Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཨ་རིའི་མཐོ་སློབ་བསྟི་གནས་ཁང་དུ་ཞལ་འདེབས་གནང་བ་དིས་ཁ་ཡོད་ལག་ཡོད་ཀྱི་ཁེ་ཕན་ཞིག་ཡོང་སྲིད་དམ།

Posted on 2010-09-282010-09-28 By ཁ་བརྡ་ 10 Comments on ཨ་རིའི་མཐོ་སློབ་བསྟི་གནས་ཁང་དུ་ཞལ་འདེབས་གནང་བ་དིས་ཁ་ཡོད་ལག་ཡོད་ཀྱི་ཁེ་ཕན་ཞིག་ཡོང་སྲིད་དམ།

བསྟན་འཛིན་ཉིན་བྱེད།

༢༠༡༠ ཟླ་ ༩ ཚེས་ ༢༧ ཉིན་ཨ་རིའི་རྒྱལ་ནང་གསར་ཤོག་ནེའུ་ཡོག་དུས་བབ་ New York Times ནང་གནས་ཚུལ་ཐོན་གསལ་ལྟར་ན། ༧གོང་ས་མཆོག་གིས་སེམས་ཁམས་རིག་པ་བ་ Psychologist འབུམ་རམས་པ་དེབི༹ད་སོན་ Dr. Davidson གྱིས་ཆེས་འཛུགས་བྱས་པའི་མེ་ཏི་སེན་སེམས་ཀྱི་འཕྲོད་བསྟེན་དཔྱད་ཞིབ་བསྟི་གནས་ ཁང་ Center for Investigating Healthy Mind དུ་ཨ་སྒོར་ཁྲི་ལྔ་ཞལ་འདེབས་གནང་རྒྱུའི་ཞལ་བཞེས་གནང་འདུག

གནས་ཚུལ་འདི་བཞིན་ཕྱོགས་གཅིག་ནས་བལྟས་ན་དགའ་འོས་པ་ཞིག་ཡིན་སྲིད། གང་ཡིན་ཟེར་ན་བསྟི་གནས་ཁང་གིས་དངུལ་འབོར་དེ་དག་སྒོམ་རྒྱག་སྟེ་བྱམས་སྙིང་ རྗེ་འཕེལ་རྒྱས་གཏོང་རྒྱུའི་ཉམས་ཞིབ་ཐད་བེད་སྤྱོད་གཏོང་རྒྱུ་ཞིག་ཡིན་པ་རེད། གལ་ཏེ་ཉམས་ཞིབ་ཚགས་ཚུད་ཅིག་བྱུང་ཚེ་འགྲོ་བ་མིར་ཕན་རྒྱུ་ཡིན་པས་དགེ་བའི་ལས་ ཤིག་རེད།

ཡིན་ནའང་ཕྱོགས་གཞན་ཞིག་ནས་བསམ་བློ་གཏོང་ཚེ་དངུལ་འབོར་ཕོན་ཆེ་དེ་ འདྲ་ཞལ་འདེབས་གནང་བ་དེ་ཏག་ཏག་བསྡད་ཡོད་མེད་ང་ལ་བློ་དོགས་ཞིག་སྐྱེས་བྱུང་། དེའི་རྒྱུ་མཚན་གཙོ་བོ་ནི། ང་ཚོ་བཙན་བྱོལ་བ་ཚོ་ས་ཏིལ་བྲུ་ཙམ་ཞིག་མེད་པ་མ་ཟད། དཔལ་འབྱོར་གྱི་ཆ་ནས་ཆེས་ཉམས་དག་ཅན་ཞིག་ཡིན་པ་རེད། ལྷག་པར་དུ་ཨ་རི་ནི་འཛམ་གླིང་གི་དམག་སྲིད་དང་དཔལ་འབྱོར་གང་ཅིའི་ཐད་ནས་སྟོབས་ ཤུགས་ཆེ་ཤོས་ཞིག་ཡིན་སྟབས་ང་ཚོ་སྐྱབས་བཅོལ་ཡུལ་མེད་ཉམས་དག་ཅིག་གིས་ཞལ་ འདེབས་སྤྲད་པ་དེ་བློ་ཡུལ་དུ་ཤོང་ཁག་པོ་ཞིག་རེད་འདུག་ གལ་ཏེ་ཉམས་ཞིབ་དེ་ཆེས་གལ་ཆེ་ཞིག་ཡིན་ན་ཨ་རིའི་གཞུང་དང་གཞུང་འབྲེལ་མ་ཡིན་ པའི་སྒྲིག་འཛུགས་ཁག་ནས་འགྲོ་གྲོན་གཏོང་ན་འཚམས་པ་ཞིག་འདུག་སྙམ།

ལར་ ནས་ཨ་རིའི་གཙུག་ལག་སློབ་གྲྭ་ཆེན་མོས་བྱམས་སྙིང་རྗེར་ཉམས་ཞིབ་བྱས་པའི་འབྲུ་ དོན་འདིས་ང་ཚོ་བོད་པ་ཚོར་ཁ་ཡོད་ལག་ཡོད་ཀྱི་ཁེ་ཕན་གང་འདྲ་ཞིག་རག་རྒྱུ་ཡོད་ མེད་ཐོག་དྲི་བ་ཞིག་རང་བཞིན་གྱིས་སེམས་ལ་ཤར་སོང་། ལ་ལས་ཞལ་འདེབས་ཕོན་ཆེ་དེ་འདྲ་གནང་བར་བརྟེན་༧གོང་ས་མཆོག་གི་སྐོར་ཨ་རིའི་སྙན་ གྲགས་ཆེ་ཤོས་ཀྱི་ཚགས་ཤོག་ནང་གནས་ཚུལ་ཐོན་པ་རེད་ཅེས་བརྗོད་སྲིད་པས་རྒྱུ་མཚན་ མེད་པ་ཞིག་མིན་མོད། ཡིན་ནའང་གནས་ཚུལ་ཞིབ་ལྟ་བྱས་སྐབས་༧གོང་ས་མཆོག་ནི་བོད་མིའི་ཆོས་ཀྱི་དབུ་ ཁྲིད་ Tibetan Spiritual Leader རེད་ཅེས་བྲིས་པ་མ་གཏོགས་ཆོས་སྲིད་གཉིས་ལྡན་གྱི་དབུ་ཁྲིད་ Spiritual and Political Leader of Tibet ཅེས་འཁོད་མི་འདུག འདི་ནི་ཆེད་མངགས་ཏུ་བྲིས་པ་ཞིག་ཡིན་ཅིང་། གོ་དོན་གཙོ་བོ་ནི་བོད་རྒྱའི་བཙན་རྒྱལ་འོག་ཡོད་པའི་དྲང་བདེན་གྱི་ཆབ་སྲིད་ ཀྱི་གནད་བབ་ལ་གདེང་འཇོགས་མ་བྱས་པ་ཞིག་རེད།

དེར་ བརྟེན་ངའི་བློར་ཨ་རིའི་སེམས་ཁམས་རིག་པ་ཞིག་ལ་ཨ་སྒོར་ཁྲི་ལྔ་ཞལ་འདེབས་གནང་པ་ ལས་དངུལ་འབོར་དེ་དག་བོད་ཕྲུག་ན་གཞོན་བློ་སེམས་བཀྲ་བ་ལ་ལར་མ་མཛུགས་བྱས་ཏེ་ སེམས་ཁམས་རིག་པ་ཇི་སྙེད་ཅིག་གསོ་སྐྱོང་བྱེད་ན་ལེགས་པ་མི་འདུག་གམ་ཞེས་དྲི་བ་ ཞིག་ཤར་སོང་།།

རྩོམ་རིག

Post navigation

Previous Post: རང་སྲོག་བཅད་པའི་གསང་བ།
Next Post: ཤེས་ཡོན་གྱི་རྩ་དོན་བཞི།

Comments (10) on “ཨ་རིའི་མཐོ་སློབ་བསྟི་གནས་ཁང་དུ་ཞལ་འདེབས་གནང་བ་དིས་ཁ་ཡོད་ལག་ཡོད་ཀྱི་ཁེ་ཕན་ཞིག་ཡོང་སྲིད་དམ།”

  1. མེ་ཏོག་དཀར་པོ། says:
    2010-09-28 at 9:15 am

    ཁྱོད་ཀྱིསབཤད་པ་དེ་བདེན་ན་ཐང་།

  2. གླིང་སྐལ་བཟང་། says:
    2010-09-28 at 9:45 am

    བསྟན་འཛིན་ཉན་བྱེད་དང་འཇམ་ནོར་སོགས་སྐལ་མེད་སར་སྐེ་བསྲུང་རྒྱུར་དགའ་བ་ལ། ༧གོང་ས་མཆོག་གིས་ཞལ་འདེབས་གནང་བའི་ཨ་སྒོར་དེ་༧གོང་ས་མཆོག་སྐུ་སྒེར་གྱི་རེད། ཕན་ཐོག་ཡོད་ས་ཞིག་ལ་ཞལ་འདེབས་གནང་བ་དེ་ངོ་སོ་བསྟོད་ཡ་རང་རེད། དེ་ལ་ཕྲག་དོག་བྱེད་ཡ་འདྲ་འདུག་གམ། ༧གོང་ས་མཆོག་གིས་བོད་མི་སྒེར་དང་གཞུང་ལ་ཞལ་འདེབས་ག་ཚོད་གནང་བ་རེད། སློབ་ཕྲུག་ག་ཚོད་གསོ་སྐྱོང་གནང་བ་རེད། བསམ་ཤེས་མེད་པའི་སྐད་ཆ་འདི་འདྲ་ཉོག་གཏམ་རང་རེད།

  3. རིག་བཟང་། says:
    2010-09-28 at 11:34 am

    གླིང་སྐལ་བཟང་གིས་བཤད་པར་རྒྱུ་མཚན་འདུག་པས་བདེན་པར་རྒྱབ་སྐྱོར་ཡོད།

  4. རྡོ་རྗེ་ངང་དཀར། says:
    2010-09-28 at 11:56 am

    གུ་དོགས་པོའི་སེམས་ཕྲལ། ༧གོང་ས་མཆོག་གི་སྐུ་སྒེར་ནས་ཞལ་འདེབས་གནང་བ་དེ་ནི་དགོས་པ་རྒྱུ་མཚན་མ་པོ་ཡོད་པ་ཞིག་རེད།
    གནད་ལུགས་མ་རྟོགས་པའི་འཆལ་གཏམ་དེ་འདྲ་དྲ་ཐོག་སྤེལ་ན་ཧ་ཅང་ཐལ་ཆེ་བ་ཞིག་རེད།

    དེང་གི་ཆར་ཨ་རི་ནང་དུ་ལས་ཀ་ཞིག་བཙལ་དགོས་ནའང་བོད་མི་ཡིན་པ་ཙམ་གྱིས་ལས་ཀ་སྤྲོད་ཆེ་བའི་ལྟ་ཚུལ་ཞིག་ཨ་རི་བའི་མང་ཚོགས་ཀྱི་སེམས་ཁོང་སུ་བསྐྲུན་ཡོད་པའི་བྱེད་པ་པོ་༧གོང་ས་མཆོག་ཁོང་རེད།
    ༧གོང་ས་མཆོག་ཁོང་གི་ནང་གི་ཐུགས་བཤིས་དང་ཕྱིའི་ཀུན་སྤྱོད་སོགས་ཀྱིས་ཁོང་དག་གི་ཡིད་ཡོངས་སུ་འཕྲོག་པར་བརྟེན་དེའི་རྗེས་འཇུག་པའམ་དེའི་མི་སེར་ལའང་བལྟ་ཚུལ་དེ་འདྲ་ཞིག་འོང་པ་རེད།

    མི་ཤེས་པ་དག་སྨྲ་བ་ཉུང་ན་མཛེས།

    དེ་ག་རང་གི་བཙན་བྱོལ་བོད་རྒྱ་ཆེ་མི་མང་ལ་ཕན་བརླབ་ཆེན་པོ་ཞིག་དང་བཀའ་དྲིན་བརྗོད་ལས་འདས་པ་ཞིག་ཡིན་པ་ཤེས་དགོས།

  5. རྡོ་རྗེ་ངང་དཀར། says:
    2010-09-28 at 12:01 pm

    རང་ལ་ཇི་ཙམ་ཡོད་པ་རང་གི་ཕ་མ་བུ་ཕྲུག་དང་ནང་མི་སྤུན་མཆེད་སོགས་རང་གི་དགའ་ཉེ་དང་རང་ཕྱོགས་ཁོ་ནར་བེད་སྤྱོད་གཏོང་བ་ནི་འཛམ་གླིང་ནང་བརྒྱ་ཆ་དགུ་བཅུ་གོ་དགུས་དེ་ག་རང་བྱེད་ཀྱི་ཡོད་པས་དེ་ལ་ཧ་ལས་དགོས་ཡ་དང་ངོ་མཚར་དགོས་དོན་ཅང་མེད།

    དེས་ན་༧གོང་ས་མཆོག་གིས་བོད་མའི་བུ་ཕྲུག་ཚོར་དུས་ན་ཡང་ཐུགས་ནས་བརྗེད་མྱོང་མེད་ཀྱང་མཚམས་རེ་དགོས་པ་ལ་ལྟོས་ན་དེ་ལྟར་གནང་དགོས་གལ་ཆེ་བས་ཧ་ཅང་ཐལ་བའི་གཏམ་ཐ་ཆད་དེ་འདྲ་མ་ཤོད་སྐུ་ཆེ་གསུང་ཆེ།
    ངའི་རེ་བ་དང་འབོད་བསྐུལ་ཡིན།

  6. གཙང་ཁའི་བུ says:
    2010-09-28 at 1:09 pm

    བསྟན་འཛིན་ཉིན་བྱེད། ཁྱོད་ཀྱིས་༼གནས་ ཚུལ་འདི་བཞིན་ཕྱོགས་གཅིག་ནས་བལྟས་ན་དགའ་འོས་པ་ཞིག་ཡིན་སྲིད། གང་ཡིན་ཟེར་ན་བསྟི་གནས་ཁང་གིས་དངུལ་འབོར་དེ་དག་སྒོམ་རྒྱག་སྟེ་བྱམས་སྙིང་ རྗེ་འཕེལ་རྒྱས་གཏོང་རྒྱུའི་ཉམས་ཞིབ་ཐད་བེད་སྤྱོད་གཏོང་རྒྱུ་ཞིག་ཡིན་པ་རེད། གལ་ཏེ་ཉམས་ཞིབ་ཚགས་ཚུད་ཅིག་བྱུང་ཚེ་འགྲོ་བ་མིར་ཕན་རྒྱུ་ཡིན་པས་དགེ་བའི་ལས་ ཤིག་རེད།
    ཡིན་ནའང་ཕྱོགས་གཞན་ ཞིག་ནས་བསམ་བློ་གཏོང་ཚེ་དངུལ་འབོར་ཕོན་ཆེ་དེ་ འདྲ་ཞལ་འདེབས་གནང་བ་དེ་ཏག་ཏག་བསྡད་ཡོད་མེད་ང་ལ་བློ་དོགས་ཞིག་སྐྱེས་བྱུང་། དེའི་རྒྱུ་མཚན་གཙོ་བོ་ནི། ང་ཚོ་བཙན་བྱོལ་བ་ཚོ་ས་ཏིལ་བྲུ་ཙམ་ཞིག་མེད་པ་མ་ཟད། དཔལ་འབྱོར་གྱི་ཆ་ནས་ཆེས་ཉམས་དག་ཅན་ཞིག་ཡིན་པ་རེད། ལྷག་པར་དུ་ཨ་རི་ནི་འཛམ་གླིང་གི་དམག་སྲིད་དང་དཔལ་འབྱོར་གང་ཅིའི་ཐད་ནས་སྟོབས་ ཤུགས་ཆེ་ཤོས་ཞིག་ཡིན་སྟབས་ང་ཚོ་སྐྱབས་བཅོལ་ཡུལ་མེད་ཉམས་དག་ཅིག་གིས་ཞལ་ འདེབས་སྤྲད་པ་དེ་བློ་ཡུལ་དུ་ཤོང་ཁག་པོ་ཞིག་རེད་འདུག་ གལ་ཏེ་ཉམས་ཞིབ་དེ་ཆེས་གལ་ཆེ་ཞིག་ཡིན་ན་ཨ་རིའི་གཞུང་དང་གཞུང་འབྲེལ་མ་ཡིན་ པའི་སྒྲིག་འཛུགས་ཁག་ནས་འགྲོ་གྲོན་གཏོང་ན་འཚམས་པ་ཞིག་འདུག་སྙམ། ༽ཞེས་བཤད་འདུག དོན་འདི་ཁམ་བུ་ཟ་འདོད་དང་། ཁམ་ཤིང་བཅག་འདོད་གང་ཡིན་ཆ་མ་མཆིས་ཀྱང་། འོན་ཏེ་ངས་ཁྱོད་ཀྱི་དེ་ལྷག་བསམ་ལ་རེ་ནས་ལན་འདི་འབྲི་བ་ཡིན། དང་པོ་ཁྱོད་ཀྱི་རྩོམ་དེ་རང་ཉིད་ཕྱོགས་རིས་ཆགས་སྡང་གོང་བུ་ཞིག་གིས་ལྟ་ས་ནས་བལྟས་ཏེ་༸གོང་ས་མཆོག་གི་མཛད་པར་ཞུ་ཐལ་ཤོར་བ་ཞིག་རེད། དེ་ཡིན་པ་ནི་ཁྱོད་ཀྱིས་༼ལར་ ནས་ཨ་རིའི་གཙུག་ལག་སློབ་གྲྭ་ཆེན་མོས་བྱམས་སྙིང་རྗེར་ཉམས་ཞིབ་བྱས་པའི་འབྲུ་ དོན་འདིས་ང་ཚོ་བོད་པ་ཚོར་ཁ་ཡོད་ལག་ཡོད་ཀྱི་ཁེ་ཕན་གང་འདྲ་ཞིག་རག་རྒྱུ་ཡོད་ མེད་ཐོག་དྲི་བ་ཞིག་རང་བཞིན་གྱིས་སེམས་ལ་ཤར་སོང་།༽ཞེས་པ་འདིས་གསལ་བོར་བྱས་འདུག ཡང་ན་ང་ཚོ་བོད་པ་སྒེར་གྱི་བདེ་སྡུག་དང་མ་འབྲེལ་ན་༸གོང་ས་མཆོག་གིས་མཛད་པ་དེ་མཛད་སྐྱོན་ཤོར་བ་ཞིག་རེད་དམ། འདི་ནི་འཇིག་རྟེན་གྱི་གཏམ་དཔེ་ལ། སྐྱ་ལམ་སེར་ལམ་ཁ་ཁ་རེད། །འབྲུག་བྲེ་ལུའི་ལམ་དེ་རྫ་ལམ་རེད་ཅེས་པ་ལས་ང་ཚོ་དང་ཁོང་གི་མཛད་སྤྱོད་མི་འདྲ་བ་དེ་ཤེས་ངེས་པ་ཤིག་རེད།

    དེ་ཙམ་མ་ཟད་༸གོང་ས་མཆོག་ནི་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ཀྱི་མངའ་བདག་ཅིག་ཡིན་པས་ཁོང་གིས་སེམས་ཅན་ཐམས་ཅད་བདེ་བས་ཆེད་དུ་མཛད་སྤྱོད་རྒྱ་གང་ཆེན་གནང་གིན་ཡོད་ན། ཁྱོད་ཀྱི་རྣམ་རྟོག་དེ་ལ་རིན་ཐངཅི་ཡང་མེད་པ་ཞིག་ཏུ་མ་ཤེས་སམ།

  7. ཀླུ་སྨྱོན། says:
    2010-09-28 at 5:41 pm

    གོང་ས་མཆོག་བོད་མིའི་དབུ་ཁྲིད་ཙམ་ཞིག་མ་ཡིན་པར་འཛམ་གླིང་སྟེང་གི་དབུ་ཁྲིད་སྙན་གྲགས་ཆེ་ཤོས་ཤིག་ཡིན་པའི་ངོས་ནས་ཞལ་འདེབས་དེ་སློབ་གྲྭ་དེར་གནང་བ་ནི་རྒྱུ་མཚན་དང་ལྡན་པ་ཞིག་ཏུ་མཐོང་སོང་། གོང་ས་མཆོག་གི་མཚན་སྙན་ལན་གཅིག་འཕར་ན་ཡང་དེས་བོད་དོན་ལ་ཕན་ཐོགས་མ་གཏོགས་གནོད་པ་ཞིག་ཡོང་མི་སྲིད་པ་ཞིག་རེད། ཡིན་ན་ཡང་མི་སྐོར་ཞིག་གིས་དེར་དམིགས་ནས་རང་རང་གི་བསམ་ཚུལ་སྤེལ་བ་ཙམ་ལ་ཡང་དགག་རྒྱག་བྱེད་པ་ནི་དབུ་ཁྲིད་འདིས་བོད་པའི་སྤྱི་ཚོགས་ལ་ལམ་ཁ་སྟོན་གནང་མཛད་པའི་དམངས་གཙོ་དང་རང་དབང་ཞེས་པའི་ཐ་སྙད་ལྗིད་ཁོག་ཚ་བོ་འདི་གཉིས་དང་འཚམ་གི་མི་འདུག་སྙམ། སྨྲ་བརྗོད་རང་དབང་དང་དམངས་གཙོའི་ཁེ་དབང་དེ་ནི་མེ་ལོང་ཞིག་ཡིན་པའི་དབང་དུ་བཏང་ན། དེའི་ནང་དུ་མི་མཆོག་དམན་ཚང་མའི་གཟུགས་བརྙན་འཆར་ཆོག་པ་ཞིག་མིན་ནམ།

  8. ལྷ་དབང says:
    2010-09-28 at 11:11 pm

    བོད་དམངས་གཙོ་གཞུང་གི། ཆོས་སྲིད་གཉིས་ཀྱི་དབུ་འཁྲིད། ༧གོང་ས་མཆོག་ཡིན་པ་ཁས་ལེན་གྱི་ཡོད་ན་།ངེས་པར་ཏུ་དམངས་གཙོའི་ཐོབ་ཐང་ལོངས་སུ་སྤྱོད་ནས། ༧གོང་ས་མཆོག་གི་མཛད་སྤྱོད་ལ་སོ་སོའི་བསམ་ཚུལ་ཞུ་མཆོག་དགོས། དམག་ཤོག་ཡིན་ན་གནས་ཚུལ་ཐ་དད་རེད་།

  9. རང་བཙན་ལྡེའུ་ says:
    2010-09-29 at 3:14 am

    བསྟན་འཛིན་ཉིན་བྱེད་ ༧གོང་ས་མཆོག་ནས་སྒོར་ཁྲི་ལྔ་ཞལ་འདེབས་གནོང་རྒྱུའི་ཞལ་བཞེས་གནང་ཡང་རུང་ འབུམ་ལྔ་ཞལ་འདེབས་གནོང་རྒྱུའི་ཞལ་བཞེས་གནང་ཡང་རུང་ དེ་ནི་
    དང་པོ་ ༧གོང་ས་མཆོག་སྐུ་སྒེར་གྱི་ཕྱག་དངུལ་ཞིག་རེད་།
    གཉིས་པ་ ནང་ཆོས་དང་སེམས་གཁམས་རིགས་པའི་བགྲོད་གླེང་དེ་༧གོང་ས་མཆོག་ནས་གལ་ཆེར་གཟིགས་ཏེ་སྐུ་ཞབས་ཌེ་ཝིཌ་སོན་གྱི་གཙོས་འཛམ་གླིང་གི་ཚན་རིགས་པ་མང་པོའི་ལྷན་དུ་ལོ་ལྟར་བགྲོད་གླེང་ཚོགས་འདུ་གནང་མུས་རེད་།
    གསུམ་པ་ ༧གོང་ས་མཆོག་ནས་འགྲོ་བ་མིར་ཕན་ཐོག་དང་བདེ་སྐྱིད་འབྱུང་བའི་ཆེད་དུ་ཕྱི་ནང་མི་རིགས་ཀུན་ལ་ཉེ་རིང་ཆགས་སྡང་མེད་པར་ཞལ་འདེབས་གནོང་བའི་དགོས་པ་རྒྱུ་ཚན་གལ་ཆེན་ཞིག་ལ་གཟིགས་ནས་གནང་བ་དེ་ལ་ “ཕྱུགས་པོའི་རྒྱུ་ལ་སྤྲང་པོའི་སེར་སྣ” ་ཞེས་པའི་དཔེ་ལྟར་ ཁྱེད་རང་འཕང་སེམས་བྱེད་དགོས་ལེ་མ་རེད་། བོད་དང་བོད་མི་རིགས་ཀྱི་བདེ་དོན་དུ་༧གོང་ས་མཆོག་ནས་ད་བར་སྐུ་ཚེ་ཧྲིལ་པོ་གཅིག་རིང་སྐུ་ངལ་སྐྱོན་བཞིན་པ་དེ་ལ་ཐུགས་རྗེ་ཆེ་ཞུ་མེད་པར་ ད་དུང་༧གོང་ས་མཆོག་གི་ཞལ་འདེབས་གནང་སྟངས་འགྲིགས་མིན་འདུག་མདོག་མདོག་བཀའ་དྲིན་བསམ་ཤེས་མེད་པའི་སྐྱོན་འཛུགས་འདི་འདྲ་ཇི་ལྟར་འཕོད་དམ་ ༧གོང་ས་མཆོག་གི་བཀའ་དྲིན་གྱིས་བོད་ཕྲུག་ཚོའི་ཆེད་དུ་རྡ་ས་བུ་ཕྲུག་ཁྱིམ་སྡེ་དང་དེའི་ཡན་ལག་གང་སར་ཡོད་པ་རྣམས་ མ་སུ་རིའི་བུ་ཁྱིམ་ དེ་བཞིན་བོད་མིའི་སྤྱི་ཚོགས་གང་སར་གཏན་སློབ་དང་ཉིན་སློབ་ཁག་ལ་བལྟོས་དང་ འཛམ་གླིང་རང་བཙན་ཡོད་པའི་རྒྱལ་ཁབ་མང་པོས་ནང་གི་སློབ་གྲ་ཁག་ལས་མཐུན་རྐྱེན་བཟང་པ་དང་ ཉམས་དོད་པ་ ཟས་གོས་གནས་མལ་སོགས་གང་སྤྱིའི་ཆ་རྐྱེན་ཧ་ལས་པའི་འདེངས་ངེས་ཡོད་རེད་ ཁྱོད་རང་ཡང་གཏན་གཏན་སློབ་ཡོན་དང་ ཟས་གོས་གནས་མལ་སོགས་རིན་མེད་ཡིན་པའི་གོང་གི་སློབ་གྲ་ཞིག་ནང་འགྲོ་མྱོང་ཡོད་ཁན་ཞིག་ཡིན་ཞི་རེད་ དེ་ན་བོད་ཕྲུག་ན་གཞོན་ཚོར་རང་ཉིད་ལ་ཤེས་ཡོན་ལེན་པའི་ཀླད་པ་དང་ སྙིང་རུས་ ཁུར་བརྩོན་ ཤེས་ཡོན་གྱི་འདྲན་སེམས་སོགས་མི་ལྡང་བ་ལས་དངུལ་དང་ཕྱི་དངོས་པོས་མཐུན་རྐྱེན་མི་ལྡང་བ་ཡེ་ནས་ཡོད་མ་རེད་།།

  10. གཙང་ཁའི་བུ says:
    2010-09-29 at 5:58 am

    དྲ་གྲོགས་ཚོ། དམངས་གཙོ་དང་རང་དབང་གིས་བེད་སྤྱད་གཏོང་བ་ནི་དོན་དངོས་ཡིན་ཀྱང་། རབ་བྱུང་ན་རྒྱུ་མཚན་ཡོད་ན་བཟང་། དེ་མིན་དམངས་གཙོ་དང་རང་དབང་གི་ཐ་སྙད་འདི་ནི་ངོ་མ་སྐམ་པོ་ཞིག་ཏུ་མཐོང་གི

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme