རྒྱ་མཐུན་ན་བོད་དོན་ད་མུས་ལྷག་།
    ཨ་རྒྱ་མཐུན་ན་རྒྱ་ནག་སྟོབས་ཆེན་ཆགས་།ཨ་རྒྱ་མཐུན་ན་འཛམ་གླིང་དཔལ་འབྱོར་གུད་།
    ཨ་རྒྱ་མཐུན་ན་འཛམ་གླིང་ཞི་བདེ་ཉམས་།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme