Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཨ་རིའི་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་ཁྲིམས་འཆར ༢༠༢༠ པ།

Posted on 2020-12-30 By ཁ་བརྡ No Comments on ཨ་རིའི་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་ཁྲིམས་འཆར ༢༠༢༠ པ།

ལ་མོ་ཚུལ་ཁྲིམས།
 
ཨ་རིའི་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་ཁྲིམས་འཆར ༢༠༢༠ པ་འདི་ནི་ཨ་མེ་རི་ཀས་བོད་དོན་ཐད་བཞག་པའི་ལོ་རྒྱུས་ཐོག་གི་ཁྲིམས་འཆར་གལ་ཆེས་ཤོས་ཤིག་ཡིན། ཁྲིམས་འཆར་འདི་ལོ་གཉིས་ཀྱི་སྔོན་ལ་ཨ་མེ་རི་ཀའི་གྲོས་ཚོགས་འཐུས་མི་འཇམ་མེ་ཁཱེ་ཝས་James P. McGovern (D-MA) དང་། གྲོས་ཚོགས་འཐུས་མི་མར་ཁའོ་རོའོ་རྦེའོ་ Senator Marco Rubio (R-FL) རྣམ་གཉིས་ཀྱིས་ཨ་རིའི་གྲོས་ཚོགས་ལ་ངོ་སྤྲོད་གནང་ཞིང་། ཁ་སང་གཞི་ནས་ཨ་རིའི་སྲིད་གཞུང་གི་ཁྲིམས་སུ་བྱས་པ་རེད། ཨ་རིའི་གཞུང་གི་ཁྲིམས་སུ་བྱས་པ་འདིས་ཁྲིམས་འཆར་འདིའི་ལས་དོན་མཐའ་དག་ཨ་རིའི་སྲིད་གཞུང་གི་གཞུང་འབྲེལ་ལས་དོན་ཏུ་གྱུར་ཞིང་། ལས་དོན་འདི་ལེགས་འགྲུབ་ཡོང་བ་ལ་ཨ་རི་གཞུང་གིས་རྒྱུ་དངོས་དང་དབང་ཤུགས་གཉིས་ཀྱི་ལམ་ནས་ལེགས་འགྲུབ་ཡོང་བ་བྱེད་རྒྱུ་རེད།

ཁྲིམས་འཆར་འདིའི་ལས་དོན་གལ་ཆེན་ཁག་ནི།

• ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཐེ་བའི་བོད་ཀྱི་བླ་སྤྲུལ་རྣམས་ཀྱི་ཡང་སྲིད་ངོས་འཛིན་བྱེད་ཕྱོགས་ཐད་ལ་བོད་ཀྱི་ནང་བསྟན་ཁོ་ན་ལས་རྒྱ་ནག་གཞུང་གིས་ཐེ་ཇུས་བྱེད་མི་ཆོག

• གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གིས་བོད་ནང་གི་སྤྱི་ཚོགས་ལ་ཞུ་ཞབས་སྒྲུབ་བཞིན་ཡོད་པ་ལ་རོགས་སྐྱོར་བྱེད་རྒྱུ་ཡིན།

• ལྷ་སར་ཨ་མེ་རི་ཀའི་གཞུང་ཚབ་གསར་འཛུགས་བྱེད་དུ་མ་བཅུག་ཚེ་རྒྱ་ནག་གཞུང་གིས་ཨ་རིར་གཞུང་ཚབ་གསར་རྒྱག་བྱེད་མི་ཆོག

• ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་དམིགས་བསལ་འབྲེལ་མཐུད་པ་ལ་བོད་ཀྱི་གནད་དོན་དང ༧གོང་ས་མཆོག་གི་ཡང་སྲིད་ངོས་འཛིན་བྱེད་པའི་ཐད། གཞུང་འབྲེལ་ཐོག་རྒྱབ་སྐྱོར་དང་རོགས་རམ་བྱེད་རྒྱུའི་དབང་ཆ་ཡོད་པ།

• ཨ་རིའི་ཕྱི་སྲིད་ལས་ཁུངས་ནས། རྒྱལ་མཚམས་བརྒལ་བའི་བྱ་ཐབས་སྤྱད་དེ་བོད་ཀྱི་ཁོར་ཡུག་དང་ཆུ་བོ་བཅས་ལ་སྲུང་སྐྱོབ་བྱེད་རྒྱུ་ཡིན་པ།

• བཙན་བྱོལ་ནང་གི་དམངས་གཙོའི་སྲིད་གཞུང་ལ་རྒྱབ་སྐྱོར།

• ཨ་རི་སྲིད་གཞུང་ནས་འོས་ཤིང་འཚམས་པའི་བྱེད་ཐབས་སྤྱད་དེ། རྒྱ་ནག་སྲིད་གཞུང་དང་ཡང་ན་གུན་ཁྲན་ཏང་ཡོན་སུ་ཡིན་གྱིས་ ༧གོང་ས་མཆོག་གི་ཡང་སྲིད་ལ་ཐེ་ཇུས་བྱས་ན། གང་ཟང་སྒེར་ངོས་ཀྱིས་ལས་དོན་ཇི་བྱུང་གི་མཇུག་འབྲས་ལ་འགན་འཁུར་དགོས་པའི་སྲིད་ཇུས་གཏན་འབབ་ཟིན་པ་བཅས་ཡིན་པ་རེད།

དེ་བཞིན་ཏུ་ལོ་རེར་ཨ་སྒོར་ས་ཡ ༢༧ གྲོན་དངུལ་བཏང་སྟེ་ཁྲིམས་འཆར་འདི་ལེགས་འགྲུབ་ཡོང་བ་བྱེད་རྒྱུ་རེད།

གྲོན་དངུལ་གཏོང་སའི་ལས་གཞི་ཁག་ནི།

ཨ་མེ་རི་ཀའི་དམིགས་བསལ་འབྲེལ་མཐུད་ལས་ཁུངས་ལ་ལོ་རེར་ཨ་སྒོར་ས་ཡ ༡
བོད་པའི་སློབ་ཡོན་ཐད་ལ་ལོ་རེར་ཨ་སྒོར ༥༧༥༠༠
བོད་རང་སྐྱོང་ལྗོངས་ཐེ་བའི་བོད་ཁུལ་ཀྱི་སྤྱི་ཚོགས་ཡར་རྒྱས་ཐད་ལ་ལོ་རེར་ཨ་སྒོར་ས་ཡ ༨
རྒྱ་གར་དང་བལ་ཡུལ་དུ་སྡོད་པའི་བོད་པའི་སྤྱི་ཚོགས་ལ་ཨ་སྒོར་ས་ཡ ༦
རྒྱ་གར་དུ་ཡོད་པའི་བོད་མིའི་སྒྲིགས་འཛུགས་ལ་ལོ་རེར་ཨ་སྒོར་ས་ཡ ༣
ཨ་རི་རླུང་འཕྲིན་ཁང་ལ་ལོ་རེར་ཨ་སྒོར ༣༣༤༤༠༠༠
ཨེ་ཤེ་ཡ་རླུང་འཕྲིན་ཁང་ལ་ལོ་རེར་ཨ་སྒོར ༤༠༦༠༠༠༠
བཅས་ཁྱོན་བསྡོམས་ཨ་སྒོར་ས་ཡ ༢༧ སྤྱི་ལོ ༢༠༢༡ ནས་སྤྱི་ལོ་ ༢༠༢༥ བར་ལ་ལོ་རེ་རེར་གཏོང་རྒྱུ་ཡིན་པ་གཏན་འཁེལ་ཟིན་ཡོད།

ཁྲིམས་སུ་གྲུབ་སྟངས།

ཨ་མེ་རི་ཀའི་ལས་དོན་མཐའ་དག་ནི་གྲོས་ཚོགས་གོང་འོག་གང་གི་བཏོན་པའི་ཁྲིམས་འཆར་ལ། སྲིད་འཛིན་གྱིས་མཚན་རྟགས་འཁོད་རྗེས་ཁྲིམས་སུ་འགྱུར་བ་ཡིན། ཐེངས་འདིའི་ཨ་མེ་རི་ཀའི་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་ཁྲིམས་འཆར ༢༠༢༠ ལ་མཚོན་ནའང་། སྤྱི་ལོ་ ༢༠༡༩ ལོའི་སྤྱི་ཟླ ༩ བའི་ཚེས ༢༤ ཉིན། གྲོས་ཚོགས་འོག་མའི་འཐུས་མི་འཇམ་མེ་ཁཱེ་ཝས་James P. McGovern (D-MA) དང་། གྲོས་ཚོགས་གོང་མའི་འཐུས་མི་མར་ཁའོ་རོའོ་རྦེའོ་ Senator Marco Rubio (R-FL) རྣམ་གཉིས་ཀྱིས་ཨ་རིའི་གྲོས་ཚོགས་ལ་ངོ་སྤྲོད་གནང་ཞིང་།
སྤྱི་ལོ་ ༢༠༢༠ ལོའི་སྤྱི་ཟླ ༡ བའི་ཚེས ༢༨ ཉིན། ཁྲིམས་འཆར་འདི་ལ་ཨ་རིའི་གྲོས་ཚོགས་འོག་མ་ནས་མང་མོས་གྲོས་ཆོད་བཞག་ཡོད་པ་དང་།
སྤྱི་ལོ་ ༢༠༢༠ ལོའི་སྤྱི་ཟླ་ ༥ བའི་ཚེས་༡༤ ཉིན། ཨ་རིའི་གྲོས་ཚོགས་གོང་མའི་གྲོས་ཚོགས་རྭ་བའི་་ནང་་བགྲོ་གླེང་གནང་།
སྤྱི་ལོ་ ༢༠༢༠ ལོའི་སྤྱི་ཟླ་ ༡༢ བའི་ཚེས ༢༢ ཉིན། གྲོས་ཚོགས་གོང་མ་ནས་སྤྱི་མོས་ལྟར་གྲོས་ཆོད་བཞག
སྤྱི་ལོ་ ༢༠༢༠ ལོའི་སྤྱི་ཟླ་ ༡༢ བའི་ཚེས ༢༧ ཉིན། སྲིད་འཛིན་ཁྲོམ་ཕུ་ཡིས་མཚན་རྟགས་བཀོད་དེ་ཁྲིམས་སུ་བྱས་པ་རེད།

ཁྲིམས་སུ་བྱས་བའི་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་ཁྲིམས་འཆར་འདི་ནི་སྤྱི་ལོ་ ༢༠༢༡ ལོ་ནས་སྤྱི་ལོ་ ༢༠༢༥ ལོའི་བར། ལོ་ངོ་བཞི་ཡི་རིང་ལ་མུ་མཐུད་དུ་ཁྲིམས་སུ་གནས་ཏེ་དངོས་ཤུགས་གཉིས་ཀྱི་ལམ་ནས་བོད་དོན་ལ་རོགས་རམ་བྱེད་རྒྱུ་ཡིན་པ་རེད།
ལས་དོན་འདིར་ཁྲིམས་འཆར་འདོན་མཁན་གྲོས་ཚོགས་འོག་མའི་འཐུས་མི་འཇམ་མེ་ཁཱེ་ཝས་James P. McGovern (D-MA)
སྐད་ཆ་འདི་འདྲ་ཞིག་བཤད་ཡོད། གྲོས་ཚོགས་ནས་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་ཁྲིམས་འཆར་ལ་གྲོས་ཆོད་ཐུབ་པར་ང་རང་ལ་སྤོབས་པ་བྱུང་། གནས་སྟངས་འདི་ལས་ཨ་མེ་རི་ཀས་བོད་མི་རིགས་ཀྱིས་དཀའ་སྡུག་ལ་སྔར་ལས་ལྷག་པའི་རྒྱབ་སྐྱོར་བྱེད་བཞིན་ཡོད་པ་བསྟན་ཡོད་ཅེས་དང་། ཡང་ཁོང་གིས། ཨ་མེ་རི་ཀས་འགྲོ་བ་མིའི་ཐོབ་ཐང་ལ་བཞག་པའི་ཁས་ལེན་དམ་བཅའ་ནམ་ཡང་བོར་བ་མེད་ཅིང་། གཉའ་གནོན་མྱོང་བཞིན་པའི་མི་རིགས་ལ་དོ་འཁུར་དང་། ཁོང་ཚོའི་རང་དབང་ལ་རྒྱབ་སྐྱོར་བྱེད་བཞིན་ཡོད་ལ། ཐེངས་འདིའི་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་ཁྲིམས་འཆར་འདིས། ཨ་མེ་རི་ཀ་མི་དམངས་རྣམས་བློ་བརྟན་འགྱུར་མེད་ཀྱི་བོད་མི་རིགས་ཀྱི་ཕྱོགས་སུ་མུ་མཐུད་ལངས་རྒྱུ་ཡིན་པ་གསལ་བོར་བསྟན་ཡོད། ཅེས་གསུངས་ཡོད་པ་རེད།

ཁྲིམས་ཆོག་འདི་འཇོག་དགོས་བའི་རྒྱུ་མཚན།

ཨ་མེ་རི་ཀས་འདི་ལྟར་བོད་ལ་ལོ་རྒྱུས་རང་བཞིན་གྱི་རྒྱབ་སྐྱོར་བྱེད་བཞིན་ཡོད་པ་ནི། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་ཆོས་ལུགས་དད་མོས་རང་དབང་གི་གནས་སྟངས་དེ། འཛམ་གླིང་སྟེང་ཆེས་མངོན་གསལ་དང་། ཡ་ང་བ། རྒྱུན་རིང་བའི་གནས་སྟངས་ཤིག་ཡིན་ཞིང་། ཨ་རིའི་མི་དམངས་ལ་མཚོན་ན་ཆོས་ལུགས་དད་མོས་རང་དབང་ནི། ཨ་མེ་རི་ཀའི་རྩ་ཁྲིམས་བསྐྱར་བཅོས་ཀྱི་ལེའུ་དང་པོའི་ནང་གསལ་བོར་བཀོད་ཡོད་ཅིང་། ཆོས་ལུགས་དད་མོས་རང་དབང་ལ་རྒྱབ་སྐྱོར་བྱེད་རྒྱུ་ནི་ཨ་རི་རྒྱལ་ཡོངས་ཀྱི་དགོས་འདུན་ཞིག་ཏུ་གྲུབ་ཡོད་པ་དང་། ཆོས་ལུགས་དད་མོས་རང་དབང་གི་ཐད་ལས་དོན་ཞིག་སྤེལ་དགོས་ན། བོད་པའི་གནས་སྟངས་འདི་རང་བཞིན་གྱི་བདམ་བྱ་ཨང་དང་པོར་ཆགས་ཡོད།

དེ་བཞིན་དུ་དེང་སང་རྒྱ་ནག་གི་རླུང་རྟ་ཆག་བཞིན་པའི་སྒང་ཡིན་པ་དང་། རྒྱ་ནག་དང་ཨ་རི་གཉིས་ཕན་ཚུན་དགྲ་ཟླའི་མདུང་རྩེ་ཁ་སྤྲོད་དུ་ལངས་ཡོད་པའི་སྐབས་འདིར། བོད་པར་རོགས་རམ་བྱས་པ་འདིས་རང་བཞིན་གྱིས་རྒྱ་ནག་ལ་གདོང་ལེན་བྱས་ཡོད་ལ། འདི་ལྟ་བུའི་རོགས་རམ་འདི་ནི་སུས་བལྟས་ཀྱང་འོས་ཤིང་འཚམས་པའི་བྱེད་སྟངས་ཤིག་ཡིན་པ་མ་ཟད། དབུ་མའི་ལམ་གྱི་སྲིད་བྱུས་དང་ཡོངས་སུ་མཐུན་པ་ཞིག་ཀྱང་ཡིན།
ཨ་རིའི་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་ཁྲིམས་འཆར ༢༠༢༠ འདིའི་འགྲོ་གྲོན་ཆ་ཚང་ནི། ས་གནས་གང་ཞིག་ན་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་ཏུ་གཏོང་བ་དང་། ཆོས་ལུགས་དད་མོས་རང་དབང་ལ་འགོག་རྐྱེན་བཟོ་བཞིན་ཡོད་ན་ས་ཕྱོགས་དེར་གཏོང་དགོས་པ་ཞིག་ཡིན་ལ། གནས་སྟངས་དེ་དག་བྱུང་ཡུལ་ནི། དངོས་གནས་བཤད་ན་བོད་ནང་དུ་མ་གཏོགས་བོད་ཕྱི་ལོགས་སུ་མེད། རེད་དེ། ཐེངས་འདིའི་འགྲོ་གྲོན་གྱི་བརྒྱ་ཆའི་སུམ་ཅུ་མ་གཏོགས་བོད་ནང་དུ་འགྲོ་བཞིན་མེད་པས་གནས་སྟངས་དེ་ག་འདྲ་ཡིན་ན། ཁ་སང་ད་དུང་སྲིད་སྐྱོང་སེང་གེ་ཡིས་ད་ནས་བཟུང་སྟེ་བོད་མིའི་སྒྲིགས་འཛུགས་ལ་ལོ་རེར་ཨ་སྒོར་ས་ཡ ༩ རེ་ཡོང་རྒྱུ་ཡོད། ད་ང་ཚོ་བློ་བདེ་བོ་བྱས་ཆོག་ཅེས་སྤོབས་པ་ཆེན་པོས་གསུངས་སོང་། དོན་ལ་ཨ་སྒོར་འདི་དག་དཀའ་སྡུག་མྱོང་བཞིན་པའི་བོད་ནང་དུ་གཏོང་དགོས་པ་རེད་དམ། ཡང་ན་རང་དབང་ལུང་པའི་ནང་ཡོད་པའི་བོད་པ་ཚོར་གཏོང་དགོས་པ་རེད།

བོད་པ་ཚོས་སྒྲུབ་འོས་པའི་ལས་དོན།

ཐེངས་འདིའི་ལོ་རྒྱུས་རང་བཞིན་གྱི་རྒྱལ་ཁ་འདི་ལ་རྒྱལ་སྤྱིའི་བོད་དོན་ལས་འགན་ཁང་གཙོས་བའི། ཨ་རིར་ཡོད་པའི་བོད་པའི་ཚོགས་སྡེ་ཁག་གིས་རོགས་རམ་གང་ལེགས་གནང་ཡོད། འདི་ནི་ང་ཚོའི་སྒྲུབ་འོས་བའི་ལས་དོན་ཞིག་ཀྱང་ཡིན།
བོད་པ་ཚོས་ད་དུང་མུ་མཐུད་ཨ་རིའི་གཞུང་གི་རྒྱབ་སྐྱོར་ཐོབ་ཕྱིར། རང་རང་སོ་སོའི་མངའ་སྡེའི་གྲོས་ཚོགས་ལ་བོད་དོན་འབོད་སྐུལ་མུ་མཐུད་ཞུ་རྒྱུ་ནི་ཧ་ཅང་གལ་ཆེ་ལ། ཁོང་ཚོའི་འོས་ཤོག་གི་ཐད་ལ་སོ་སོ་ཉམས་ཞུགས་བྱེད་རྒྱུ་ནི་དེ་བས་ཀྱང་གལ་ཆེ། འཇམ་མེ་ཁཱེ་ཝས་James P. McGovern (D-MA) མཚོན་ན། ཁོང་ནི་མཱད་སད་ཆོད་སའི་དམངས་གཙོ་ཚོགས་པའི་ཚོགས་མི་ཡིན་པ་དང་། མར་ཁའོ་རོའོ་རྦེའོ་ Senator Marco Rubio (R-FL) ལ་མཚོན་ན། ཁོང་ནི་ཧྥོ་ལོ་རེ་རྡའི་སྤྱི་མཐུན་ཚོགས་པའི་ཚོགས་མི་ཡིན། མངའ་སྡེ་འདི་གཉིས་ཀྱི་ནང་དུ་བོད་པ་དང་བོད་པའི་མཐུན་གྲོགས་གང་ལ་གང་འཚམ་ཡོད། ཁོང་ཚོ་ལ་མུ་མཐུད་འོས་ཤོག་འཕེན་ཐུབ་ན་དེ་ནི་ཁ་ཡོད་ལག་ཡོད་ཀྱི་རྒྱབ་སྐྱོར་ཞིག་ཡིན་ལ་འདིས་རང་བཞིན་གྱིས་བོད་དོན་ལའང་ཕན་ཐོག་ཡོད་པ་མངོན་གསལ་རེད།

སྣ་ཚོགས།

Post navigation

Previous Post: ཡ་མཚན་ཚན་པ་འགའ།
Next Post: སྲིད་སྐྱོང་འོས་མི་སྒྲོལ་མའི་སྐྱོན་ཟེར་བ་འགར་ལན་མདོ་ཙམ་རེ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme