Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཨ་རིའི་རྒྱལ་ཡོངས་དུར་ས།

Posted on 2014-04-182014-04-18 By ཁ་བརྡ་ 7 Comments on ཨ་རིའི་རྒྱལ་ཡོངས་དུར་ས།

དཔལ་ལྡན་རྒྱལ།

unnamed-15ངེད་ནང་མི་ཚང་མ་ཨ་རིའི་རྒྱལ་ཡོངས་དུར་ས་ལ་ལྟ་བསྐོར་དུ་སོང་བ་ཡིན། དུར་ས་ལ་ལྟ་བསྐོར་དུ་སོང་བ་ཡིན་ཞེས་བརྗོད་སྐབས་བོད་པ་མང་པོ་ཞིག་རང་བཞིན་གྱིས་རྣམ་རྟོག་ཟ་ངེས་ཡིན། ཡིན་ནའང་། ཨ་རིར་མཚོན་ན་དུར་ས་འདི་ནི། ཡུལ་བསྐོར་སྤྲོ་འཆམ་པའི་ལྟ་བསྐོར་བྱེད་སའི་གནས་གལ་ཆེན་ཞིག་ཡིན།
ཨར་ལན་ཀྲོན་རྒྱལ་ཡོངས་དུར་ས་འདི་ལ་ཨ་རིའི་རྒྱལ་ཡོངས་དུར་ས་ཞེས་འབོད་ལ། དུར་ས་འདི་ནི་རྒྱལ་ས་ཝ་ཞིན་ཀྲོན་དང་། ཝར་རྗེ་ནེ་ཡ་མངའ་སྡེ་གཉིས་བར་ཡོད་པའི་ཕའོ་ཀྲོ་མ་ཁུ་གཙང་པོའི་སྟེང་གི་དྲན་རྟེན་ཟམ་པ་བརྒལ་མ་ཐག་གནས་འདིར་འབྱོར། དུར་ས་འདི་༡༨༦༦ ལོར་གསར་སྐྲུན་བྱས་པ་དང་། ས་ཁྱོན་ལ་ཨའེ་ག༦༢༤ ཡོད། དུར་ས་འདིའི་ནང་ཨ་རིའི་སྲིད་འཛིན་རྗེ་ཨེ་ཧྥུའུ། ཁེན་ན་ཀྲི་གཙོས་པའི་དམག་མི་དང་། ཉེ་འབྲེལ་ནང་མི་འབུམ་བཞི་ཡི་བེམ་པོ་དུར་འཇུག་བྱས་ཡོད། གནས་འདི་ལ་ལོ་ལྟར་ཡུལ་བསྐོར་བ་ས་ཡ་གསུམ་ལྷག་ལྟ་བསྐོར་དུ་ཡོང་གིན་ཡོད་འདུག

unnamed-16དུར་ས་འདིའི་ནང་ལོ་ན་བཅུ་དགུ་ཡིན་པའི་བོད་ཀྱི་བུ་ཞིག་གི་བེམ་པོ་ཡང་སྦས་ཡོད། ཁོང་ནི་ངས་ངོ་ཤེས་པའི་ཡ་རབས་ཀུན་མཐུན་གྱི་བོད་པའི་བུ་ཞིག་ཡིན། ཁོང་ཨེ་རག་གི་དམག་འཁྲུག་ཁྲོད་༢༠༠༥ལོའི་སྤྱི་ཟླ་བཞི་བའི་ཚེས་གཉིས་ཉིན་འདས་གྲོངས་སུ་གྱུར། གནས་ཚུལ་འདིར་གཟིགས། http://projects.militarytimes.com/valor/marine-lance-cpl-tenzin-dengkhim/764517

ཁོང་དུར་ས་འདིར་དུར་སྦས་ཀྱི་མཛད་སྒོ་སྟེང་ང་ཡང་ཞུགས་ཡོད། སྐབས་དེར་ང་མིག་ལས་རང་དབང་མེད་པར་མིག་ཆུ་བཞུར་སོང་། ངས་ཨེ་རག་གི་དམག་འཁྲུག་ལ་ཐོག་དང་པོ་ནས་ངོ་རྒོལ་བྱས་པ་ཡིན། རང་ཉིད་ཀྱིས་མི་འདོད་པ་དང་། ངོ་རྒོལ་བྱེད་བཞིན་པའི་དམག་འཁྲུག་དེའི་ཁྲོད་བོད་པའི་ཕོ་གསར་སྟག་འདྲ་བ་ཞིག་གི་ཚེ་སྲོག་ཤོར་བྱུང་ལ། ཨ་མ་ཞིག་གི་སྙིང་གི་དུམ་བུ་ས་ལ་ཟགས་ཡོད་པ་མ་ཟད། ཨ་ཕ་ཞིག་གིས་རང་གི་བུ་ལ་བཅིངས་པའི་སེམས་ཚོར་མི་མངོན་པའི་དབྱིངས་ལ་ཐིམ་ཡོད་ངེས། དེ་རིང་ངས་བོད་ཀྱི་ཕོ་རྒོད་དེའི་སྐུ་ཕུང་སྦས་ཡོད་པའི་རྡོ་རིང་བཙལ་ཀྱང་རྙེད་མ་བྱུང་། དེ་ནི་དུས་ཐུང་ཞིག་ནང་རྙེད་སྲིད་པ་ཞིག་མ་རེད། བེམ་པོའི་རྡོ་རིང་འབུམ་བཞི་ཡོད་པའི་ཁྲོད་ནས་ངས་ངོ་ཤེས་པའི་བོད་ཀྱི་ཕོ་གསར་དེའི་དུར་སྦས་རྡོ་རིང་ག་ལ་རྙེད། དེ་རིང་ཡང་ངའི་མིག་ནས་མཆི་མ་བཞུར་སོང་།
ཡུལ་བསྐོར་སྣེ་ཤན་པས་ཟེར་ན། དུར་ས་འདིའི་ནང་ཆ་སྙོམས་བྱས་ན། ཉིན་ལྟར་མི་གྲངས་ཉེར་བདུན་དུར་སྦས་བྱེད་བཞིན་ཡོད་པ་རེད་ཟེར། ཨ་རིའི་དམག་ཞབས་ལོ་ཉི་ཤུ་ལྷག་གནང་བའི་གང་ཟག་སུ་ཡིན་གྱི་བཟའ་ཟླ་དང་། ལོ་བཅོ་བརྒྱད་མན་གྱི་བུ་ཕྲུག་འདས་གྲོངས་སུ་གྱུར་བ་ཡིན་ན། ནང་མིའི་དགོས་འདུན་ལྟར་དུར་ས་འདིར་དུར་སྦས་བྱེད་རྒྱུའི་ཐོབ་ཐང་ཡོད་པ་འདྲ།

དུར་ས་འདིའི་དམིགས་ཡུལ་ནི། ཨ་རིའི་མི་མང་གི་ཚབ་བྱས་ནས་རང་ཉིད་ཀྱི་རྒྱལ་ཁབ་ཆེད་ཞབས་འདེགས་ལས་དོན་ཁྲོད་སྐུ་གྲོངས་པའི་དམག་མི་རྣམས་ཀྱི་སྐུ་ཕུང་འདིར་དུར་སྦས་བྱས་ནས། ཁོང་ཚོར་བརྩི་བཀུར་དང་། ཆེ་མཐོང་སྤྲད་ཡོད་པ་རེད།
དུར་ས་འདིའི་ནང་དུར་སྦས་བྱས་ཡོད་པའི་དུར་བྱང་རྡོ་རིང་རེ་རེས། མི་རེ་རེའི་་ལོ་རྒྱུས་བརྗོད་བཞིན་ཡོད་ལ། དུར་ས་འདིའི་ནང་ཡོད་པའི་དུར་བྱང་རྡོ་རིང་འབུམ་བཞི་ཡིས་ཨ་རིའི་ལོ་རྒྱུས་བརྗོད་བཞིན་ཡོད་། ངས་ ལོ་ལྔ་ལྷག་སོན་པའི་བུ་ཆུང་ལ་གནས་འདི་རུ་དམག་འཁྲུག་ཁྲོད་ཤི་ཟིན་པའི་མི་རྣམས་ལ་བརྩི་བཀུར་དང་། ཆེ་མཐོང་སྤྲད་ཀྱི་ཡོད་ཚུལ་སྣང་མེད་ཀྱིས་འགྲེལ་བརྗོད་བྱེད་སྐབས། ངའི་བུ་ཆུང་གིས་ང་ལ་གཟབ་ནན་ངང་། ཨ་ཕ། དམག་འཁྲུག ཤི་ཟིན། ཟེར་བའི་ཚིག་འདི་རྣམས་སྡུག་ཅག་རེད་ཟེར།

unnamed-17ཨ་རིའི་རྒྱལ་ཡོངས་དུར་ས་ནང་ལྟ་བསྐོར་དུ་འགྲོ་རྒྱུར་རིན་མེད་རེད་འདུག ཡིན་ནའང་རྒྱ་ཁྱོན་ཆེ་བའི་དུར་ས་འདིར་རྐང་ཐང་ལ་བསྐྱོད་དགོས་ན་ཧ་ཅང་དཀའ་ཚེགས་ཆེ། འགྲུལ་བསྐྱལ་རླངས་འཁོར་ལ་བསྡད་ནས་ལྟ་བསྐོར་དུ་བསྐྱོད་ན། མི་རེར་ཨ་སྒོར་དགུ་རེར་རེད་འདུག རྩོམ་ཐུང་འདི་ཀློག་མཁན་གང་ཟག་སུ་རུང་ཨ་རིའི་རྒྱལ་ས་ཝ་ཞིན་ཀྲོན་ལ་ཡུལ་བསྐོར་དུ་ཕེབས་པའི་གོ་སྐབས་བྱུང་ཚེ། ངེས་བར་དུ་ཨ་རིའི་རྒྱལ་ཡོངས་དུར་ས་འདི་ལ་ལྟ་བསྐོར་དུ་འགྲོ་རྒྱུར་ལམ་སྟོན་བྱེད་འདོད་བྱུང་།

ལོ་རྒྱུས།

Post navigation

Previous Post: སེམས་འབུ་ཁྲ་རིས་མ། ཡོད་ཚད་ཁྱེར་རོགས།
Next Post: མིག་རྒྱངས་རིང་པོའི་ཆོས་ཀྱི་ཉམས་ལེན།

Comments (7) on “ཨ་རིའི་རྒྱལ་ཡོངས་དུར་ས།”

  1. ཀརྡོ་གཉེར་ཕྱག་པ་ says:
    2014-04-18 at 4:35 pm

    ་་་་་ དུར་ས་འདིའི་ནང་ལོ་ན་བཅུ་དགུ་ཡིན་པའི་བོད་ཀྱི་བུ་ཞིག་གི་བེམ་པོ་ཡང་སྦས་ཡོད། ཁོང་ནི་ངས་ངོ་ཤེས་པའི་ཡ་རབས་ཀུན་མཐུན་གྱི་བོད་པའི་བུ་ཞིག་ཡིན། ཁོང་ཨེ་རག་གི་དམག་འཁྲུག་ཁྲོད་༢༠༠༥ལོའི་སྤྱི་ཟླ་བཞི་བའི་ཚེས་གཉིས་ཉིན་འདས་གྲོངས་སུ་གྱུར། གནས་ཚུལ་འདིར་གཟིགས། http://projects.militarytimes.com/valor/marine-lance-cpl-tenzin-dengkhim/764517

  2. ཀརྡོ་གཉེར་ཕྱག་པ་ says:
    2014-04-18 at 11:32 pm

    ཨ་རི་མི་རིགས་དཀ་པོས་བརྒྱ་ཕྲག་གཉིས་ལྷག་ཙམ་རིང་ལ། རེག་ཨིནཌི་ཡན་ལུང་ནང་ལ། དུར་ས་ཆེན་པོ་འདི་འདྲ་བཟོས་དུས། མ་འོངས་བོད་ནང་། རྒྱ་ཧེན་མི་རིགས་ཀྱིས། དུར་ག་ཆེ་ལོས་ག་ཚོད་ཙམ་བཟོ་གྲབས་ཡོད་དམ། ལགས།

  3. ཀརྡོ་གཉེར་ཕྱག་པ་ says:
    2014-04-18 at 11:36 pm

    ལྷ་སར་ཁ་ཆེའི་དུར་ས་སྔར་ནས་ཡོད། ད་དུང་དུར་སས་ཁེངས་ན། མི་རབས་གསར་པ་ཚོ། གང་དུ་འཚོ་གནས་ཐུབ་བམ། དུར་སས་ཁོར་ཡུག་དང་། ས་ཁང་ལ་གནོད་པ་དེ་ཡང་ཤེས་དགོས་ཡ་ཅིག་རེད་འདུག་གདའ།

  4. བྱམས་པ says:
    2014-04-19 at 9:39 pm

    གཞན་གྱི་ལུང་པ་བཅོམ་་་་གཞན་གྱི་མི་རིགས་བསད་་་འདི་འདྲའི་བསད་བཅོམ་བྱེད་མཁན་གྱིས་དུར་ས་ལ་མ་འགྲོ་ན་ལེགས་

  5. ཨ་ནུ་ཐང་བསོད་ནམས། says:
    2014-04-20 at 6:24 pm

    གནས་ཚུལ་ངོ་སྤྲོད་བྱས་བ་ཡག་བྱུང་། ཐུགས་རྗེ་ཆེ།

  6. ཨ་མྱེས་རི་རབ། says:
    2014-04-22 at 11:12 am

    ཡག་པོ་འདུག།

  7. ས་ལེ་སྦྲམ། says:
    2014-04-23 at 1:07 pm

    བཀའ་དྲིན་ཆེ། ཉིད་ཀྱིས་ཟིན་ཐོ་ཡག་པོ་ཞིག་སྤེལ་འདུག འདི་འདྲའི་རིགས་མུ་འཐུད་ནས་་་

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme