Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཨ་རིའི་བོད་མི་ཁ་ཤས་ཧྥུ་ལོ་རེ་ཌ་མངའ་སྡེའི་ནང་བསྐྱོད་ནས་གོམ་བགྲོད་ལས་འགུལ་མཇུག་སྐྱོང་བཞིན་པ

Posted on 2011-02-192011-02-19 By ཁ་བརྡ་ 2 Comments on ཨ་རིའི་བོད་མི་ཁ་ཤས་ཧྥུ་ལོ་རེ་ཌ་མངའ་སྡེའི་ནང་བསྐྱོད་ནས་གོམ་བགྲོད་ལས་འགུལ་མཇུག་སྐྱོང་བཞིན་པ

thumb1
གཡུ་ཞུན་དྲ་བ་ནས་བླངས།
སྐུའི་གཅེན་པོ་དམ་པ་སྟག་རྩེར་རིན་པོ་ཆེའི་སྲས་འཇིགས་མེད་ནོར་བུ་ལགས་ཀྱིས་ཨ་རིའི་ཧྥུ་ལོ་རེ་ཌ་མངའ་སྡེའི་ནང་བོད་དོན་ཆེད་གོམ་བགྲོད་གནང་བཞིན་པའི་སྐབས། རླངས་འཁོར་གྱི་རྡབ་སྐྱོན་ཁྲོད་སྐུ་གྲོངས་པས་གནས་ཚུལ་བྱུང་བའི་རྗེས་སུ།ཨ་རིའི་ཕྱོགས་མཐའ་ཁག་ནས་བོད་མི་ན་གཞོན་ཁག་ཅིག་ ཧྥུ་ལོ་རེ་ཌ་མངའ་སྡེའི་ནང་སོང་སྟེ་ བོད་དོན་གོམ་མགྲོད་ཀྱི་ལས་འགུལ་དེ་མུ་མཐུད་དུ་མཇུག་སྐྱོང་གི་ཡོད་པ་རེད།
སྐུའི་གཅེན་པོ་དམ་པ་སྟག་རྩེར་རིན་པོ་ཆེའི་སྲས་འཇིགས་མེད་ནོར་བུ་ལགས་ ཟླ་བ་འདིའི་ཚེས་ ༡༤ ཉིན་ ཨ་རིའི་ཧྥུ་ལོ་རེ་ཌ་མངའ་སྡེའི་ནང་ རྒྱང་ཐག་མེ་ལེ་༣༠༠ ལྷག་གི་བོད་དོན་གོམ་བགྲོད་ཀྱི་ལས་འགུལ་འགོ་འཛུགས་གནང་སྟེ་ ཉིན་དང་པོའི་གོམ་བགྲོད་ཀྱི་དགོངས་དྲོའི་ཚོུད་༧དང་ཕྱེད་ཀ་ཙམ་ལ་ གཞུང་ལམ་སྟེང་གློ་བུར་རླངས་འཁོར་རྡབ་སྐྱོན་ཁྲོད་སྐུ་གྲོངས་པའི་ཡིད་སྐྱོའི་གནས་ཚུལ་བྱུང་ཡོད་ལ། ས་ཁུལ་དེའི་ནང་སྲས་འཇིགས་མེད་ནོར་བུ་ལགས་ཀྱིས་བོད་དོན་གོམ་མགྲོད་ཀྱི་ལས་འགུལ་ཐོག་ གོ་སྒྲིག་མཐུན་འགྱུར་གནང་མཁན་ཨ་རི་བ་བུད་མེད་ཌོན་ཁེམ་རྦུ་རན་ཌི་ཡིས་ཨེ་ཕིས་གསར་སྤེལ་ཁང་ལ་བརྗོད་ན། ཚེས་༡༧ཉིན་གྱི་ཞོགས་པའི་དུས་ཚོད་བཅུ་བའི་ཐོག་སྲས་འཇིགས་མེད་ནོར་བུ་སྐུ་གྲོངས་སའི་ས་ཆ་དེ་ནས་བསྔོ་བ་སྨོན་ལམ་གྱི་ཞལ་འདོན་རྗེས་སུ།བོད་རང་བཙན་དང་འཛམ་གླིང་ཞི་བདེའི་ཆེད་ཀྱི་གོམ་མགྲོད་ཀྱི་ལས་འགུལ་དེ་ཡང་བསྐྱར་འགོ་བཙུགས་ཡོད་པ་དང་། ལས་འགུལ་འགོ་འཛུགས་ཀྱི་ཉིན་དང་པོའི་གོམ་མགྲོད་ནང་མཉམ་ཞུགས་གནང་མཁན་།བྱང་ཨ་རིའི་བོད་མིའི་སྤྱི་འཐུས་ཟུར་བ་དབང་ཕྱུག་རྡོ་རྗེ་ལགས་དང་། དེ་མིན་ནིའུ་ཡོག་ནས་བོད་མི་གསུམ་སོང་ཡོད་པའི་སྐོར་། ནིའུ་ཡོག་དང་ནིའུ་རྗིར་སུ་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་ངག་དབང་བཀྲ་ཤིས་ལགས་ཀྱིས་གསུང་རྒྱུར་།ནིའུ་ཡོག་ནས་ཚེ་རིང་དབང་མོ་དང་བློ་དགའ། སངས་དགའ་བཅས་གསུམ་པོ་སྲས་འཇིགས་མེད་ནོར་བུ་དམ་པ་དེའི་གོམ་བབགྲོད་མཇུག་སྐྱོང་ཆེད་འགྲོ་གི་ཡོད་ཟེར། དེ་བཞིན་མེ་ནི་སོ་ཌ་སོགས་ཨ་རིའི་ས་གནས་གཞན་དག་ནས་ཀྱང་བོད་མི་ཁ་ཤས་གོམ་བགྲོད་མཇུག་སྐྱོང་གི་ལས་འགུལ་ནང་མཉམ་ཞུགས་བྱེད་རྒྱུ་ཡིན་་པ་རྒྱལ་སྤྱིའི་བོད་རང་བཙན་ལས་འགུལ་ཁང་གིས་གནས་ཚུལ་སྤེལ་འདུག
དགུང་ལོ་༤༥ ཡིན་པའི་སྲས་འཇིགས་མེད་ནོར་བུ་དམ་པ་དེ་ནི། སྐུའི་གཅེན་པོ་དམ་པ་སྟག་འཚེར་རིན་པོ་ཆེ་མཆོག་གི་སྲས་གསུམ་ཡོད་པའི་ནང་གི་ཆུང་ཤོས་དེ་ཡིན་ལ། ༢༠༠༨ལོའི་ཟླ་དགུ་བར་སྟག་འཚེར་རིན་པོ་ཆེ་སྐུ་སྙུང་ནས་དགོངས་པ་རྗོགས་པའི་རྗེས་།སྲས་དམ་པ་འཇིགས་མེད་ནོར་བུ་ལགས་ཀྱིས་ཁོང་གི་ཡབ་དམ་པའི་ ལོ་མང་རིང་ནས་ བྱང་ཨ་རི་ཁུལ་དུ་བོད་རང་བཙན་དོན་ཆེད་གོམ་མགྲོད་ཀྱི་ལས་འགུལ་གནང་བཞིན་ཡོད་པ་དེ་མུ་མཐུད་མཇུག་སྐྱོང་ཆེད་།སྔ་རྗེས་སུ་བྱང་ཨ་རིའི་མངའ་སྡེ་མང་པོའི་ནང་ བོད་དོན་གོམ་མགྲོད་གནང་ཡོད་པ་མ་ཟད་། ན་ནིང་གི་སྤྱི་ཟླ་ ༡༢ པའི་ནང་ཐའེ་ཝན་གྱི་རྒྱལ་ས་ཐེ་པེ་ནས་ གྲོང་ཁྱེར་ཀོ་ཞུང་བར་ ཉིན་གྲངས་ ༡༣ རིང་གོམ་བགྲོད་གནང་ཡོད་པ་རེད་། ཡང་གནས་ཚུལ་ནང་བརྗོད་ན།ཨ་རིའི་ཨིན་ཏིས་ཨན་ན་མངའ་སྡེའི་རྦུ་ལུའུ་མིན་ཌོན་གྲོང་ཁྱེར་ནང་ཡོད་པའི་སྐུའི་གཅེན་པོ་སྟག་རྩེར་རིན་པོ་ཆེས་གསར་འཛུགས་དང་། དེང་སྐབས་ཨ་ཀྱྭ་རིན་པོ་ཆེས་བདག་སྐྱོང་གནང་བཞིན་པའི་སྐུ་འབུམ་བྱམས་བརྩེ་གླིང་དང་བོད་སོག་རིག་གཞུང་ལྟེ་གནས་ཁང་གིས་སྲས་དམ་པ་འཇིགས་མེད་ནོར་བུ་ལགས་ཀྱི་ཆེད་དུ་བསྔོ་སྨོན་བདུན་ཚིག་དང་ཞེ་དགུའི་སྨོན་ལམ་འགོ་འཛུགས་འགོ་འཛུགས་གནང་ཡོད་པ་ཨེ་ཕིས་གསར་སྤེལ་ཁང་གིས་ཚེས་༡༧ཉིན་གནས་ཚུལ་སྤེལ་འདུག
གསར་འགྱུར | གཡུ་ཞུན |

གསར་འགྱུར།

Post navigation

Previous Post: མ་བཅོས་སེམས་ཀྱི་འཆར་སྒོ།
Next Post: བཀའ་ཁྲིའི་འོས་མིའི་ལས་འགུལ་གྱི་འགྲོ་གྲོན་ཕྱི་གསལ་ནང་གསལ་དགོས།

Comments (2) on “ཨ་རིའི་བོད་མི་ཁ་ཤས་ཧྥུ་ལོ་རེ་ཌ་མངའ་སྡེའི་ནང་བསྐྱོད་ནས་གོམ་བགྲོད་ལས་འགུལ་མཇུག་སྐྱོང་བཞིན་པ”

  1. གཙང་ཞོལ་བདེ་གསལ། says:
    2011-02-19 at 1:29 am

    གདུང་སྲས་དམ་པ་འཇིགས་མེད་ནོར་བུ་ལགས་སུ། མྱ་ངན་ཆེན་པོས་གུས་འདུད་ཞུ།

  2. མིག says:
    2011-02-19 at 1:15 pm

    སྐྱེ་ཕོ་རབ་ཚོར་སྙིང་ནས་ཐུགས་རྗེ་ཆེ་ཞུ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme