Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཨ་རིའི་རྒྱལ་སའི་ཉིན་ཐོ། བཞི་པ།

Posted on 2011-07-10 By No Comments on ཨ་རིའི་རྒྱལ་སའི་ཉིན་ཐོ། བཞི་པ།

ཀླུ་སྨྱོན།
>dscn2813
ཞོགས་པའི་ཆུ་ཚོད་བརྒྱད་པ་ཙམ་ལ་ཡར་ལངས་ནས་མགྲོན་ཁང་གི་ཁ་གཏད་དུ་ཡོད་པའི་འཚིག་ཇ་འཚོང་ཁང་དེར་སོང་སྟེ་མེ་ཏོག་གི་ཇ་ཞིག་དང་བག་ལེབ་ཅིག་ཉོས་ཏེ་ཐག་ཉེ་ས་རུ་ཡོད་པའི་ཨ་རིའི་གྲོས་ཚོགས་ཁང་ཆེན་གྱི་མདུན་ཐང་དེར་གོང་ས་མཆོག་གིས་འཛམ་གླིང་ཞི་བདེའི་སྐོར་གྱི་བཀའ་སློབ་གནང་ས་དེར་སོང་། ལམ་ཁ་རུ་ཉི་འོད་ཇེ་ཚ་རུ་འགྲོ་བཞིན་པ་དང་མི་ཚོགས་སྐོར་དང་སྐོར་བྱས་ནས་ཐང་ཆེན་དེར་སྐྱོད་བཞིན་འདུག་ལ་དང་བླངས་ཞབས་ཞུ་བ་དག་གིས་ཆུ་གྲང་མོ་དག་རིན་མེད་དུ་སྟེར་བཞིན་འདུག སྡོད་ས་ཞིག་བདམས་ཏེ་ཆུ་ཚོད་གཅིག་ལྷག་ལ་སྒུག་རིང་ཨ་རིའི་མི་ནག་བུད་མེད་སྐད་གྲགས་ཆེན་པོ་ཅན་མིང་མི་དྲན་པ་ཞིག་གིས་གོང་ས་མཆོག་ལ་ཆེ་བསྟོད་དང་འབྲེལ་གཏམ་བཤད་དང་། དེ་རྗེས་གཞས་མ་ཞིག་གིས་བོད་ཀྱི་ཆེད་དུ་བཏང་པའི་གཞས་ང་ཚོ་ཁྱིམ་དུ་ལོག་འགྲོ་ཞེས་པ་ཞིག་ལ་ཉན་བཞིན་པའི་དུས་དེར་རྒྱལ་བ་ཀརྨ་པ་ཡང་དེར་ཕེབས་སོང་། གསར་འགྱུར་སྙན་སྒྲོན་པ་དང་སྙན་ངག་མ་ཆུ་མིག་གིས་ཀྱང་བཤད་སྦུག་ཅིག་ལག་ཏུ་བཟུང་ཞིང་བརྙན་འཕྲིན་འཕྲུལ་ཆས་ཁུར་བའི་སྐྱེས་པ་ཞིག་རོལ་ཏུ་ཁྲིད་ནས་ཁོ་བོ་སྡོད་ས་དེ་བརྒྱུད་ནས་ཕར་ཕྱོགས་ཤིག་ཏུ་སོང་སྟེ་བོད་པའི་ཨ་ཅག་ཅིག་ལ་བཅར་འདྲི་བྱེད་བཞིན་འདུག་པ་མཐོང་། ཁོང་དེ་སྡ་མཇལ་མ་མྱོང་ཞིང་དྲ་ལམ་ནས་དངོས་བཏགས་ཀྱི་ཁ་བརྡ་དཀར་དམར་གང་མང་ཞིག་་བྱས་ཀྱང་དངོས་སུ་མཐོང་སྐབས་གཞན་དང་མི་འདྲ་བའི་ཚོར་བ་ཆུང་ཆུང་ཞིག་ལས་སྐྱེས་མ་སོང་། མི་ཚོགས་རིམ་བཞིན་མང་དུ་སོང་སྟེ་ཕལ་ཆེར་མི་ཁྲི་གཅིག་ལྷག་ལོས་ཡོད་བསམས་པ་ཞིག་གི་སྐབས་སུ་གོང་ས་མཆོག་ལྡིངས་ཆའི་སྒང་ལ་ཆིབས་སྒྱུར་བསྐྱངས་ཤིང་མཐོང་གྲོལ་ཞལ་རས་མི་དམངས་ལ་སྟོན་གནང་མཛད་རྗེས་ཞབས་སྟེགས་སྟེང་དུ་བཞུགས་ནས་འཛམ་གླིང་ཞི་བདེའི་སྐོར་བཀའ་སློབ་རིན་ཐང་བྲལ་བ་གནང་སོང་ལ། དེའི་ཁྲོད་ནས་ནད་པ་གཉིས་ཀྱི་ནད་གཞི་གཅིག་ཡིན་ཡང་སྙིང་རྗེས་རྒྱུད་བརླན་པའི་ནད་པ་དེའི་སེམས་ཀྱི་ཞི་བདེ་གཞན་པ་དེ་ལས་ཆེ་ལུགས་གསུངས་པ་དེ་སེམས་ནང་འཇུག་བདེ་བོ་ཞེ་དྲགས་བྱུང་། ད་དུང་དེང་དུས་ཀྱི་བུད་མེད་ལོ་ཆུང་ཚོས་ཕྱིའི་རྣམ་པ་མཛེས་པོ་བཟོ་བ་དེ་བཞིན་ནང་སེམས་པ་མཛེས་པོ་བཟོས་པ་ཡིན་ན་རང་གི་གྲོགས་པོ་དང་མི་ཚེ་རྒྱུན་རིང་བར་སྐྱེལ་ཐུབ་རྒྱུ་ཡིན་ལུགས་ཀྱང་གསུངས། མཇུག་ཏུ་ཨ་རིའི་མི་ནག་བུད་མེད་དེས་གོང་ས་མཆོག་བོད་ལ་ཕེབ་ཐུབ་པའི་ཉི་མ་ཞིག་ཡོད་མེད་བཀའ་འདྲི་ཞུས་སོང་བར། གོང་ས་མཆོག་གིས་རྒྱ་ནག་ལ་ལོ་ངོ་ལྔ་བཅུའི་རིང་འགྱུར་བ་ཆེན་པོ་ཞིག་སོང་ཡོད་པས་མ་འོངས་པར་ཁོང་བོད་ལ་ཕེབ་ཐུབ་ལུགས་གསུངས་པར་མི་དམངས་ཀྱིས་དགའ་བསུའི་ཐལ་མོ་ཤུགས་ཆེན་བརྡབས། ད་དུང་ཁོང་གིས་གལ་སྲིད་མའོ་ཙེ་ཏུང་དེ་རིང་ཕྱིར་རྒྱ་ནག་ཏུ་ལོག་པ་ཡིན་ན་རྒྱ་ནག་གི་འགྱུར་བ་འདིས་ཁོ་ལ་འདར་སིག་རྒྱག་ཏུ་འཇུག་རྒྱུ་རེད་ཅེས་ཀྱང་གསུངས། dscn2759
ཆུ་ཚོད་བཅུ་གཉིས་པར་ཁོང་གི་བཀའ་སློབ་གསུངས་གྲུབ་ཅིང་རང་ཉིད་ཀྱང་ཡར་ལངས་ནས་སྦྱིན་བདག་མར་དུས་ཆད་བཟོས་པ་བཞིན་མོ་དང་མཉམ་དུ་ཨ་རིའི་གདོད་མིའི་འགྲེམས་སྟོན་ཁང་དེར་སོང་ནས་ཟ་མ་ཞིག་ཟོས་སྐར་མ་ཁ་ཤས་རིང་དེའི་ནང་དུ་ལྟ་སྐོར་དང་འདྲ་པར་རེ་བརྒྱབ་རྗེས་གླ་འཁོར་ཞིག་ལ་བསྡད་དེ་གསུང་ཆོས་ཚོམས་ཆེན་དུ་བསྐྱོད། ཉིན་གུང་ཆུ་ཚོད་དང་པོ་དང་ཕྱེད་ཀ་ཙམ་ནས་གོང་ས་མཆོག་གིས་དབྱིན་སྐད་སྟེང་ཡེ་ཤུ་དང་རྗེའུ། ཧིན་རྡུ་དང་ནང་པའི་ལྟ་གྲུབ་མི་འདྲ་བའི་སྐོར་དང་། སྒོམ་རིམ་བར་བ་ལས་བརྩམས་པའི་བདེན་བཞི་དང་བྱང་ཕྱོགས་སོ་བདུན་སོགས་ཀྱི་བཀའ་ཁྲིད་བསྩལ། རང་ཉིད་སྡོད་ས་དེ་ནས་གོང་ས་མཆོག་གི་ཞལ་རས་མཐོང་གྲོལ་རིན་པོ་ཆེ་བརྙན་འཕྲིན་བརྒྱུད་དེ་ཧ་ཅང་གསལ་བོར་མཇལ་ཐུབ་པས། ཁོང་གི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་དྲན་བཞིན་རང་དབང་མེད་པར་མིག་ལས་མཆི་མའི་རྒྱུན་དྲག་ཏུ་བཞུར། ཆུ་ཚོད་བཞི་པ་ཙམ་ལ་གསུང་ཆོས་གྲོལ་རྗེས་ཚོམས་ཆེན་བར་ཁྱམས་སུ་འབྲུག་པ་བཀའ་བརྒྱུད་པའི་བླ་ཆེན་གྱི་གྲས་ཆོས་མགོན་རིན་པོ་ཆེ་དང་མཇལ་ཞིང་། དེ་ནས་ཨེ་རླུང་སྙན་སྒྲོན་པ་ཤེས་རབ་ལགས་དང་དུས་ཆད་བཟོས་ཡོད་པ་ལྟར་ཁོང་དང་ཐུག་ནས་འཁྱག་སྤྲི་ཟ་ཁང་དེར་སོང་ནས་ཁ་བརྡ་ཏོག་ཙམ་ཞིག་བྱས་ཤིང་། དེ་ནས་ཁོང་གི་གྲོགས་པོ་གྲྭ་པ་ཞིག་དང་མཉམ་དུ་ཝི་ཐི་ནམ་གྱི་ཟ་ཁང་ཞིག་ཏུ་སོང་ནས་ཐུག་པ་ཞིམ་པོ་དཔེ་མེད་ཅིག་བཏུངས་རྗེས་གྲྭ་པ་དེ་དང་འགྲོགས་ནས་ཕྱིར་མགྲོན་ཁང་དུ་ལོག་སྟེ་གཟུགས་པོ་བཀྲུས་རྗེས་གློག་ཀླད་བཟུང་ནས་ཤོད་དུ་བབས་ཏེ་ཉིན་ཐོ་འདི་བྲིས།

གསར་འགྱུར།

Post navigation

Previous Post: 2008ལོའི་བོད་མི་ཆབ་སྲིད་བཙོན་པ་ཞིག་གི་མནར་གཅོད་།
Next Post: བསྔགས་འོས་དྲྭ་བདག་གཙོས་རྒྱ་ཆེའི་ཀློག་པ་པོ་ཡོངས་ཀྱི་སྙན་དབང་དུ་གསོལ་དོན།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (15)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme