Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཨ་རིའི་མངའ་སྡེའི་མིང་བོད་ཡིག་ལ་འགོད་པ།

Posted on 2012-02-042012-02-04 By tenzin 20 Comments on ཨ་རིའི་མངའ་སྡེའི་མིང་བོད་ཡིག་ལ་འགོད་པ།

འདིར་ཨ་རིའི་མངའ་སྡེ་ཁག་གི་མིང་བོད་ཡིག་ཐོག་འབྲི་སྟངས་ཤིག་བསམ་འཆར་དང་བགྲོ་གླེང་ཡོང་ཆེད་འབུལ་བ་བའོ།  སྒྲིག་སྟངས་འདིའི་ཁྱད་ཆོས་གཙོ་བོ་ནི།  བོད་མིའི་ངག་ལ་སྒྲ་ཡོང་བདེ་བ་དང་བློ་ལ་འཆར་བདེ་བའི་དབང་དུ་བྱས་ནས་བསྒྲིགས་པ་ལགས།  ཚང་མའི་བསམ་འཆར་ལྷུག་པོར་གསུངས་རོགས་གནང་།  མཐའ་མའི་དམིགས་ཡུལ་ནི་བོད་གངས་ཅན་གྱི་སྐད་ཡིག་སྤྱོད་པ་པོ་རྣམས་ལ་གཅིག་འགྱུར་གྱི་ཐ་སྙད་ཡོང་བའི་གོམ་པ་དང་པོ་དེ་འོ།      གུས་ཚངས་དབྱངས་ནས།

 

Alabama-                 ཨ་ལ་སྦར་མ།

Alaska-                    ཨ་ལགས་སེར་ཁོ།

Arizona-                 ཨ་རི་རྫོང་།

Arkansas-               ཨར་མཁན་གསར་

California-              ཁ་ལེགས་ཕོར་སྣེ་ཡག

Colorado-               ཀ་ལ་རོལ་རྡོ།

Connecticut-           ཁ་ནག་སྤྲི་ཁ།

Delaware-               སྡེ་ལ་ཝར།

Florida-                  ཕོ་ལོར་རི་བྲག

Georgia-                 འབྱོར་ཇ།

Hawaii-                  ཧ་དབར་དབྱེ།

Idaho-                     ཨི་རྡར་ཧོ།

Illinois-                   ཨི་ལི་ནོར་དབྱེ།

Indiana-                 ཨིན་དྲ་དབྱར་ནག

Iowa-                      ཨ་གཡོར་དབར།

Kansas-                  མཁན་གསར།

Kentucky-               ཁན་སྟག་ཁྱེར།

Louisiana-              ཀླུ་བོ་ཙ་ན།

Maine-                   སྨན།

Maryland-               དམར་རི་ལན་སྐྲ།

Massachusetts-       མག་གསར་ཆུ་སེར།

Michigan-               མི་འཆི་གྱེན།

Minnesota-             མ་ནི་སོ་སྒྲ།

Mississippi-            མི་གསེར་སྲི་པི།

Missouri-               མི་སོར་རི།

Montana-                མོན་ཁྲ་ནག

Nebraska-               ནེབ་རག་སྲིད་ཁ།

Nevada-                  ནེ་དབར་རྟ།

New Hampshire-     ནེའུ་ཧམ་ཤར།

New Jersey-            ནེའུ་རྗར་ཛི།

New Mexico-          ནེའུ་མེ་སྲི་ཁོ།

New York-             ནེའུ་ཡོག

North Carolina-       བྱང་ཁ་རོགས་གླིང་ཁ།

North Dakota-         བྱང་དགྲ་འཁོར་རྟ།

Ohio-                      ཨོ་ཧ་གཡོག

Oklahoma-              ཨོག་ཁ་ཧོར་མོ།

Oregon-                  ཨོ་རེབ་གོང་།

Pennsylvania-         པན་སུར་པན་སྣེ་ཡག

Rhode Island-         རོ་དྲེ་གླིང་ཕྲན།

South Carolina-       ལྷོ་ཁ་རོགས་གླིང་ཁ།

South Dakota-         ལྷོ་དགྲ་འཁོར་རྟ།

Tennessee-             ཕྲལ་ནད་སེལ།

Texas-                    མཁྲེགས་གསར་ཟིག

Utah-                     གཡུ་ཐར།

Vermont-                དབར་མོན་དྲེ།

Virginia-                 དབར་སྦྱིན་སྣེ་ཡག

Washington-           ཝ་ཤིང་ཀྲོན།

West Virginia-        ནུབ་དབར་གཅིན་སྣེ་གཡར་

Wisconsin-             ཝ་སེ་ཀོན་སི།

Wyoming-              ཝ་ཡོང་མིན།

 

 

གསར་འགྱུར།

Post navigation

Previous Post: ཀྲུའུ་ཝེ་ཆོན་གྱི་ཁྱི་སྐད།
Next Post: བདེ་སྐྱིད་དང་བསྟན་ཆོས་ཀྱི་གླེང་མོལ།

Comments (20) on “ཨ་རིའི་མངའ་སྡེའི་མིང་བོད་ཡིག་ལ་འགོད་པ།”

  1. ཀླུ་སྨྱོན། says:
    2012-02-04 at 7:38 pm

    ཨཨཨ། ས་ཆ་འདི་མོ་འདི་གང་ཟིག་ན་ཡོད་ནི་རེད། ང་ཚོའི་གྲོང་ཁྱེར་འདི་ལ་ཡང་གསེར་ཡུལ་རོལ་བཏགས་ཡོད་པ་རེད། ང་ཚོས་ཀྱང་རྒྱ་མི་ནང་བཞིན་ཨ་རིའི་ས་མིང་མི་མིང་བོད་པ་གཅིག་པོས་མ་གཏོགས་མགོ་མི་ཚོས་ནི་རེ་འདོག་ཨེ་ཐུབ་ལྟ་ཡ།

  2. sungrab says:
    2012-02-04 at 8:13 pm

    Pleaase look at names of places and people in tibet. Chines have given such crazy names that we don’t even figure out as tibetan. I and almost all tibetan hate chinese for changing our beautiful names and people in tibet are trying to use their old names with a lot of problems like everything else. Now why do we want to change american names? If these names are hard to say or write, that is our problem and we should learn like everybody else. We came to the usa not that usa came to us. they have their own meanings that may not mean much to us but it means something to them. How do you like been called budd because your name is too hard to say. We have to respect others as we like others to respect us. Let not be like chinese. Thank you.

  3. ཉི་མ་མེ་ཏོག། says:
    2012-02-05 at 12:30 am

    ཁྱེད་ཀྱི་དགོངས་ཚུལ་གསུང་པ་དང་ངལ་བ་གནང་བར་བཀའ་དྲིན་ཆེ།
    དེ་འདྲ་ཞིག་བྱུང་ན་སྡུག་རྒྱུག་ཅི་མིན་འདུག།
    འོན་ཀྱང་ཁ་ཤས་རྗེས་འཇུག་མེད་པ་འདྲ་པོ་དང་རྗེས་འཇུག་མི་དགོས་སར་ཡོད་པ་འདྲ་པོ་འདུག་རྣམས།
    དཔེར་ན།
    Alaska ཨ་ལགས་སེར་ཁོ། ཞེས་པ་འདི། ཨ་ལ་སེ་ཁ།
    Massachusetts-མག་གསར་ཆུ་སེར། ལྟ་བུ མ་ས་ཆུ་སེ་
    Arizona-ཨ་རི་རྫོང་། ཨ་རི་མཛོ་ན། ལྟ་བུ་བྲིས་ན་ཅི་འདྲ་རེད།

  4. རིག་པའི་རྡོ་རྗེ། says:
    2012-02-05 at 2:36 am

    དེའི་སྐོར་ངས་སྔོན་ཆད་ཞིག་ནས་གླེང་མྱོང་ལ།   ང་རང་གིས་ད་སྐབས་མིང་ཁ་ཤས་བཀོལ་སྤྱོད་བྱེད་བཞིན་ཡོད།

    དཔེར་ན་ང་སྡོད་སའི་མངའ་སྡེ་ Virginia བུ་རྒྱས་གནས།   ང་སྡོད་སའི་གྲོང་ཁྱེར་ Charlottesville ཤར་ལྷོ་བསུ་དཔལ།  New York City ཉི་འོག་གྲོང་ཁྱེར།  Washington City ཝ་ཤིང་དྲུང་གྲོང་ཁྱེར་ལྟ་བུ་བྲིས་ན།   འབྲི་ཀློག་བདེ་བ་མ་ཟད།   ནང་དོན་ཞིག་ཀྱང་གོ་རྒྱུ་ཡོད།
    གལ་ཏེ་མིང་དོན་གྱི་འབྲེལ་བ་མི་འདུག་སྙམ་ན།   དེ་དགོས་ནི་མ་རེད།   དཔེར་ན་མི་ཞིག་གི་མིང་ལ་སངས་རྒྱས་བཏགས་པ་ལྟ་བུ་རེད།
    ཡང་དཔེར་ན་ང་སྡོད་སའི་གྲོང་ཁྱེར་  Charlottesville  ཤར་ལྷོ་བསུ་དཔལ་ ཕྱོགས་ཤར་ལྷོ་ན་ཡོད་མེད་དང་།   དེ་བསུ་དཔལཡིན་མིན་ལ་བསམ་བློ་གཏོང་དགོས་ནི་མ་རེད།   
    དེ་མིན་སྔགས་ཡིག་འདྲ་བོ་བྲིས་ན།   དོན་གོ་རྒྱུ་མེད་པ་མ་ཟད།   ཐ་ན་ཀློག་ཀྱང་མི་ཤེས་ལ་དག་ཆ་ཡང་གཅིག་མཚུངས་འབྱུང་དཀའ།   དེ་བས་ངའི་བསམ་ཚུལ་ལྟར་བྲིས་ན།   དོན་གོ་རྒྱུ་ཡོད་ཅིང་།   འབྲི་ཀློག་བདེ་ལ།   དག་ཆ་ཡང་གཅིག་མཚུངས་འབྱུང་རྒྱུ་ལས་སླ་བོ་རེད།
    རྣམ་པ་ཚོས་ཐུགས་བསམ་བཞེས་རོགས།

  5. ཀླུ་སྨྱོན། says:
    2012-02-05 at 2:52 am

    ད་ངས་ཨ་རིའི་ཞིང་ཆེན་ཁག་ཅིག་གི་མིང་ལབ་ཀི་ཡིན་པས་ཁྱེད་ཚོས་ངོས་ཟིན་མི་ཟིན་ལྟོས་ཨ། ག་ལེ་ཕེབ་ནས་ཨ། ཧ་ཤང་གྲོང་། མེ་གསོད་ཆུ་གསོད། ཨོ་རྒྱན། གཡུ་ཕྲ། ཨ་ལགས་བཟི་ཁ། ཨེ་རེད་ཟེར་ན། འཇོར་མཇེ་ཡ། གཉིས་གཡོར། བུ་མཇེ་ནུས་ཡ། ཉོལ་མེ་གསོད་ཀོ

  6. ཀ་དག་ཆོས་དབྱིངས། says:
    2012-02-05 at 3:49 am

    གོང་དུ་ཨ་རིའི་སྔ་སྡེ་ཁག་གི་མིག་རྣམས་བོད་ཡིག་ཏུ་དེ་ལྟར་ལབ་པ་ཡིན་ན་གཉིས་མེད་དོན་ཞར་ཞིག་ཏུ་ཆགས་འགྲོ་ས་རེད། སྒྲ་བསྒྱུར་དོན་བསྒྱུར་ག་རེ་བྱེད་ན་རྣ་ལམ་དུ་གོ་བདེ་བ་དང་ངག་ནས་བརྗོད་བདེ་བ་ཞིག་བྱུང་ན་གཟོད་ནས་བཀོལ་སྤྱོད་ཀྱི་དགེ་མཚན་ཆེ་བར་འཁུམས། མ་གཏོགས་གོང་གི་མིང་ཚིག་དེ་དག་བོད་སྐད་དུ་ལས་སླ་རུ་མ་བཏང་སྟེ་ད་དུང་དཀའ་་ལས་ཁག་རུ་བཏང་འདུག དཔེར་ན། ཨ་ལ་སེ་ཁ། ལྟ་བུ་ཞིག་ལ། ཨ་ལགས་སེར་ཁོ། ལབ་ན་ག་རེ་ལབ་རེད། སྒྲ་དོན་གཉིས་ཀར་གོ་རྒྱུ་མེད་པ་ཞིག་མ་ཡིན་ནམ།

  7. སྐྱ་མདའ། says:
    2012-02-05 at 11:01 am

    སྐུ་ཉིད་ཀྱི་བསམ་ཚུལ་ལ་དགའ་བསུ་ཡོད། འོན་ཀྱང་དབྱིན་ཡིག་གི་སྒྲ་གདངས་དང་བོད་ཡིག་གཉིས་ཕྱོགས་མང་པོ་ཐ་དད་དུ་འདུག་ན། བོད་པ་ཚོས་བོད་ཡིག་གི་ལམ་ནས་དེ་ལྟར་བཏོན་ཀྱང་། དབྱིན་ཇི་བ་ཚོས་ཕལ་ཆེར་མགོ་ཚོས་པ་མི་འདུག བྱས་ཙང་སྒྲ་གདངས་ལ་ད་དུང་འགྱུར་བ་གཏོང་དགོས། དཔེར་ན། མག་གསར་ཆུ་སེར། ཨ་ལགས་སེར་ཁོ། འདི་ལྟ་བུ་ཅུང་དགོད་བྲོ་བོ་འདུག་ག

  8. ཨ་རུ་ར། says:
    2012-02-05 at 4:43 pm

    ངས་ཡང་་གྲོང་ཁྱེར་ཁག་ཅིག་མིང་གཤམ་དུ་བྲིས་ཡོད། ཁྱེད་ཚོས་ངོས་ཟིན་ནམ། ཝ་ཤིན་ཀྲིན་སྒྲས་སི། ནོས་ཡོར་ཁུ། ཁ་ལི་སྤོ་ནི་ཡ། བེར་མོན་ཐ། ཝ་ཡོ་མེན། མོན་ཐ་ན། ནེ་བ་ད།

  9. འབའ་གནས། says:
    2012-02-07 at 1:25 am

    དབལ་གཤེན་གྲོང་།

  10. བནྡེ་སྐྱབས། says:
    2012-02-07 at 5:03 am

    དྲ་གྲོགས་ཚང་དབྱངས་ལགས་ཀྱིས་དོ་སྣང་དང་སེམས་འཁུར་ཆེན་པོས་གོང་གི་མིང་རྣམས་བོད་ཡིག་ཏུ་དཔྱད་གླེང་ཆེད་བཀོད་པར་ཐུགས་རྗེ་ཆེ།

    དབྱིན་ཡིག་བོད་སྒྱུར་བྱེད་སྐབས་སྒྲ་ཇི་བཞིན་སྒྱུར་རྒྱུའམ་ཡང་ན་དོ་སྒྱུར་གང་རུང་ཡིན་དགོས་མོད། གོང་གི་མངའ་སྡེ་དང་གྲོང་ཁྱེར་ཁག་གི་མིང་རྣམས་ནི་དབྱིན་ཡིག་གི་སྒྲ་ཇི་བཞིན་སྒྱུར་དགོས་པ་ལས་དོན་སྒྱུར་བྱ་མི་རུང་། དེ་བསམ་ཚུལ་ཙམ་ཡིན།

  11. སངས་རྒྱས། says:
    2012-02-07 at 6:00 am

    ཁྱེད་ཀྱི་བསམ་ཚུལ་ཡག་པོ་འདུག མ་ཚད་དཀའ་ལས་ཀྱང་བརྒྱབ་འདུག འོན་ཀྱང་བོད་ཡིག་དང་དབྱིན་ཡིག་གི་དག་ཆ་དང་སྒྲ་གདངས་དབར་ཏོག་ཙམ་ཏག་ཏག་བསྡད་མི་འདུག ལུང་པ་གཞན་གྱི་ས་མིང་དོན་སྒྱུར་ཡོང་མི་སྲིད། སྒྲ་སྒྱུར་ནི་སྦད་དེ་ནོར་འདུག་གོ།

  12. ཚངས་དབྱངས། says:
    2012-02-07 at 11:17 pm

    ཚང་མས་བསམ་འཆར་བཏོན་པར་ཐུགས་རྗེ་ཆེ། ངེས་པར་དུ་བསམ་གཞིགས་བྱེད་ཀྱི་ཡིན་ནོ།

  13. སྒྱུ་མ་ངལ་གསོ། says:
    2012-02-08 at 12:11 am

    རི་བོང་རྣམ་རྡེབ་ཀྱི་ཐུགས་ཕྲལ་གནང་བ་དེ་ཡག་པོ་རེད། ཡིན་ཡང་ཁྱེད་རང་རང་སྒེར་རེད། ངས་ངོས་ལེན་རྩ་བ་ནས་མོས་མཐུན་མེད། འདི་ཚོ་སྐད་བོད་ནས་གསར་དུ་འབྱོར་བའི་ཨིན་སྐད་རྩ་ནས་མི་ཤེས་མཁན་གྱི་རིག་ཞིག་རང་མདངས་རེད། སྒྲ་བསྒྱུར་དང་དོན་བསྒྱུར་འགྲིག་གི་མི་འདུག དོན་རང་སྐད་སུམ་རྟམས་མགོ་ཚོས་མིན་མི་ཤེས་པར་འདིའི་རིག་ཁྱབ་བརྡལ་སོང་ན་མི་ཡག་ཁི།
    California : ཁ་ལེགས་ཕོ་སྣེ་ཡ།་་་་??? ཁལ་ལི་ཕོར་ནི་ཡཱ།
    Maryland :དམར་ལིན་སྐྲ་??? མེ་རཱི་ལནྜ།
    Massachusetts : དམག་ས་ཆུ་ས??? མཱ་སཱ་ཆ་སིཊ།
    Michigan : མི་འཆི་གྱེན།???? མི་ཆི་གྷན།
    ངས་སྒྲུང་ཤིག་བཤད། སྔ་མོ་ལྷ་ས་ས་ནས་མི་ཚང་ཕྱུག་པོ་ཞིག་ཁོ་རང་ཡུལ དགོན་ལ་རྡོ་དྲིལ་ཆ་ཁ་ཤས་འབུལ་རྒྱ་གྲ་སྒྲིག་བྱས་། ཚོང་པ་ཞིག་ལ་སྐད་ཆ་དྲིས། ཚོང་པས་་ཀ་ལིང་པུང་ལ་བཀའ་བློན་དཔུང་། དྷར་ཇི་ལིང་ལ་་རྡོ་རྗེ་གླིང་བྲིས་ནས་། མི་ཚང་དེས་ཡ་རྡོ་རྗེ་གླིང་དེ་ཕལ་རྡོ་རྗེ་ཚོང་ས་ཞིག་ཡིན་ས་རེད་སྙམ་་་རྡོ་རྗེ་དེ་ནས་ཉི་བ་འགྲིག་འདུག་་་གལ་སྲིད་ཉི་རྒྱུ་མེད་ན་བཀའ་བློ་བཞུགས་ས་བཇའ་བློན་དོུང་ལ་འགྲོ་བས་སྐད་ཆ་འདྲི་རྩད་བྱས་ན་འགྲིག་བསམ་པ་རེད། གནས་ཚུལ་དེ་འདྲ་ཆག་ཡག་རང་རེད་འདུག། མི་འཆི་གྱེན། ཟེར་ན་མི འཆི་བའི་གནས་ཞིག་ཡིན་ན་བསམ་དོག་འདུག་ཧཧཧཧཧཧཧཧཧ་ད་བྲིས་འདུག

  14. སྒྱུ་མ་ངལ་གསོ། says:
    2012-02-08 at 12:27 am

    བན་དེ་སྐྱབས་ཁོང་རྣམསནས་གསུངས་པ་འདུག་པ་སྒྲ་དིན་བསྒྱུ་རྩ་ན་མི་འགྲིག་པ་རེད། མཁྱེན་སོང་ངམ།གིང་གི་སྒྲུང་དེ་གནས་དོན་ཡོང་ཉེན་ཡོད། མ་གཞི་ཁྱོད་ཨ་རི་མངའ་སྡེའི་མིང་དེ་བསྒྱུར་ཤེས་མི་ཤེས་ལས་ག་རེ་བྱས་ཡིན། དེ་འདྲ་དགོས་ཡག་པོ་བྱས་ནས་དྷ་སའི་དོེ་མཛོད་དང་ཝར་ཎའི་སྒྲ་བསྒྱུར་ཁང་ལ་སྐད་ཆ་བྲིས་དང་། དོན་མེད་ཚོགས་གཏམ་དེ་ཉོས་དགོས་ཡག་མེད། ཡིན་ཡང་ཁྱེད་རང་ལྷག་བསམ་ཡིན་གཤིས་ཐུགས་རྗེ་ཆེ། ཕྱིན་ཆད་འདིའི་རིག་གང་བསམ་བསམ་་མ་བྲིས་ན་ལེགས།་ཕན་པ་ལས་གནོད་ཆ་རྒྱུར་འགྲོ་ཉེན་ཆེ།

  15. ལུང་ཤར་ཚེ་སྟོབས། says:
    2012-02-08 at 2:52 am

    མིང་ཚིག་དེ་དག་སྒྲ་སྒྱུར་གནང་ན་ལེགས་ཀྱང་། དབྱིན་སྐད་ཀྱི་སྒྲ་གཙང་མ་ཞིག་སྒྱུར་གནང་དགོས་གལ་ཆེ།
    དེ་མིན་སོ་སོའི་ལུང་ཚན་གྱི་སྐད་གདངས་ཇི་བཞིན་རང་འདོད་ཁོ་ནས་བྲིས་ན་དགེ་ལས་སྐྱོན་ཆེ་བར་མངོན།
    དཔེར་ན།
    Dharamsala ལ་ཁམས་པ་ཁ་ཤས་ཀྱིས་རྡོ་རོང་ས་ལ་ཟེར་བ་དང་།
    ཡང་ལྷ་ས་བ་ཁ་ཤས་ཀྱིས་ Delhi ལ་ལྡི་ལས་ཡ་ཟེར་བ་སོགས་དང་འདྲ་བ་རེད།
    རྒྱ་གར་ལྷོ་ཕྱོགས་ཀྱི་ཡུལ་མི་ཚོས། དབྱིན་སྐད་གསལ་བྱེད་ M ལ་ཁ་སྐད་ནང་ ཡམ་མོ། ཟེར་བ་དང་།
    Right ལ་ Righto ཟེར་བ་སོགས་སོ་སོའི་ཁ་སྐད་ཇི་བཞིན་ཡིག་ཐོག་བྲིས་ན་སྐྱོན་ཆེ་བར་མཐོང་།

  16. ལུང་ཤར་ཚེ་སྟོབས། says:
    2012-02-08 at 3:04 am

    དེ་བཞིན་ས་ཆའི་མིང་དོན་སྒྱུར་གནང་ན་དེ་བས་སྐྱོན་ཆེ་བར་མཐོང་།

    མིང་མང་ཆེ་བས་གོ་དཀའ་ལ། སྒྱུར་དགོས་པའི་རྒྱུ་མཚན་ཡང་མ་མཐོང་།

    དཔེར་ན། རྒྱ་ནག་པས། America ལ་མའི་གྷོའོ། དང་ England ལ་དབྱིང་གྷོའོ། Germany ལ་དྷའ་གྷོའོ། བསྒྱུར་ནས་བྲིས་པས་སྐྱོན་ཆེན་པོ་ཡོད་པ་རྒྱ་མི་ཁོ་རང་ཚོས་ཤོད་ཀྱི་འདུག
    དཔེར་ན། བོད་ནང་གི་ངའི་གྲོགས་པོ་ཞིག་གིས་ཕྱི་རྒྱལ་རྒྱལ་ཁབ་ཁག་ཅིག་གི་མིང་རྒྱ་ཡིག་ནང་ཤེས་ཀྱི་ཡོད་ཀྱང་། རྒྱལ་སྤྱིའི་ཡོངས་གྲགས་མིང་གི་སྒྲ་མདངས་བེད་སྤྱོད་བྱེད་སྐབས་ཁོས་རྩ་བ་ནས་ཤེས་ཀྱི་མེད་པ་རེད།

  17. ལུང་ཤར་ཚེ་སྟོབས། says:
    2012-02-08 at 3:14 am

    དྲ་གྲོགས་ཚངས་དབྱངས་ཀྱིས་ཨ་རིའི་མངའ་སྡེའི་མིང་རྣམས་བོད་ཡིག་ནང་བསྒྱུར་རྒྱུའི་ངལ་བ་བརྟེན་པར་ཐུགས་རྗེ་ཆེ། འོན་ཀྱང་། སྒྲ་གདངས་ཁ་ཅིག་དབྱིན་སྐད་ཀྱི་སྒྲ་ཇི་བཞིན་མ་སྡད་པའི་ཁར་བསམ་ཚེ་དགོད་བྲོ་པོ་འདུག ཧ་ཧ་ཧ་

  18. བཀྲ་ཤིས། says:
    2012-02-17 at 9:54 pm

    ཤི་གཅིན་པིང་ཝ་ཤིང་དྲང་ལ་ཨ་ཁུ་པད་མ་ཐུགས་འདུག ཇོ་དཔལ་ལྡན་དང་ཧི་བླ་རི་ཡང་དེར་འདུག
    སང་ཉིན་ཨ་གཡོར་ཁ་ལ་འགྲོ་མཁན་རེད།

  19. གཉན་གཡག་ཕྲུག says:
    2012-02-17 at 11:59 pm

    ༄༅།། དྲ་གྲོགས་རྣམས་པ་མི་ཡུལ་གྱི་ས་མིང་བོད་མིང་ཡིན་མིན་ལ་ངལ་བ་བསྟེན་པ་ལས་རང་ཡུལ་གྱི་སམ་མིང་མང་པོ་རྒྱ་མིས་རྒྱ་མིང་དུ་བསྒྱུར་ཟིན་འདུག་པས་དགོངས་པ་བཞེས་དང་། དཔེར་ན་རང་རེའི་རྒྱལ་ས་ལྷ་སའི་རྩེ་ཕོ་བྲང་མདུན་གྱི་ཐང་ཆེན་ལ་རང་རེའི་སྐད་དུ་བཞུགས་ཁྲི་གླིང་ག་ཅེས་བོས་ཀྱང་ད་ཆ་རྒྱ་མིས་ཝན་ཧོའ་ཀུང་།
    ནོར་བུ་གླིང་གར་། རན་མིས་ཀུང་ཡོའན། ལྕང་གསེབ་ཤར་ལ། པེ་ཅིང་ལམ། ཀླུ་སྦུག། རྒྱལ་ཁ་ལམ། ལྟ་བུ་དེ་འདྲའི་ཐོག་ཐུགས་བསམ་བཞེས་རོགས། དེ་མིན་དུས་ཚོད་ལྷག་མ་ཡོད་ན་ཁ་འདོན་དགེ་སྦྱོར་རམ་དེ་མིན་རྨི་ལམ་གྱི་གྲོང་ཁྱེར་ལ་གཤེགས་ན་ལེགས་སོ།།

  20. Sonam says:
    2012-03-28 at 10:51 pm

    ལེགས་སོ། ཡག་པོ་འདུག་

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme