Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཨ་རིའི་ལོ་རྒྱུས་ནས་ཆབ་སྲིད་པའི་ལྟ་བ་འཚོལ་བ།

Posted on 2021-02-08 By ཁ་བརྡ No Comments on ཨ་རིའི་ལོ་རྒྱུས་ནས་ཆབ་སྲིད་པའི་ལྟ་བ་འཚོལ་བ།

བཞག་ལྡོམ་ལྗང་ལོ།
 
ཆབ་སྲིད་ཟེར་བའི་མིང་ཚིག་ལ་སྐད་ཡིག་འདྲ་མིན་ནང་འགྲེལ་བཤད་སྣ་ཚོགས་ཤིག་བཤད་ཀྱི་ཡོད་ཀྱང་གོ་སླ་བོ་བྱས་ན་འཇིག་རྟེན་སྐྱོང་བར་བྱེད་པའི་རིག་ཐབས་ཞིག་རེད། དེར་རྟེན་། སྐྱེ་བོ་སུ་ཞིག་གིས་རང་ཉིད་གང་དུ་གནས་སའི་སྤྱི་ཚོགས་དང་། རིག་གཞུང་། ལོ་རྒྱུས་སོགས་མི་དམན་པ་ཞིག་མ་ཤེས་བ་ཡིན་ན་ཡུལ་དེའི་ཆབ་སྲིད་ཡང་དག་པ་ཞིག་ཤེས་དཀའ་ཞིང་། ལྷག་པར་རང་ཉིད་དགའ་སའི་ཆབ་སྲིད་པ་དང་། དེའི་དཀྱིལ་འཁོར་ནང་གི་མི་སྣ་གལ་ཆེ་བ་ཚོའི་ལྟ་བའི་ཟུར་ཙམ་ལས་ཕུགས་ཀྱི་དཔལ་འབྱོར་དང་། མི་རིགས། རྒྱལ་སྤྱི། འགྲོ་བ་མིའི་ཐོབ་ཐང་། ཁྲིམས་ལུགས། འཁོར་ཡུག་སོགས་ཀྱི་ལྟ་བ་མཐའ་འཁྱོལ་བ་ཤེས་ཀྱི་ནི་དེ་བས་ཀྱང་དཀའ་མོ་རེད། ཡོད་ཚད་རྟེན་འབྲེལ་ཡིན་པའི་གོ་ལ་འདིར་རང་གི་སེམས་ཀྱི་དགའ་ཕྱོགས་ཙམ་དང་ཤེས་བྱ་ཕྱོགས་རིས་བ་ཙམ་ལ་བརྟེན་ནས་རང་ཉིད་ལ་བདག་པའི་མང་གཙོའི་ལོངས་སྤྱོད་དང་། རང་གི་ཕྲག་ལ་འགན་འཁྲི་ཡོད་པའི་མང་གཙོའི་བདག་དབང་མཐའ་དག་ཕངས་སེམས་མེད་པར་དེའི་ཕྱོགས་སུ་གཏང་བ་ཡིན་ན། དེ་དག་ནི་རང་དང་ཉིད་ཀྱི་བུ་རབས་ཚ་རྒྱུད་ཚོའི་ཚེ་སྲོག་ལ་འབྲེལ་བ་དམ་པོ་ཡོད་པས་རྗེས་སུ་འབྲས་བུ་དམན་པ་སྨིན་སྲིད་པ་དང་། ཡང་ཕྱོགས་གཞན་ནས་ངག་རྒྱུན་ཞིག་བཤད་ན་ཆུ་བོའི་འགྲམ་དུ་སྐྱེས་བའི་ཤིང་སྡོང་ཞིག་གི་ཡལ་ག་རླུང་གིས་ཆུའི་སྟེང་ལ་བརྡབས་པའི་ཅལ་སྒྲར་རི་བོང་འདྲོགས་པའི་དཔེ་ཡི་རྗེས་སུ་འགྲོ་སྲིད་ཅིང་། གལ་སྲིད་རང་ཉིད་དཔེ་དེའི་རྗེས་སུ་འགྲོ་མི་འདོད་ཅིང་མ་འོངས་བར་བསམ་ན་རང་ཉིད་ལ་ཡོད་པའི་རིག་རྩལ་བེད་སྤྱོད་བྱེད་དེ་ལངས་ཕྱོགས་བརྟན་པོའི་ངང་། ལྟ་རྒྱ་ཆེན་པོའི་ངང་། ཕུགས་རྒྱང་རིང་པོའི་ངང་བདེན་པ་བཙལ་ཏེ་ཕྱོགས་ཡོངས་སུ་རྟོགས་ན་རང་གི་བདེ་བ་རང་གིས་ནམ་ཡང་མི་གཞོམ་པ་ནི་ཆོས་ཉིད་ཅིག་ཏུ་འཁུམས།

རེད་དེ་། ཨ་རིའི་སྤྱི་ཚོགས་སུ་མཚོན་ན་མི་རིགས་གྲངས་མང་དང་། རིག་གཞུང་སྣ་འཛོམས། དད་མོས་འདྲ་མིན་ཀྱིས་ཚོགས་པའི་རྒྱལ་ཁབ་ཅིག་དུ་གྱུར་ནས་ཡུན་རིང་སོང་ཡང་། གནའ་ནས་དེ་རིང་བར་ཡུལ་དེའི་ཁྲིམས་བཟོ་མཁན་ནི་རིགས་རྒྱུད་དཀར་པོ་ཡིན་ཞིང་དབང་བསྒྱུར་མཁན་ཡང་མི་རིགས་དཀར་པོ་རེད་། དེའི་ཕྱིར་། མི་དཀར་རིགས་གཅིག་རིང་ལུགས་བ་རྣམས་པས་ཁོང་ཚོ་ནི་གཏན་དུ་དབང་བསྒྱུར་མཁན་ཡིན་ཞིང་གཞན་པ་རྣམས་ནི་ནམ་ཡང་དབང་བསྒྱུར་ཡུལ་དུ་འདོད་དེ་རིག་གཞུང་སྣ་འཛོམས་དང་མི་རིགས་ཕྱོགས་མང་ལ་རྒོལ་ཏེ་གཞན་པའི་ཤེས་ཡོན་དང་། དཔལ་འབྱོར། ཆབ་སྲིད་སོགས་ཀྱི་དབང་ཤུགས་ནམ་ཡང་མཐོ་སར་མི་འགྲོ་ཆེད་ཕྱོགས་ཡོངས་ནས་འཁོན་འཛིན་བྱས་དང་བྱེད་བཞིན་ཡོད་པ་རེད།

ཅི་ཡང་མི་ཤེས་བའི་ཚོགས་(Know-Nothing party)པ་ནི་སྤྱི་ལོ་༡༨༥༠ ཡར་སྔོན་ཙམ་ནས་བྱུང་ཞིང་དེ་ནི་རིགས་རུས་གཅིག་དང་། རིག་གཞུང་གཅིག ས་གནས་ཁེར་རྐྱང་རིང་ལུགས་པའི་ལྟ་གྲུབ་ཚོགས་པ་ཞིག་ཡིན་པས། གསར་དུ་ཡོང་བའི་གཞིས་ཆགས་ཚོ་དང་། གནམ་བདག་ཆོས་ལུགས་པ། ཨཡེརལནཌ་མི་(Irish)སོགས་སུ་འཇིགས་སྐུལ་དང་སྡང་ཟུག་བྱས་བ་མ་ཟད་ཆོས་ཁང་མེར་བསྲེགས་ཏེ་སྤྱི་ཚོགས་ནང་ཆབ་དཔལ་ཀྱི་ནུས་བ་མེད་ཐབས་བྱས་བ་རེད།

ཁེ་གསུམ་(Ku Klux Klan)ཚོགས་པ་ནི་ཨ་རིའི་ནང་ཁུལ་དམག་འཁྲུག་[April 12, 1861 – May 9, 1865]མཇུག་སྒྲིལ་རྗེས་ཨ་རིའི་ལྷོ་ཕྱོགས་མངའ་སྡེ་རྣམས་ནས་བྲན་གཡོག་ལམ་ལུགས་བསྒྱུར་ཏེ་མི་ནག་ལ་རང་དབང་སྤྲད་ན་མི་མོས་བ་ཚོས་གསར་བཙུགས་བྱས་བ་ཡིན་ཞིང་། ཁོ་ཚོས་མི་རིགས་དབྱེ་འབྱེད་ཀྱི་ལྟ་བར་བརྟེན་ཏེ་བྲན་གཡོག་ལམ་ལུགས་འོག་ནས་རང་དབང་ཐོབ་པའི་མི་ནག་བ་ཚོའི་སྡོད་ཁང་དང་ཚོང་ཁང་སོགས་གཏོར་ཏེ་དྲག་སྤྱོད་བྱས་བ་མ་ཟད་མི་ནག་བ་ཤིང་སྡོང་ཡལ་གར་བཏེག་ནས་བསད། མི་ནག་ཚོས་མང་གཙོའི་བདག་དབང་ལོངས་སྤྱོད་བྱས་བ་དང་སྲིད་གཞུང་ནས་བྱ་བ་བསྒྲུབས་པ། ཐ་ན་མི་དཀར་བསམ་བློ་ཡངས་བའི་ཆབ་སྲིད་པ་ཚོར་འཇིགས་སྐུལ་བྱས་ཤིང་ཨ་རིའི་རྩ་ཁྲིམས་མི་དཀར་ཁོ་ནས་དབང་བསྒྱུར་བྱེད་ཀྱི་ལག་ཆར་འདོད་པ་རེད། འཇིགས་སྐུལ་ཚོགས་པ་དེ་ནི་དུས་དང་བསྟུན་ནས་དར་རྒུད་སྣ་ཚོགས་བྱུང་ཡང་རྩ་བའི་ལངས་ཕྱོགས་སུ་ནམ་ཡང་འགྱུར་བ་སོང་མེད་ལ། དེང་སྐབས་ཚོགས་པའི་དེའི་ནང་ན་(Nazi)་སོགས་འཇིགས་ཚོགས་འདྲ་མིན་ཡོད་ཅིང་ཁོང་ཚོའི་ལྟ་བ་གཅིག་པའི་ཆབ་སྲིད་པ་ཚོར་དངོས་ལྐོག་གཉིས་ནས་རྒྱབ་སྐྱོར་བྱེད་དེ་འདས་བའི་ལོ་ངོ་བཞིའི་ནང་ཁོང་ཚོ་སྤྱི་ཚོགས་ཕྱི་རུ་དངོས་སུ་ཐོན་ནས་རང་སྣང་གང་དྲན་བྱེ་ཀྱི་ཡོད།

ལྷ་ཆོས་ནས་སྐྱེས་བུ་དམ་པ་ཞིག་འདས་རྗེས་སུ་ཡང་སྤུལ་བྱུང་གི་ཡོད་པ་ལྟར་དེ་རིང་གི་(QAnon) དང (proud boy)། (oath keeper)ཟེར་བ་རྣམས་ནི་ངས་གོང་དུ་ཉུང་ཙམ་བཤད་པའི་འཇིགས་ཚོགས་དེ་རྣམས་ཀྱི་བསམ་བློའམ་ལྟ་བའི་ལོག་སྤྲུལ་ཡིན་ཞིང་། དེ་ཚོས་སྤྱི་ཚོགས་སུ་མགོ་སྐོར་དང་འཇིགས་སྐུལ་བྱས་ཚུལ་ཁ་སང་གི་འཇིགས་ཚོགས་ཚོར་མ་འདྲ་བ་ཙམ་ལས་སེམས་ཀྱི་ཉོན་མོངས། ཕུགས་ཀྱི་དམིགས་ཡུལ་གཅིག་པ་ཡིན་པས། དེ་རྣམས་པའི་ཚོགས་མི་ཚོས(4chan)་དྲྭ་ཚིགས་སུ་མང་གཙོ་ཚོགས་པ་སྤྱི་ཚོགས་རིང་ལུགས་ཡིན་ཚུལ་དང་། མང་གཙོ་ཚོགས་པས་བྱིས་བའི་ཟུང་ཁྲག་བཞིབ་ཅིང་ནག་ཚོང་བྱེད་ཀྱི་ཡོད་ཚུལ། ད་དུང་གསར་དུ་ཡོང་བའི་མི་རིགས་རྣམས་པས་ཨ་རི་དབང་བསྒྱུར་གྱི་ཡོད་པ་བརྟེན་ཨ་རིའི་སྤྱི་མཐུན་རྒྱལ་ཁབ་འདི་མིང་མེད་ཤུལ་མེད་དུ་འགྲོ་བཞིན་ཡོད་པས། ཊམ་(trump)ནི་དཀོན་མཆོག་གིས་ཆེད་དུ་ཨ་རི་སྐྱོབས་པར་བཏང་བའི་ཐུགས་སྲས་ཡིན་ཚུལ་སོགས་ཁྲམ་པ་སྣ་ཚོགས་ཤིག་བཀོད་ཅིང། ཁུངས་ལུང་དབེན་པའི་བསམ་ཚུལ་དེ་རྣམས་སྤྱི་ཚོགས་དྲྭ་ཚིགས་འདྲ་མིན་ལ་ཁྱབ་པ་རེད། ལྷག་པར(Parler)དྲྭ་ཚིགས་སུ་རི་ལ་མེ་ཤོར་བ་བཞིན་དར་ཁྱབ་སོང་ཞིང་། དར་ཁྱབ་འགྲོ་བཞིན་པའི་འཆལ་གཏམ་སྤེལ་མཁན་ཚོ་ནི་སྲིད་དབང་ལོག་སྤྱོད་པ་རྣམས་ཡིན་པ་དང་། སྲིད་དབང་ལོག་སྤྱོད་པ་ནི་གོ་སར་རྔམ་པའི་ཆབ་སྲིད་པ་ཚོ་རེད། ཁོ་ཚོས་གཡོ་ཁྲམ་དང་ངན་ཐབས་བཀོལ་ཏེ་མི་དཀར་རིང་ལུགས་བ་ཚོ་དང་ཆོས་རྨོངས་རིང་ལུགས་བ་ཚོ་འཕྲུལ་སྣང་གི་འཇིག་རྟེན་ཞིག་ལ་བསྐྱལ་ཞིང་། འཕྲིལ་སྣང་གིས་བཟི་བའི་འཇིགས་ཚོགས་ཚོའི་རང་གི་དཔལ་འབྱོར་གནས་བབ་དང་ཁྲིམས་ཀྱི་བདག་དབང་ངོས་མ་ཟིན་པར་དམངས་ཀྱི་འདོད་མོས་དང་མང་གཙོའི་ཁྲིམས་ལ་རྒོལ་ཀྱི་ཡོད་པ་རེད། རང་ཉིད་བོར་བའི་ཇག་ཚོགས་ཚོ་ནི་ཁྲིམས་ཀྱིས་སྐྱོང་བའི་མང་གཙོའི་དགྲ་བོ་ཡིན་པ་མ་ཟད་སྤྱི་ཚོགས་ཀྱི་བདེ་འཇོགས་དཀྲུག་པའི་གཏེ་བོའང་རེད་ལ། རིག་གཞུང་སྣ་མང་དང་རིགས་རུས་ཕྱོགས་མང་བ་ཚོའི་གྲོགས་པོ་ནམ་ཡང་མིན་པ་ལོ་རྒྱུས་ཀྱིས་བདེན་དཔང་རི་བོ་བཞིན་བརྟན་པོའི་ངང་གནས་ནས་ཡོད་པ་རེད།

གཅིག་བྱས་ན་བོད་མི་འགས་མི་དཀར་རིང་ལུགས་པ་ཚོས་མི་ནག་བ་རྣམས་བྲན་གཡོག་བྱས་ཀྱང་ང་ཚོ་མིན་པ་དང་། གནམ་བདག་ཆོས་ལུགས་པ་དང་ཨཡེརལནཌ་མི་སོགས་སུ་མཇིགས་སྐུལ་བྱས་ནས་ཆོས་ཁང་མེར་བསྲེགས་ཀྱང་ང་ཚོ་མིན་པ། ལྗེའུ་རིགས་སུ་སྡང་ཟུག་བྱས་ཀྱང་ང་ཚོ་མིན་པ། དེ་རིང་ཁོང་ཚོས་མེགསེཀོ་(Mexico) དང་། ཨ་རབ་(Arab)སོགས་གླིང་ཕྲན་སྣ་ཚོགས་ནས་གསར་དུ་ཡོང་བའི་གཞིས་ཆགས་ལ་སྡང་ཟུག་བྱེད་ཀྱང་ང་ཚོ་མིན་པ། མང་གཙོའི་ཁྲིམས་ལུགས་སུ་རྒོལ་ཡང་ང་ཚོའི་ལྟོས་གོས་ལ་མི་གནོད་བསམས་ནས་དེ་ཚོའི་རྗེས་སུ་འབྲང་བ་ནི་ལྗརམན་ཡེ་ཤེའི་ཆོས་དཔོན་མའཌིན་ནེམོལར( Martin Niemöller)་གྱིས་བྲིས་བའི་སྙན་ངག་<<ཆེས་ཐོག་མ་ཁོང་ཚོ་སླེབས་ཡོང་>>ཟེར་བའི་རྒྱབ་ལྗོངས་སུ་བསམ་གཞིག་མ་བྱས་བའམ་ནང་དོན་མ་རྟོགས་བའི་སྐྱོན་ཁོ་ན་ལས་གཞན་མ་རེད།

དཔྱད་གཞིའི་དྲྭ་ཚིགས་།

Know-Nothing Party – Ohio History Central

https://www.history.com/topics/reconstruction/ku-klux-klan

QAnon Conspiracy Theories And Misinformation: ‘Bonkers’ What Americans Believe : NPR

https://www.cnn.com/2021/02/03/tech/qanon-mom-former-believer/index.html

https://en.wikipedia.org/wiki/Proud_Boys

སྣ་ཚོགས།

Post navigation

Previous Post: ལོ་སར་ལུག་མགོ་བཤམ་པའི་སྲོལ་ངན་སྤོངས།
Next Post: བོད་རྒྱལ་ལོ་༢༡༤༨ཚེས་པར་བཀྲིས་བདེ་ལེགས་ཞུ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme