Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཨ་རིའི་ལོ་རྒྱུས་ཐོག་ཕྱུག་ཤོས་ཀྱི་སྲིད་འཛིན་བཅུ།

Posted on 2020-11-11 By ཁ་བརྡ 1 Comment on ཨ་རིའི་ལོ་རྒྱུས་ཐོག་ཕྱུག་ཤོས་ཀྱི་སྲིད་འཛིན་བཅུ།

གངས་དཀར་སེམས་ཀྱིས་བསྒྱུར།
 
ཨ་རི་ནི་འཛམ་གླིང་ཐོག་ཆབ་སྲིད་དང་དཔལ་འབྱོར་གྱི་ཤུགས་རྐྱེན་ཆེ་ཤོས་ཡོད་པའི་རྒྱལ་ཁབ་ཅིག་ཡིན་ལ། ཨ་རིའི་སྲིད་འཛིན་ནི་འཛམ་གླིང་མི་རྣམས་ཀྱིས་དོ་སྣང་ཆེ་ཤོས་བྱེད་ས་ཞིག་རེད། ཁྱོད་ཀྱིས་ཨ་རིའི་ལོ་རྒྱུས་ཐོག་ཕྱུག་ཤོས་ཀྱི་སྲིད་འཛིན་སུ་དག་ཡིན་མིན་ཨེ་ཤེས། དུས་རབས་ ༡༩ སྐབས་ཀྱི་ཨ་རི་སྲིད་འཛིན་ཕལ་ཆེར་འབྲིང་རིམ་མ་རྩ་གྲལ་རིམ་ཅན་དང་། དེ་མིན་དབུལ་ཕོངས་ཀྱི་ཁྱིམ་ཚང་ནས་ཡིན་མཁན་ཡང་ཡོད། འོན་ཀྱང་དུས་རབས་ ༢༠ སླེབས་རྗེས་སྲིད་འཛིན་ཕྱུག་ཏུ་སོང་ཡོད་པའི་ནང་མཇུག་གི་སྲིད་འཛིན་བཞི་དེ་དག་ཚང་མ་ཨ་སྒོར་ཁྲི་བརྒྱ་བརྒལ་བའི་མ་རྩ་ཅན་གྱི་ཕྱུག་བདག་རེད། དཔེར་ན་ད་ལྟའི་སྲིད་འཛིན་ཨཱོ་བྷ་མའང་ Obama གོང་བཞིན་ཕྱུག་བདག་ཅིག་རེད། དེང་རབས་ཀྱི་སྲིད་འཛིན་འོས་མིའི་རྒྱུ་ནོར་ཡང་ཨ་རི་སྤྱི་དམངས་ཚོའི་ཆ་སྙོམས་ཀྱི་རྒྱུ་ནོར་མ་རྩ་ལས་ཚད་མཐོན་པོ་བརྒལ་ཟིན་པ་རྐྱང་ཡིན།

 རྩོམ་འདིས་ཟླ་ ༧ ཚེས་ ༢༤ ཉིན་གྱི་ཝཱོ་ཁྲོམ་ལམ་ Wall Street ཞེས་པའི་དྲ་རྒྱ་ 247wallst.com འདིའི་ཐོག་ཉེ་སྔོན་སྤེལ་བའི་ནང་དོན་ཁག་ལ་གཞིགས་ཏེ་ཨ་རིའི་ལོ་རྒྱུས་ཐོག་ཕྱུག་ཤོས་ཀྱི་སྲིད་འཛིན་བཅུ་རྩོམ་སྒྲིག་བྱས་པ་གཤམ་གསལ།

དང་པོ། ཅཱོ་ཊི་ཝ་ཤིང་ཊོན། George Washington
མ་རྩ་རྐྱང་པ་ཨ་སྒོར་དུང་ཕྱུར་ ༥.༢༥ ཡིན།
སྲིད་འཛིན་ལང་བའི་དུས་རིམ། ༡༧༨༩ ལོ་ནས་ ༡༧༩༧ ལོོ་བར།
ཨ་རིའི་སྲིད་འཛིན་ཐོག་མའམ་དང་པོ་ ༡ དེ་ཡིན། ཅཱོ་ཊི་ཝ་ཤིང་ཊོན་ནི་ཨ་རིའི་སྲིད་འཛིན་ཐོག་མ་དང་ཕྱུག་ཤོས་ཀྱི་སྲིད་འཛིན་ཞིག་ཡིན། ཁོའི་བཟའ་ཟླ་མོ་མཱ་ཋ་ Martha ཡིས་ཨ་ཕའི་རྒྱུ་ནོར་ཕོན་ཆེན་ཤུལ་འཛིན་བྱས། ཝ་ཤིང་ཊོན་ལ་ཝཱེ་ཀི་ཉི་ཡའི་ Virginia ས་གནས་གཞིས་སྒར་ཝཱེ་ནོན་ Mount Vernon ལ་ཁེར་གཙང་གི་ཞིང་ར་ཁག་ལྔ་ཡོད་ཅིང་། དེ་དག་གི་རྒྱ་ཁྱོན་ཨཱེ་ཀ་ acre ནི་ ༨༠༠༠ རེད། ཝ་ཤིང་ཊོན་གྱི་གླ་ཕོག་ཀྱང་དེ་རྗེས་ཀྱི་སྲིད་འཛིན་ལས་མང་བ་ཡོད། ༡༧༨༩ ལོར་ཁོའི་མི་སྒེར་གྱི་ཡོང་འབབ་དེ་ཨ་རི་རྒྱལ་ཡོངས་ཀྱི་མ་དངུལ་ཚོད་དཔག་གི་བརྒྱ་ཆ་ ༢% ཟིན་ཡོད་པ་རེད།

གཉིས་པ། ཐཱོམ་མ་ཟི་ཅེ་ཧྥུ་ཞོན། Thomas Jefferson
མ་རྩ་རྐྱང་པ་ཨ་སྒོར་དུང་ཕྱུར་ ༢.༡༢ ཡིན།
སྲིད་འཛིན་ལང་པའི་དུས་ཚིགས། ༡༨༠༡ ལོ་ནས་ ༡༨༠༩ བར།
ཨ་རིའི་སྲིད་འཛིན་ཨང་ ༣ པ་དེ་ཡིན།
ཁོང་ནི་ཨ་རིའི་རང་བཙན་བསྒྲགས་གཏམ་ཐོག་མར་རྩོམ་སྒྲིག་བྱེད་མཁན་གྱི་སྲིད་འཛིན་ཡིན། ཁོང་གིས་ཨ་ཕའི་ཕྱོགས་ནས་ཨཱེ་ཀ་ ༣༠༠༠ གྱི་ས་ཆ་རྒྱུན་འཛིན་བྱས། ཁོང་ལ་ཝཱེ་ཀི་ཉི་ཡའི་ Virginia མ་གདན་གྱི་གཞིས་སྒར་མཱོང་ཊི་ཆེ་ལོ་ Monticello ཞེས་པ་དེ་ནི་སྐབས་དེའི་དུས་སུ་སྲོལ་རྒྱུན་ཤུལ་འཇོག་ཡོད་པའི་འཛུགས་སྐྲུན་ཨར་ལས་ཐད་ཀྱི་ཡ་མཚན་དངོས་བྱུང་ཞིག་ཡིན། ཁོང་སྲིད་འཛིན་མ་བྱས་སྔོན་ནས་དངུལ་མང་པོ་བསགས་ཚར་ཡོད། ཁོང་ནི་ད་དུང་ཕུལ་བྱུང་གི་ཁྲིམས་རྩོད་པ་ཞིག་དང་རྩོམ་པ་པོ། ཨོ་ལན་ Violin ཞེས་པའི་རོལ་ཆ་གཏོང་མཁན་ Violinist བཅས་རེད།

གསུམ་པ། ཋི་ཏོ་རཱོ་ཟི་ཝེལ་ཐི། Theodore Roosevelt
མ་རྩ་རྐྱང་པ་ཨ་སྒོར་དུང་ཕྱུར་ ༡.༢༥ ཡིན།
སྲིད་འཛིན་གྱི་ལས་ཡུན། ༡༩༠༡ ལོ་ནས་ ༡༩༠༩ བར་རེད།
སྲིད་འཛིན་ཨང་ ༢༦ པ་ཡིན།
ཁོང་ནི་ཧ་ཅང་མངོན་མཚན་ཅན་གྱི་ཕྱུག་པོའི་ཁྱིམ་ཚང་ཞིག་ཏུ་འཁྲུངས། ཁྱིམ་ནས་ཐེབས་རྩའི་མ་དངུལ་ངེས་ཅན་ཞིག་ཐོབ། ཁོང་ལ་རཱོ་ཟི་ཧྥུ་ Roosevelt རྒན་པའང་འབོད། ཡིན་ཡང་བྱང་ཕྱོགས་ཀྱི་ཊཱི་ཀོ་ཊིར་ North Dakota ས་གནས་སུ་འབྲོག་ས་ཞིག་གཉེར་ཏེ་དེ་ནས་ཕམ་ཉེས་བྱུང་རྗེས་ཁོང་གིས་དེབ་བྲིས་ཏེ་བུ་ལོན་དེ་མཇལ་ཐབས་བྱས། ཁོང་གིས་ཆབ་སྲིད་ཀྱི་ཁོར་ཡུག་ཏུ་འོས་འགན་འཁྱེར་བ་ཕུད་ད་དུང་འབྲོག་སའི་བདག་པོའམ་འབྲོག་བདག་བྱས་མྱོངས། དེ་མིན་སྐམ་སའི་དམག་མིའི་དམག་དཔོན་གཞོན་པ་ཡིན་པར་བརྟེན། ཁོང་གིས་དང་བླངས་བ་རྟ་དམག་སྟོང་ཕྲག་གི་དཔུང་ཁག་ཏུ་མཉམ་བསྡུས་ཀྱིས་ཨ་རིའི་ནུབ་ཕྱོགས་ཀྱི་གཡུལ་འཐབ་ཏུ་བཞུགས་ནས་ཁཱེ་བྷིམ་ Cuban མི་ཚོ་སཱི་པན་ Spain བཙན་རྒྱལ་བའི་ཕྱོགས་ནས་ཐར་ཐབས་ཡོང་བར་རོགས་སྐྱོར་བྱས།
ཁོང་ལ་ཨཱོ་སི་ཊེ་བྷེའི་ Oyster Bay རི་ཕྱོགས་སུ་ས་ཆ་ཨེ་ཀ་ ༢༣༥ ཡི་མ་རྩ་ཡོད་པ་དེ་ནི་ད་ལྟའི་ཆར་གླིང་ཕྲན་འདིར་རིན་ཐང་ཆེ་ཤོས་ལྡན་པའི་ཨར་ལས་འཛུགས་སྐྲུན་གྱི་ས་ཚིགས་ཤིག་ཡིན་པ་རེད།

བཞི་པ། ཨཱན་ཊོ་ཅེ་སུན། Andrew Jackson
མ་རྩ་རྐྱང་པ་ཨ་སྒོར་དུང་ཕྱུར་ ༡.༢༩ ཡིན།
སྲིད་འཛིན་ལས་ཡུན། ༡༨༢༩ ནས་ ༡༨༣༧ ལོ་བར།
ཨ་རིའི་སྲིད་འཛིན་ཨང་ ༧ པ།
ཨཱན་ཊོ་ཅེ་སུན་ནི་ཨ་རིའི་སྲིད་འཛིན་དབུལ་ཕོངས་ཤིག་རེད། མཇུག་ཏུ་ལོ་རབས་ ༡༨༠༠ ནང་སླེབས་དུས་ཁོང་གཞི་ནས་ཕྱུག་ཤོས་ཀྱི་སྲིད་འཛིན་ཞིག་ཆག ཁོང་ལ་བསྟོད་ཡུལ་དོན་ཚན་གཉིས་ཡོད་དེ། ༡༨༡༥ ལོར་ཁོང་གིས་ཨ་རིའི་ཡུལ་དམག་འཁྲིད་དེ་ཨཱོ་ལེན་སི་གསར་པར་ New Orleans ཨཱིན་ཇིའི་སྒྲིག་ལུགས་དང་ལྡན་པའི་དམག་ཕམ་ཁར་བཏང་བའི་གཡུལ་འཐབ་དེ་གཤམ་ཡོད་པ་མ་ཟད། ཨ་རིའི་དངུལ་ཁང་ཨང་གཉིས་པ་ཕྱི་འགྱངས་བཏང་ནས་རྒྱལ་ཁབ་ཀྱི་དཔྱ་ཁྲལ་མེད་པར་བཟོས།
རང་ལོ་ ༡༣ སླེབས་དུས་ཁོང་ཨ་རིའི་རང་བཙན་འཐབ་འཛིང་དུ་བཞུགས། གཡུལ་འཐབ་མཇུག་བསྒྲིལ་རྗེས་རང་སྦྱོང་བྱས་ཏེ་ཁྲིམས་རྩོད་པ་ཞིག་ཆག་ཐུབ་པ་བྱུང་། དེ་རྗེས་ཋན་ན་སིའི་ Tennessee ཁུལ་གྱི་སྤྱི་འཐུས་བྱས། ༡༨༡༥ ལོར་ཨཱོ་ལེན་སི་གསར་པའི་ New Orleans གཡུལ་འཐབ་ལ་རྒྱལ་ཁ་ཆེན་པོ་ཐོབ་སྟེ་ཨ་རི་བ་ཚོའི་སྤོབས་པ་དང་དགའ་སྤྲོ་སླར་གསོ་བྱུང་། དེར་བརྟེན། ཁོང་ནི་ཨ་རི་རྒྱལ་ཡོངས་ཀྱི་དཔའ་བོ་ཞིག་ཆག་པ་མ་ཚད། ༡༨༢༩ ལོའི་སྲིད་འཛིན་གྱི་འོས་བསྡུ་ནས་རྒྱལ་ཁ་ཐོབ་པར་ཕན་ཐོགས་བྱུང་ཡོད་པ་རེད།

ལྔ་པ། ཀྱཱམ་སི་མེ་ཏི་ཞོན། James Madison
མ་རྩ་རྐྱང་པ་ཨ་སྒོར་དུང་ཕྱུར་ ༡.༠༡ ཡིན།
སྲིད་འཛིན་ལས་ཡུན། ༡༨༠༩ ལོ་ནས་ ༡༨༡༧ བར།
སྲིད་འཛིན་ཨང་ ༤ པ།
ཀྱཱམ་སི་མེ་ཏི་ཞོན་ནི་མནའ་འབྲེལ་ཆབ་སྲིད་ཡིག་ཚགས་ཅེས་དང་ཨ་རིའི་བཅའ་ཁྲིམས་ The Federalist Papers ཀྱི་རྩོམ་པ་པོ་གཙོ་བོའི་གྲལ་ཞིག་ཡིན། ཁོང་གིས་ཨ་རི་མི་དམངས་འགོ་འཁྲིད་དེ་ ༡༨༡༢ ལོའི་བྱུང་བའི་ཨ་རིའི་རང་བཙན་འཐབ་འཛིང་དེ་བརྒལ་ཐུབ་པ་བྱས། ཀྱཱམ་སི་མེ་ཏི་ཞོན་དེ་སྔོན་ཝཱེ་ཀི་ཉི་ཡའི་ Virginia གྲོང་བརྡལ་་ཚཱ་ལུ་མའི་གྲོང་ Orange County ཞེས་པའི་དོན་གྱི་ས་གནས་ཀྱི་གཞིས་སྒར་ཆེ་ཤོས་ཀྱི་ཞིང་བདག་ཡིན། ཁོང་གི་ས་ཆ་དེའི་རྒྱ་ཁྱོན་ནི་ཨཱེ་ཀ་ acre ༥༠༠༠ ཙམ་ཡོད། ཁོང་གིས་ཕྱི་སྲིད་བློན་ཆེན་དང་ཨ་རིའི་སྲིད་འཛིན་གནང་སྐབས་སུ་ཡོང་འབབ་ཕོན་ཆེན་བསགས་ཡོད་པརེད།

དྲུག་པ། ལཱིང་ཏིན་བྷོ་ལེན་སི་ཀྱོང་སུན། Lyndon Baines Johnson
མ་རྩ་རྐྱང་པ་ཨ་སྒོར་ཁྲི་ ༩.༨༠༠ ཡིན།
སྲིད་འཛིན་བྱེད་ཡུན། ༡༩༦༣ ལོ་ནས་ ༡༩༦༩ བར།
ཨ་རིའི་སྲིད་འཛིན་ཨང་ ༣༦ པ།
ཁོང་གི་ཨ་ཕས་ཁོང་ཆུང་བྱིས་པའི་སྐབས་སུ་ནས་ཁྱིམ་གྱི་མ་རྩ་རྩ་སྟོང་དུ་བཏང་ཟིན་ཡོད། ཡིན་ཡང་ཁོང་ཨ་རིའི་སྲིད་འཛིན་ཨང་ ༣༦ པ་གནང་དུས་བྷོ་ལེན་ཁེ་ Blanco County གྲོང་བརྡལ་ལ་བསགས་འཇོག་བྱས་པའི་མ་རྩ་ནི་ས་ཞིང་ཨཱེ་ཀ་ ༡༥༠༠ དང་ཁྲཱེ་ཞི་སི་ཕོ་བྲང་དཀར་པོའི་ Texas White House གཞིས་སྒར་ཆེན་པ་བཅས་ཀྱི་བདག་པོ་ཆག་ཟིན་པ་རེད། ཁོང་དང་བཟའ་ཟླ་མོ་གཉིས་ལ་ཁྲཱེ་ཞི་སི་ Texas ས་གནས་སུ་རླུང་འཕྲིན་ཁང་ཞིག་དང་གློག་བརྙན་ས་ཚིགས་ TV station གཅིག ད་དུང་སྒེར་གྱི་གནམ་གྲུ་བཅས་ཡོད་པ་རེད།

བདུན་པ། ཧཱོ་བྷོ་ཐི་ཁེ་ལ་ཁི་ཧཱོ་ཝི། Herbert Clark Hoover
མ་རྩ་རྐྱང་པ་ཨ་སྒོར་ཁྲི་ ༧.༥༠༠ ཡིན།
ལས་ཡུན་རིང་ ༡༩༢༩ ལོ་ནས་ ༡༩༣༣ བར།
སྲིད་འཛིན་ཨང་ ༣༡ པ།
ཁོང་ནི་དྭ་ཕྲུག་ཞིག་ཡིན། ཆུང་དུས་ནས་ཨ་ཁུ་སྨན་པས་གསོ་སྐྱོང་འོག་འཚར་ལོང་བྱུང་། གྱ་གྱུར་གྱི་བྱིས་པའི་ཉམས་མྱོང་གིས་ཁོང་སྔ་མོ་ནས་གནས་ཚུལ་རྟོགས་མཁན་ཞིག་དང་རང་ཁ་རང་གསོ་ཐུབ་མཁན་ཞིག་ཆག ཁོང་གིས་གཏེར་ཁ་ཚོང་གཉེར་གནང་སྟེ་མ་རྩ་གྱ་ནོམ་པོ་བསགས་ཐུབ་ཡོད། མཇུག་ཏུ་ཁོང་གིས་སྲིད་འཛིན་གྱི་གླ་ཕོག་དེ་དགེ་རྩ་ཚོགས་པར་སྦྱིན། མཱོང་ཋི་རེའི་ Monterey ས་གནས་སུ་ཧཱོ་ཝི་ Hoover Houseཞེས་པའི་གཞིས་ཁང་ཆེན་པོ་ཞིག་ཀྱང་ཡོད་པ་རེད།

བརྒྱད་པ། ཧྥུ་རན་ཁི་ལིང་ཊན་ནོ་རཱོ་སི་ཧྥུའུ། Franklin Delano Roosevelt
མ་རྩ་རྐྱང་པ་ཨ་སྒོར་ཁྲི་ ༦༠༠༠ ཡོད།
སྲིད་འཛིན་གྱི་ལས་ཡུན། ༡༩༣༣ ལོ་ནས་ ༡༩༤༥ བར།
སྲིད་འཛིན་ཨང་ ༣༢ པ།
ཁོང་གི་རྒྱུ་ནོར་དེ་དག་ནི་ཕ་མེས་ཀྱི་ཤུལ་བཞག་དང་གཉེན་བསྒྲིགས་ནས་བྱུང་བ་ཞིག་ཆག་ཡོད། ཁོང་ལ་ཅཱོ་ཊི་གྲོང་བརྡལ་ Georgia དང་མཱན་ནི། Maine ཉུག་ཡོག་གྲོང་བརྡལ། New York state ཝཱེ་སུན་ Wilson བཅས་ས་གནས་སུའང་མ་རྩ་ཡོད་པ་རེད། ཁོང་གི་དུས་ཚོད་མང་ཆེར་གཞུང་ཞབས་ལས་ཀ་བྱས་པ་དང་སྲིད་འཛིན་མ་བྱས་པའི་སྔོན་ལ་མཚོ་དམག་གི་དམག་དཔོན་གཞོན་པར་བསྐོ་བཞག་ཀྱང་བྱས་མྱོང་ཡོད།

དགུ་པ། ཝཱེ་ལེམ་ཅེ་སོན་ཁཱི་ལིང་ཊོན། William Jefferson Clinton
མ་རྩ་རྐྱང་པ། ཨ་སྒོར་ཁྲི་ ༧༥༠༠ ཡོད།
སྲིད་འཛིན་དུས་ཡུན། ༡༩༩༣ ལོ་ནས་ ༢༠༠༡ བར།
སྲིད་འཛིན་ཨང་ ༤༢ པ།
ཁཱི་ལིང་ཊོན་གྱིས་གཞུང་ཞབས་ལས་ཀ་གནང་རིང་སྒོར་མོ་མང་པོ་དེ་ཙམ་བསགས་མེད། འོན་ཀྱང་སྲིད་འཛིན་གྱི་ལས་ཡུན་རྫོགས་རྗེས་རྩོམ་པ་པོ་དང་གཏམ་བརྗོད་བྱེད་མཁན་གྱི་ངོ་བོའི་ཐོག་ནས་དངུལ་མང་པོ་བསགས་ཐུབ་པ་བྱུང་། ༢༠༠༥ ལོར་ཁཱི་ལིང་ཊོན་གྱིས་ངའི་མི་ཚེ། (My Life) ཞེས་པའི་དེབ་ཅིག་བཙོངས་ནས་ཨ་སྒོར་ཁྲི་ ༡༥༠༠ བསགས་ཐུབ་ཡོད། ༢༠༡༤ ལོའི་ཟླ་ ༣ པར་ཨིན་ཇིའི་ལཱོན་ཊོན་ London གཏན་གཞིར་བྱས་པའི་ཨ་རིའི་དངུལ་ཁང་ Bank of America གི་གཏམ་བརྗོད་ཐེངས་གཅིག་བྱས་པའི་ཡོང་འབབ་ཁོ་ན་ལའང་ཨ་སྒོར་ཁྲི་ ༥༠ རེད།

བཅུ་པ། ཀྱཱོང་ཧྥེར་ཊི་ཁཱན་ཊི། John Fitzgerald Kennedy
མ་རྩ་རྐྱང་པ་དུང་ཕྱུར་ ༡༠ ཡིན།
སྲིད་འཛིན་ལས་ཡུན། ༡༩༦༡ ལོ་ནས་ ༡༩༦༣ བར།
སྲིད་འཛིན་ཨང་། ༣༥ པ།
ཁོང་ཕྱུག་པོའི་ཁྱིམ་ཚང་དུ་འཁྲུངས། ཁོང་གི་ཨ་ཕ་ནི་ཨ་རིའི་རྒྱལ་ཡོངས་སུ་ཕྱུག་ཤོས་ཀྱི་མི་སྣ་གྲལ་ཞིག་རེད་ལ། ཨ་རིའི་རྒྱན་ཤོག་ཚོང་འབྲེལ་དོ་དམ་ལྷན་ཁང་ Securities and Exchange Commission གི་འགན་འཛིན་གཙོ་བོ་དེ་ཡིན། ཁོང་གི་བཟའ་ཟླ་མོ་ཀྱཱེ་ཁི་ལིང་ Jacqueline གྱིས་མོའི་ཁྱིམ་རྒྱུད་ཀྱི་རྡོ་སྣུམས་ཚོང་ལས་ཤུལ་བཞག་དེ་རྒྱུད་འཛིན་བྱས་ཡོད་པ་རེད། ཁཱིན་ཉི་ཊིའི་མ་རྩ་མང་ཆེར་ནི་ཁྱིམ་མི་གཞན་དང་མཉམ་འབྲེལ་གྱིས་ཡོངས་འབབ་གསོག་ས་གཙོ་བོ་དེ་སྤྱི་ཚོགས་སུ་བཙུགས་པའི་ཡིད་ཆེས་ཐེབས་རྩ་ནས་ཡོང་གི་ཡོད་པ་རེད།
རྩོམ་སྒྲིག་ལག་བསྟར་བྱེད་མཁན། ལཱིང་ཡན།

མ་རྩོམ་གྱི་འབྲེལ་ཐག
https://www.epochtimes.com/gb/16/2/17/n4641834.htm

འགྱུར་རྩོམ།

Post navigation

Previous Post: གཙང་མ་བཟོས་ཡིན།
Next Post: ནང་མི་ཞིག་གི་ཡིད་སྐྱོའི་གཏམ་རྒྱུད།

Comment (1) on “ཨ་རིའི་ལོ་རྒྱུས་ཐོག་ཕྱུག་ཤོས་ཀྱི་སྲིད་འཛིན་བཅུ།”

  1. ཀརྡོ་རབ་འབྱམས་པ says:
    2020-11-12 at 11:47 am

    མི་རིགས་དཀར་པོའི་ཇག་ཚོགས་ཨ་རིར་བསླེབས། །
    ཨ་རི་མི་རིགས་དཀར་པོའི་ཧམ་སེམས་ཀྱིས།
    གདོད་མའི་ཨིན་ཌིན་དམར་པོ་མང་པོ་བསད། །
    དེ་ནས་ཚན་རྩལ་དར་མཉམ་ཡར་རྒྱས་ཕྱིན། །

    ཨ་རིར་མི་རིགས་ནག་པོ་ཚོང་རྫས་བྱས། །
    འགྲོ་བ་མི་ཡི་ཐོབ་ཐང་དེ་བས་མེད། །
    དེ་ནས་རིམ་གྱིས་ཁྲིམས་མཐུན་མང་གཙོ་དར། །
    རིམ་པས་བུད་མེད་ལའང་འོས་འཕེན་དབང་། །

    ད་ལྟ་ཁྲིམས་སྒྲིག་མང་ཡང་ཁྲིམས་ཁང་མང། །
    ནག་ཚོང་ཆོས་བཙོང་ལུས་བཙོང་ཁྲིམས་རྩོད་མང་། །
    ད་ལྟ་བིན་དེན་བར་དུ་སྲིད་འཛིན་གྲངས། །
    ཞེ་གཉིས་ནང་ལ་དམར་གསོད་ཐེབས་པ་མང་། །

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme