Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཨ་རིའི་ཡི་གེ་ཀློག་བདེ་རུ་ཕྱིན་པའི་གསང་བ།

Posted on 2009-06-102009-06-10 By tenzin 13 Comments on ཨ་རིའི་ཡི་གེ་ཀློག་བདེ་རུ་ཕྱིན་པའི་གསང་བ།

ཁ་ས། ངས་ཨ་རིའི་ནིའུ་ཡོག་དུས་བབ་ (New York Times) ཀྱི་རྩོམ་སྒྲིག་པ་ཟུར་པ་ཞིག་མཇལ་བྱུང་། ཁོང་ད་ལྟ་ལོ་བརྒྱད་བཅུ་ལྷག་ཟིན་ཞིང་། ལོ་བཞི་བཅུ་ལྷག་རིང་གསར་འགྱུར་གྱི་བྱ་བ་བསྒྲུབས་འདུག རྗེས་ལ། ཚགས་པར་དང་དུས་དེབ་ལས་ཁུངས་གཞན་ནས། དམིགས་བསལ་གདན་འདྲེན་བཞུས་ནས། གསར་འགྱུར་གྱི་རྒྱུད་ལམ་དེ་ཚོའི་སྐད་ཡིག་གི་གསལ་ཆ་ལེགས་སུ་གཏོང་བའི་བྱ་བ་ལོ་མང་པོ་གནང་འདུག ཉེ་ཆར་ཁོང་ལ་ཨ་རིའི་གཞུང་ནས་རོགས་དངུལ་འབོར་ཆེན་ཞིག་གནང་ནས་ཨ་རིའི་གཞུང་གིས་བེད་སྤྱོད་གནང་བའི་ཡིག་ཆ་ཁག་གི་སྐད་ཡིག་གི་སྤུས་ཚད་དང་། སྐད་ཡིག་གི་གསལ་ཆ་ཡར་རྒྱས་ཡོང་བའི་བྱ་བ་སྒྲུབ་བཞིན་འདུག

ཁོང་གིས་ང་ལ་གསུངས་པར། སྤྱི་ལོ་༡༩༤༠ནས་༡༩༧༠བར་ལ། ཨ་རིའི་སྤྱི་ཡོངས་ཀྱི་ཡིག་ཐོག་གི་སྐད་ཡིག་བེད་སྤྱོད་བྱེད་སྟངས་དེ་རྙོག་ཟིང་ཅན་ཞིག་ཡིན་པ་དང་། མི་མང་པོ་ཞིག་གིས་ཀློག་པ་པོ་ལ་བསམ་གཞིགས་མེད་པར། རང་གི་རྩོམ་སྟངས་དང་འབྲི་སྟངས་ངན་པ་རྣམས་ལ་ཆེས་བཞེན་པ་ཆེན་པོ་སླེབས་ནས། ཚིག་མཁྲེགས་པོ་དང་། ཚིག་གྲུབ་རིང་པོ། ཚིག་གི་གཅོད་སྟངས་དང་སྦྲེལ་སྟངས་ལ་ཚད་གཞི་མེད་པར་བརྟེན། ཨ་རིའི་ཡིག་ཆ་དེ་ཚོ་རྙོག་ཟིང་ཆེ་ལ། ཡིག་རྙོག་མང་བ། ད་དུང་ནང་དོན་གསལ་པོ་མེད།


དེར་བརྟེན། ཨ་རིའི་མང་ཚོགས་ཀྱིས་ཚགས་པར་དང་དུས་དེབ། དེ་བཞིན་གཞུང་གི་ཡིག་ཆ་མང་པོ་ཞིག་གི་གོ་བ་ལེན་ཐུབ་ཀྱི་མེད། མཐའ་ན་སློབ་གྲྭའི་སློབ་དེབ་ནང་གི་ཡི་གེ་དེ་དག་ཀྱང་གསལ་པོ་མེད་པས་ན། སློབ་མས་གོ་བ་ལེན་ཐུབ་ཀྱི་མེད། དེས་སྤྱི་ཚོགས་སྤྱི་ལ་གྱོང་གུན་དང་དཀའ་ངལ་མང་པོ་སྤྲད།

རྗེས་ལ། ཨ་རིའི་གྲོས་ཚོགས་ནང་ལ་དཀའ་ངལ་དེ་ཚོའི་སྐོར་ལ་བསམ་འཆར་སླེབས་ནས། གཞུང་གིས་གཏན་འབེབ་ཤིག་བཟོ་རྩིས་བྱས་པས་ན། དེར་གསར་འགྱུར་སྡེ་ཁག་དང་རྒྱུད་ལམ་རྣམས་ཀྱིས་སྐྱོན་བརྗོད་སྤེལ་ནས། ཨ་རིའི་གཞུང་གིས་གཏམ་བརྗོད་རང་དབང་ལ་ཐེ་འཇུས་བྱེད་ཀྱི་འདུག་ཅེས་ཟེར། ཨ་རིའི་གཞུང་གིས། “བྱས་ན། ཁྱེད་ཚོ་ཚོགས་པ་ཁག་དང་མི་སྒེར་གྱིས་ལས་འགུལ་ཞིག་སྤེལ་ནས། སྐད་ཡིག་གི་གསལ་ཆ་དང་གོ་སླའི་སྤྲུས་ཚད་ལེགས་བཅོས་བྱེད་རོགས།“ཅེས་མངགས།

སྐབས་དེ་དུས། གུས་པའི་ངོ་ཤེས་དེ་ནིའུ་ཡོག་དུས་བབ་ཀྱི་རྩོམ་སྒྲིག་པ་རྒན་པ་ཞིག་ཡིན་ཞིང་། ཁོང་ཚོས་ལས་ཁུངས་ནང་གྲོས་བསྡུར་བྱས་རྗེས། གཤམ་གསལ་གྱི་གཏན་འབེབ་རྣམས་བཟོས་འདུག གཏན་འབེབ་དེ་ལ་བརྟེན་ནས། ནིའུ་ཡོག་དུས་བབ་ཀྱི་ཚགས་པར་དེ་ཀློག་བདེ་རུ་ཕྱིན་པ་དང་། གོ་སླ་རུ་ཕྱིན་ནས། ཚགས་པར་ཉོ་མཁན་ཤིན་དུ་རྒྱ་བསྐྱེད་བྱུང་འདུག ལས་འགུལ་འདི་རྗེས་སུ་ཨ་རིའི་ཚགས་པར་དང་རྒྱུད་ལམ་གཞན་ལ་ཁྱབ་འདུག ཨ་རིའི་ཕན་ཀྲ་ཀན་ཟེར་བའི་དམག་སྒར་དང་། དེ་བཞིན་གཞུང་གི་ལས་ཁུངས་ཁག་ནས་ཀྱང་གོང་གི་གཏན་འབེབ་ལྟ་བུ་ལག་བསྟར་བྱས་སྟབས། ཨ་རིའི་ནང་བྲིས་སྟབས་བདེ་རུ་གཏོང་ཐུབ་པ་དང་། དེས་རྩོམ་གྱི་གོ་བརྡ་བཀྲོལ་བར་ཕན་པ་ཤིན་དུ་བྱུང་འདུག ནིའུ་ཡོག་དུས་བབ་ཀྱི་གཏན་འབེབ་ནི་འདི་ལྟར་རེད་འདུག

༡༽ ནིའུ་ཡོག་གི་དུས་བབ་ཚགས་ཤོག་དེའི་སྐད་ཡིག་གི་ཚད་དེ་ཨ་རིའི་འཛིན་གྲྭ་བཅུ་པ་དང་བཅུ་གཅིག་གིས་ཕྲུ་གུས་རྟོགས་ཐུབ་པ་ཞིག་ཡིན་དགོས།

༢༽ ཚགས་པར་འགོད་མཁན་གྱིས། ཚིག་གྲུབ་གཅིག་གི་ཆ་སྙོམས་ཀྱི་ཚིག་རྐང་དེ་བཅུ་གཉིས་ལས་རྒལ་མི་ཆོག

༣༽ བརྗོད་བྱའི་མིང་ཚིག་དེ་དག་རྒྱུན་སྤྱོད་ཀྱི་ཐ་སྙད་གཙོ་བོ་བེད་སྤྱོད་གཏོང་དགོས་པ་དང་། གལ་ཏེ་རྒྱུན་སྤྱོད་མིན་པའི་ཆེད་ལས་ཐ་སྙད་ཡིན་ན། ངེས་པར་དུ་ཐ་སྙད་དེའི་ནང་དོན་འགྲེལ་བཤད་རྒྱག་དགོས།

༤༽ རྩོམ་གཅིག་གི་ནང་དམིགས་བསལ་ཐ་སྙད་དམ། ཆེད་ལས་ཐ་སྙད་བཞི་ལས་མང་བ་བེད་སྤྱོད་བྱེད་མི་ཆོག

གོང་གི་གཏན་འབེབ་དེས། ནིའུ་ཡོག་དུབ་བབ་ཚགས་པར་དེ་ཁྱོན་ཡོངས་ནས་གོ་བདེ་རུ་ཕྱིན་པ་དང་། ཀློག་བདེ་རུ་ཕྱིན་ནས། མང་ཚོགས་ཀྱིས་དགའ་སྣང་དང་གཅེས་སྤྲད་བྱེད་པའི་ཚགས་པར་ལེགས་ཤོས་ཤིག་ལ་འགྱུར་འདུག

ངའི་གྲོགས་པོ་དེས་གསུངས་རྒྱུར། སྐབས་དེ་དུས། རྩོམ་པ་པོ་མང་པོ་ཞིག་གིས་རྩོམ་སྟངས་ལ་སྒྱུར་བ་ཆེན་པོ་གཏོང་དགོས་བྱུང་ཡོད། རྩོམ་པ་པོ་ལ་ལས་རྩོམ་འབྲི་མཚམས་བཞག་སོང་། ཁ་ཤས་ནི། རྩོམ་གྱི་མ་གཞི་དེ་ཉིན་གཅིག་ལ་བྲིས། དེ་ལ་ཉིན་གསུམ་གྱི་བཟོ་བཅོས་རྒྱབ་དགོས་པ་ཡང་བྱུང་སོང་། ཡིན་ནའི། གོང་གི་གཏན་འབེབ་དེས་ཨ་རིའི་ཁྱོན་ཡོངས་ཀྱི་སྐད་ཡིག་ཁ་གསལ་བ་དང་། གོ་སླ་བ་ཡོང་བར་བྱས་རྗེས་ཆེན་པོ་བཞག་ཡོད་གསུངས། ཁོང་གིས་མཐར་གསུངས་རྒྱུར། སྐད་ཡིག་ཉར་ཚགས་དང་དར་སྤེལ་གཏོང་དགོས་ན། སྐད་ཡིག་དེ་ལས་སླ་མོ་ཞིག་ཡིན་པ། ཀློག་སླ་བ། གོ་བ་ལེན་སླ་བ། ཡིད་ལ་འཇགས་སླ་བ་ཞིག་བྱུང་ན། སྐད་ཡིག་དེ་འཕེལ་བར་ཕན་པོ་ཆེན་པོ་འདུག དཔེར་ན། དེང་སང་ཨ་རིའི་ནང་ཡི་གེ་བྲིས་མཁན་མང་ཤོས་དེ་བྱིས་པ་རྣམས་རེད། ཁོང་ཚོས་ཁ་པར་དང་གློག་ཀླད་ཀྱི་ཐོག་ནས་ཡི་གེ་མང་པོ་གཏོང་གི་ཡོད། ཨ་རིའི་ཡི་གེ་དེ་སྐད་ཡིག་གཞན་དང་བསྡུར་ན་ལས་སླ་བ་ཡོད།

ཁོང་གི་བཀའ་སློབ་དེས་ང་ལ་དྲན་པ་ཞིག་སྟེར་བ་ནི། ང་རང་ལོ་དྲུག་ཙམ་ཡིན་དུས། བོད་ཡིག་སྦྱངས་མགོ་བརྩམས། ཉིན་དང་པོ་དེར། རྒན་ལགས་ཀྱིས། སྦྱང་ཤིང་སྟེང་། སླའོ། ཀ་ཁ་ག་ང་། ཅེས་བྲིས་གནང་བ་དྲན་གྱི་འདུག སྐབས་དེ་དུས་ཁོང་གིས་སླའོ་ཞེས་བྲི་དགོས་པའི་རྒྱུ་མཚན་འདི་ཅི་ཡིན་ནམ།

གསར་འགྱུར།, དཔྱད་རྩོམ།

Post navigation

Previous Post: བསམ་ཚུལ་ཞིག་བསྐྱར་དུ་གླེང་བ།
Next Post: མནར་གཅོད་ཀྱི་གོ་རིམ་ཞིག་ 1-7

Comments (13) on “ཨ་རིའི་ཡི་གེ་ཀློག་བདེ་རུ་ཕྱིན་པའི་གསང་བ།”

  1. བསམ་ཤེས། says:
    2009-06-10 at 8:43 pm

    གྲོགས་པོ་ལགས།

    ངས་ཀྱང་བོད་ཡིག་ཐོག་མ་སྦྱོང་དུས། སླའོ། ཅེས་དཔེ་དེབ་ཐོག་བྲིས་པ་མཐོང་བྱུང་། འདིའི་ནང་དོན་ཅི་རེད། 

    གོང་གི་རྩོམ་ཡིག་འདི་ལ་ནང་དོན་གཏིང་ཟབ་འདུག ངས་ཀྱང་བོད་ཡིག་འདི་རྒྱ་ཡིག་དང་དབྱིན་ཡིག་ལས་ཀློག་དཀའ་བ། ནང་དོན་རྟོགས་དཀའ་བ། འབྲི་དཀའ་བ་ཞིག་མཐོང་གི་འདུག 

  2. ཀླུ་སྨྱོན། says:
    2009-06-10 at 10:02 pm

    སླའོ་ཞེས་པ་འདི་ནི་ཐོག་དང་པོ་ནས་བཟུང་སྟེ་ཁྱོད་ཀྱིས་དཀའ་ལས་རྒྱག་ཐུབ་ན་བོད་ཡིག་སྦྱོང་རྒྱུ་དེ་ཧ་ཅང་ལས་སླའོ་ཞེས་སེམས་ཤུགས་བསྐྱེད་ཐབས་ཤིག་མིན་ནམ་བསམས།

  3. སྨྱུག་རྒོད་གངས་བུ་དཔལ། says:
    2009-06-11 at 1:46 am

    ཚངས་དབྱངས་ཀྱི་མ་རྩོམ་དེར་དགའ་མོས་དང་ཡིད་རངས་ཤོར་བྱུང་། ཁྱོད་ཀྱི་གྲོགས་པོ་པོ་ལགས་དེས་བཤད་པ་དེ་ལ་རྒྱུ་མཚན་ཞེ་དྲག་འདུག། ང་ཚོའི་མི་རིགས་ནང་བོད་ཡིག་ཡར་རྒྱས་གཏོང་ཐབས་སུ་དེབ་དང་ཚགས་པར་མང་པོ་འདོན་བཞིན་པ་དེ་ཚོར་ཡང་གོང་གི་ཆ་རྐྱེན་དེ་ལྟ་བུ་དགོས་གལ་འདུག་ན།

    ངོས་བཙན་བྱོལ་ནང་དུས་དེབ་དང་ཚགས་པར་བཀོད་ཕྱོགས་ཐད་བསམ་འཆར་གྱི་དོན་ཚན་བདུན་དྲན་པ་འདིར་བཀོད་ན།

    ༡ བརྗོད་བྱེད་ཀྱི་ཚིག་རྣམས་རྒྱུན་ལྡན་གྱི་ངག་སྐད་དུ་བེད་སྤྱོད་ཡོད་ཤས་ཚེར་བཀོད་ཐོག་འཛིན་རིམ་བཅུ་གཉིས་འཐོན་པའི་སློབ་མས་ནང་དོན་རྟོགས་ཐུབ་ཙམ་ཡོད་པ།

    ༢ རྩོམ་ཡིག་གི་ནང་ཤད་གང་མང་ཡོད་པ།

    ༣ རྩོམ་ཡིག་གི་ནང་ཚིག་འཐོན་པོ་དེ་འདྲ་བེད་སྤྱོད་སྐབས་འགྲེལ་བཤད་ལོགས་སུ་མཆན་བུ་རྒྱག་རྒྱུ།

    ༤ རྩོམ་ཡིག་ནང་དབྱིན་ཇི་དང་རྒྱ་ཡིག་སོགས་ཀྱི་མིང་ཚིག་འགོད་སྐབས་གནང་མེད་མ་བྱས་པར་སྒྲ་མདངས་ཚད་ལྡན་བོད་ཡིག་ཐོག་བྲིས་པའི་རྗེས་དབྱིན་ཇི་དང་རྒྱ་ཡིག་གང་ཡིན་དེ་ངེས་པར་བཀོད་དགོས།

    ༥ རྩོམ་ཡིག་བརྗོད་བྱ་རྣམས་སྤྱི་བམ་མམ་ཡང་ན་རྒྱུས་མེད་ཀྱི་མི་སྒེར་གྱི་གནས་ཚུལ་མི་སྙན་པ་དེ་འདྲ་མིན་པར་སྤྱི་ཚོགས་ཀྱི་དགོས་འཁོ་དང་འབྲེལ་བ་དགོས།

    ༦ ཚགས་པར་སོགས་ཀྱི་སྟེང་གནས་ཚུལ་ཞིག་སྤེལ་མགོ་བརྩམས་ཟིན་རྗེས་མུ་འཐུད་མཇུག་སྐྱོང་དགོས་པ།

    ༧ ཚགས་པར་སོགས་ཀྱི་ནང་གསར་འགྱུར་ལྟ་བུ་བརྗོད་བྱ་གཅིག་གིས་ཉོབ་རུ་མ་བཅུགས་པར་ཡ་མཚན་དངོས་བྱུང་དང་། བྱིས་པའི་ལེ་ཚན་སོགས་དང་། འཛམ་གླིང་རྒྱས་བཤད་སོགས་ཀྱི་ཚ་ཚ་འུ་འུར་བཟོ་དགོས།

  4. གསར་བརྗེ་སྐྱབས། says:
    2009-06-11 at 5:53 am

    ནེའུ་ཡོག་དུས་བབ་ཀྱི་གཏན་འབེབ་དེ་དག་བོད་ཡིག་སྤྱོད་མཁན་ཞིག་འདུག དེ་ནི་སྐུ་ཞབས་པདྨ་འབུམ་ལགས་རེད། ཁོང་གིས་བརྩམས་གནང་པའི་དྲན་ཐོ་རྣམ་གཉིས་དང་། སྨྱུག་མིང་འདྲ་མིན་འོག་སྤེལ་བའི་རྩོམ་ཐུང་དང་།ཟིན་བྲིས། མཆན་བུ་བཅས་ལ་ཁྱད་ཆོས་དེ་དག་ལྡན་ཡོད།

  5. བསམ་ཤེས། says:
    2009-06-11 at 2:25 pm

    ངོ་མ་ཡག་པོ་འདུག ང་རང་ཡང་དི་རིང་ནས་བཟུང་། ཡི་གེ་ཀློག་བདེ་བ་ཞིག་དང་། གོ་བདེ་བ་ཞིག་ཡོང་བར་བརྩོལ་བ་བྱེད་དོ།

    རྡ་རམ་ས་ལའི་ཤེས་བྱ་དུས་དེབ་འདི་མཚམས་རེ་ཤིན་དུ་གོ་ཁག་པོ་འདུག

  6. བློ་བཟང་། says:
    2009-06-11 at 10:34 pm

    བོད་ཡིག་གོ་བདེ་པོ་ཞིག་སྔོན་མ་”ངོས་ཀྱི་ཡུལ་དང་ངོས་ཀྱི་མི་དམངས།”ཞུ་བའི་རྒྱལ་བའི་རྣམ་ཐར་འདི་རེད་འདུག དེ་དུས་ང་རང་འཛིན་གྲྭ་༩པ་འགྲིམ་བཞིན་ཡོད། ལོ་རྒྱུས་འདིའི་ནང་དོན་ཚང་མ་ཧ་གོ་སོང་། ཀློག་བདེ་པོ་འདུག དེབ་ཀྱི་མིང་དེ་ཡང་འདི་འདྲའི་གོ་བདེ་པོ་ཞིག་རེད།

    ད་ལྟ་བསམ་བློ་གཏོང་དུས། རྒྱལ་བ་རིན་པོ་ཆེ་ནི་ཕྱི་ནང་གང་ས་ནས་བལྟས་ཀྱང་། ཀུན་སྤྱོད་ཚང་མ་ཕལ་པའི་ཚུལ་བཟུང་མཁན། ཡིག་ངག་གང་ཡིན་རུང་། གསལ་པོ་དང་། གཙང་མ། གཡོ་རྒྱུ་མེད་མཁན་གྱི་དབུ་ཁྲིད་གཅིག་རེད་འདུག ལྷག་པར་དུ་ཐུགས་སེམས་ལ་ང་རྒྱལ་ཀུན་ནས་མེད་པ་ལྟ་བུ་རེད། ག

  7. dorgyel says:
    2009-06-15 at 4:16 am

    ཚངས་དབྱངས་ཀྱི་རྩོམ་ཡིག་ནི་དངོས་གནས་དྲང་གནས་གནད་འགག་ཅན་ཞིག་རེད་འདུག། དེ་ལ་མཆན་བུ་བཀོད་མཁན་རྣམས་ཀྱིས་ཀྱང་ཡག་པོ་བཀོད་འདུག། ད་ལྟའི་བར་ངས་བོད་མི་དག་གིས་བྲིས་པའི་རྩོམ་ཡིག་མང་པོ་བཀླགས་མྱོང་བའི་གྲལ་ནས་སྐྱབས་བཅོལ་བོད་མི་དག་གིས་བྲིས་པའི་རྩོམ་ཡིག་རྣམས་གོ་བདེ་པོ་འདྲ་དང་རྒྱ་ནག་ཏུ་ཡོད་པའི་བོད་མིས་བྲིས་པ་རྣམས་གོ་དཀའ་བ་འདྲ་མཐོང་བྱུང་།

  8. ར་ས་ཕོ་ཉ། says:
    2011-04-27 at 1:42 pm

    དེ་རིང་དགོད་བྲོ་པོ་བྱུང་། ཆུ་ངོགས་གཏམ་རྒྱུད་ཀྱི་ནང་རླུང་འཁོར་ནག་པོ་ལེ་ཁུའི་ལ་རླུང་འཁོར་ནག་པོ་རྫུས་མ་ཐུག་པའི་ལོ་རྒྱུས་ཡོད་པ་བཞིན། ཁོ་བོར་སྨྱུག་རྒོད་གངས་བུ་དཔལ་རྫུན་མ་ཞིག་ད་ལེན་ཐུག་སོང་། ཧ་ཧ། དངོས་གནས་བགད་མོ་སློང་མཁན་རེད། ད་ལྟ་སྨྱུག་རྒོད་གངས་བུ་དཔལ་ཤི་མེད་པར་སོང་མིང་རྫུན་མ་བྲིས་ནས་ཟིན་བྲིས་མ་སྤེལ་རོགས། མ་ཞིག་དྲ་རྒྱའི་དོ་དམ་པས་སྨྱུག་རྒོད་གངས་བུ་དཔལ་སུ་ཡིན་ཤེས་ཀྱི་ཡོད་གཤིས།

  9. ར་ས་ཕོ་ཉ། says:
    2011-04-27 at 1:46 pm

    གོང་གི་མཆན་དེ་ནོར་འཁྲུལ་ཤོར་ནས་བཀོད་འདུག དགོངས་དག་ཞུ་རྒྱུ་ཡིན།

  10. ར་ས་ཕོ་ཉ། says:
    2011-04-27 at 1:49 pm

    གོང་གི་མཆན་དེ་ནོར་འཁྲུལ་ཤོར་ནས་བྲིས་པ་ཡིན་ན། དགོངས་དག་ཞུ་རྒྱུ་ཡིན།

  11. ཐུབ་བསྟན་འཇིགས་མེད། says:
    2011-04-27 at 1:56 pm

    ཨ་རོ་སྐད་ཆ་ཆོ་མེད་རྒྱོ་མ་བཤད།

  12. ལུང་རྟོགས། says:
    2011-04-27 at 3:38 pm

    བོད་ཡིག་གོ་བདེ་རུ་གཏང་དགོས་རྒྱུར་མོས་འཐུན་ཡོད། འོན་ཀྱང་ང་ཚོའི་རི་ལྟར་སྤུང་པའི་བཀའ་དང་བསྟན་ཆོས་འདི་ཚོ་ཇི་ལྟར་གོ་བདེ་རུ་གཏང་དགོས་སམ།

  13. སྟག་སྨྱོན། says:
    2011-04-27 at 4:09 pm

    གོང་གི་རྒྱུ་མཚན་དེ་ཚོ་དམིགས་ཡུལ་དང་ལག་ལེན་མ་ནོར་བའི་ཐོག་ནས་ཟུར་ལྟ་བྱས་ན་ལེགས་ངེས།
    ༡། འཛིན་རིམ་བཅུ་བ་དང་བཅུ་གཉིས་ཀྱི་སློབ་ཕྲུག་ཚོས་ཀློག་ཐུབ་དགོས་བཤད་འདུག འཛིན་གྲྭ་བཅུ་བའི་ཤེས་ཚད་ཙམ་ཡང་མེད་མཁན་ཚོའི་ཆེད་དུ་སྐད་ཡིག་ལ་གང་བྱུང་སླ་བཅོས་བྱེད་ཐབས་མེད་པ་ཤུགས་ནས་བསྟན་མི་འདུག་གམ།
    ༢། མི་རིགས་ཀྱི་སྐད་ཡིག་གི་རྨང་གཞིའི་གནས་ལུགས་ལ་གནོད་སྐྱོན་མ་བཏང་བའི་ཐོག་ནས། སྐད་ཡིག་དེ་འབྲི་ཀློག་བདེ་རུ་གཏོང་དགོས་པ་གཙོ་བོ་རེད་མི་འདུག་གམ། དེ་འདྲ་ཡིན་ཙང་བཙན་བྱོལ་ནང་མཁས་མིན་མཁས་རློམ་ཅན་ཚོས། བོད་ཡིག་འབྲི་ཀློག་ཤེས་པ་ལ་ངེས་པར་དུ་ལེགས་སྦྱར་གྱི་སྐད་ཡིག་ལད་ཟློས་ཡུན་ཁུལ་གྱིས། ཕྱིར་ལོག་དང་བརྩེགས་ཡིག་བསྲེས་ནས། ཀློག་མཁན་གྱི་སྤྲོ་སྣང་འབུར་འཇོམས་བྱེད་ཐབས་དེ། ཕན་ལས་གནོད་ཆེ་བ་མི་འདུག་གམ། དེ་ནི་སླ་བ་དཀའ་རུ་དང་ཉོག་རུ་བཏང་མ་རེད་དམ། པད་མ་ཚེ་དབང་སོགས་ཀྱིས་བསམ་བློ་ཡག་པོ་ཐོངས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme