Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཨ་རིའི་ཕོ་བྲང་དཀར་བོའི་གསར་འགྱུར་ལས་ཁང་གི་བསྒྲགས་གཏམ།

Posted on 2014-02-222014-02-22 By ཁ་བརྡ་ 27 Comments on ཨ་རིའི་ཕོ་བྲང་དཀར་བོའི་གསར་འགྱུར་ལས་ཁང་གི་བསྒྲགས་གཏམ།

རྨ་མགུར་སངས་རྒྱམ་གྱིས་བསྒྱུར།

unnamed-1དེ་རིང་ཞོགས་པར་སྲིད་འཛིན་མཆོག་གིས་ཕོ་བྲང་དཀར་བོར་ཏཱ་ལའི་བླ་མ་སྐུ་ཕྲེང་༡༤ བ་མཆོག་དང་མཇལ་འཕྲད་གནང་ཡོད། སྲིད་འཛིན་མཆོག་གིས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ནང་དུ་ཡོད་པའི་བོད་ཀྱི་ཕུལ་དུ་བྱུང་བའི་ཆོས་དང་རིག་གཞུང། སྐད་ཡིག་གི་རྒྱུན་སྲོལ་དག་གི་ཉར་སྲུང་དང་བོད་རིགས་ཚང་མའི་འགྲོ་བ་མིའི་ཐོབ་ཐང་གི་སྲུང་སྐྱོབ་བཅས་ལ་རྒྱབ་སྐྱོར་ཤུགས་ཆེན་ཡོད་པར་བསྐྱར་བརྗོད་བྱས། སྲིད་འཛིན་མཆོག་གིས་ཏཱ་ལའི་བླ་མའི་ཞི་བདེ་དང་འཚེ་མེད་ཀྱི་ལྟ་བ་ལ་བསྔགས་བརྗོད་བྱས་པ་དང་ཏཱ་ལའི་བླ་མའི་དབུ་མའི་ལམ་གྱི་ཐབས་ལམ་ལ་རྒྱབ་སྐྱོར་གྱི་རྣམ་པ་བསྟན་ཡོད།

སྲིད་འཛིན་མཆོག་གིས་ནན་བརྗོད་བྱ་རྒྱུར། ཁོང་གིས་བོད་རྒྱའི་བར་གྱི་ཡུན་རིང་གི་དཀའ་གནད་ཁག་ཐད་ཀའི་གྲོས་མོལ་བརྒྱུད་ནས་ཐག་གཅོད་ཡོང་བར་སྐུལ་མ་བྱེད་པ་དང་། གྲོས་མོལ་ཞིག་གིས་རྒྱ་ནག་དང་བོད་རིགས་གཉིས་ཀྱི་བར་ལ་གྲུབ་འབྲས་ཡག་པོ་ཞིག་འབྱུང་བར་རམ་འདེགས་བྱེད་ཀྱི་རེད། འདི་དང་འབྲེལ་ནས་སྲིད་འཛིན་མཆོག་གིས་བོད་ནི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆ་ཤས་ཞིག་ཡིན་པ་དང་། ཨ་རིས་བོད་རང་བཙན་ལ་རྒྱབ་སྐྱོར་བྱེད་ཀྱི་མེད་པའི་ཨ་རིའི་ལངས་ཕྱོགས་དེ་བསྐྱར་བརྗོད་བྱས།

ཏཱ་ལའི་བླ་མ་མཆོག་གིས་གསུངས་པ་ལ། ཁོང་གིས་བོད་ལ་རང་བཙན་འཚོལ་བཞིན་མེད་པ་དང་ཁོང་གི་སྐུ་ཚབ་དང་རྒྱ་ནག་སྲིད་གཞུང་བར་གྱི་གྲོས་མོལ་འགོ་འཛུགས་བྱ་རྒྱུར་རེ་བ་གནང་གི་ཡོད་གསུངས། སྲིད་འཛིན་མཆོག་དང་ཏཱ་ལའི་བླ་མ་མཆོག་གཉིས་ཀྱིས་ཨ་རི་དང་རྒྱ་ནག་བར་གྱི་བཟང་ཕྱོགས་དང་མཐུན་ཕྱོགས་ཀྱི་འབྲེལ་ལམ་ནི་གལ་ཆེན་ཡིན་པར་མོས་མཐུན་བྱས་ཡོད།

རྩོམ་དཔེ་ལ་གཟིགས་ན་འདིར་ནོན། http://www.whitehouse.gov/the-press-office/2014/02/21/readout-president-s-meeting-his-holiness-xiv-dalai-lama

གསར་འགྱུར།

Post navigation

Previous Post: ལྷ་ཡུལ་ནས་འཐེན་པའི་ཐེམ་སྐས།
Next Post: དཔེ་དེབ་མངགས་ཉོ་གནོང་།

Comments (27) on “ཨ་རིའི་ཕོ་བྲང་དཀར་བོའི་གསར་འགྱུར་ལས་ཁང་གི་བསྒྲགས་གཏམ།”

  1. རྒྱང་མིག says:
    2014-02-22 at 1:17 am

    ༧གོང་ས་མཆོག་དང་ཨ་རིའི་སྲིད་འཛིན་ཨོ་སྦ་མ་གཉིས་མཇལ་འཕྲད་གནང་སྐོར་དེ་སྦིའི་སྦིའི་སི་གསར་འགྱུར་དང་། སིའི་ཨན་ཨན་གསར་འགྱུར་གཉིས་ཀྱི་ནང་དུ་དེ་རིང་བཀོད་འདུག
    གསར་འགྱུར་དེ་གཤམ་གྱི་དྲ་ཐག་ཏུ་གསལ།
    http://www.bbc.co.uk/news/world-asia-china-26271596

  2. འཛུམ། says:
    2014-02-22 at 1:20 am

    བོད་པ་ཚོ་ད་དེ་རེད། སྤྲིན་ལག་པ་ཙམ་མེད་ས་ནས། ཐོག་གཡག་རོ་འདྲ་ཞིག་གང་ནས་རྒྱག ད་ཨ་རིར་རེ་བ་བཅོལ། ཨོ་བྷ་མའི་རྐུབ་ལ་ལྟོས།

  3. བུ་རྫི་མ says:
    2014-02-22 at 1:42 am

    རྒྱ་ནག་གིས་ཏྰ་ལའི་བླ་མ་ནི་ཨ་རི་དང་ཨོ་བྷ་མའི་འཇུག་རྡེའུ་ཞིག་ཤོག་སྤ་ཞིག་རེད་ཟེར་བཡང་འང་རྒྱག་རྒྱུ་མེད་པ་ཞིག་མ་རེད།

  4. བུ་རྫི་མ says:
    2014-02-22 at 1:43 am

    འདང་རྒྱག་རྒྱུ་ བཅོས

  5. བུ་རྫི་མ says:
    2014-02-22 at 2:37 am

    ཧཧཧ ཆབ་སྲིད་ཀྱི་རྩེད་མོ་རྩེད་སྟངས་ཤིག་རེད། གཅིག་གིས་བྱམས་སེམས་ཡོད་མདོག་གིས་རྒྱལ་བ་ཚང་ལ་ཐུག་ཁུལ་བྱས་ནས་ཨ་རིའི་མི་དམངས་ལ་བརྩིས་སྤྲད། གཅིག་གིས་དེ་ལ་དོ་སྣང་ཡོད་ཁུལ་ཀྱི་མཐའ་ཚིག་བསྒྲགས་ཏེ་རྒྱ་ནག་མི་དམངས་ལ་བརྩིས་སྤྲད། རྒྱལ་བ་ཚང་གིས་བོད་དོན་ཞུ་གཏུགས་བྱེད་ཡོད་མདོག་གིས་བོད་མི་དམངས་ལ་བརྩིས་སྤྲད།མདོར་ན་ཨོ་བྷ་མ་དང་ཞིས་ཅིན་ཕིན་རྒྱལ་བ་རིན་པོ་ཆེ་གསུམ་ཀའི་འདོད་དོན་འགྲུབ་ཡོད་དེ། རང་རང་གི་མི་དམངས་རྣམས་ཀྱིས་འདུན་ནས་གར་ཡག་མོ་ཞིག་འཁྲབ་ཚར་སོང་བས་སོ།

  6. རོང་པོ་འཇོ་ན་ནས says:
    2014-02-22 at 4:24 am

    ཡིན་རིང་ངལ་བ་བྱས་པའི་འབྲས་དོན་འདིར་ཐུག་སོང་ན། ད་ཅི་དྲག །

  7. ལ་སྟོད་སྟོབས་རྒྱས། says:
    2014-02-22 at 4:25 am

    དེང་རབས་ཀྱི་སྲིད་དོན་གཞུང་ལུགས་ཁག་ལ་ལྟོས་དང་། ཆབ་སྲིད་ཟེར་བ་དེར་མཁས་པ་སུས་ཀྱང་གཏན་ཚིགས་ཀྱི་མཚན་ཉིད་ཅིག་བཞག་ཐུབ་མེད་པ་རེད། འོན་ཀྱང་། སྲིད་དོན་ཉམས་ཞིབ་པ་ཚང་མ་གཅིག་མཐུན་གྱིས་ཆབ་སྲིད་ནི་དབང་ཤུགས་ངོམ་རེས་དང་ཤུགས་རྐྱེན་སྤེལ་རེས། གོ་སྐབས་བརྩོན་ལེན། གཞན་རང་ཕྱོགས་སུ་འགུག་པ། ཞི་དྲག་གཉིས་ཀྱི་ཐབས་གང་རུང་སྟེང་ནས་རང་ཉིད་རྒྱལ་ཐབས་དང་ཁེ་ཕན་འཐོབ་ཐབས་སོགས་སུ་འགྲེལ་བཤད་བརྒྱབས་ཡོད་པས། ད་རེས་ཀྱི་མཇལ་འཕྲད་འདི་རྩེད་མོ་ཡིན་ནའང་འགྲིག་པ་རེད།
    མཇལ་འཕྲད་འདི་བརྒྱུད་དེ་མ་མཐའ་འཛམ་གླིང་མི་མང་གིས་བོད་ཟེར་བའི་མི་རིགས་ཤིག་ཡོད་པ་དང་། དེ་ལ་དཀའ་ངལ་མང་པོ་ཅིག་འཕྲད་བསྡད་པ། དེས་ཞི་བའི་ལམ་ནས་རང་དབང་རྩོད་བཞིན་པ་སོགས་ཤེས་རྒྱུར་ཕན་ཡོད་པས། བོད་པ་ཚོར་མཚོན་དེ་འང་ཁེ་ཕན་ཧ་ཅང་ཆེན་པོ་གཟི་བརྗིད་ཆེན་པོ་ཅིག་རེད།
    ལྷག་པར་འཛམ་གླིང་སྟོབས་ཆེན་རྒྱལ་ཁབ་ཨ་རིའི་སྲིད་འཛིན་གྱིས་ཕོ་བྲང་དཀར་པོར་༧གོང་ས་མཆོག་ལ་མཇལ་འཕྲད་སྐབས་༧ཁོང་ནི་འཛམ་གླིང་གི་ཆོས་དང་རིག་གཞུང་གི་འགོ་ཁྲིད་གནད་འགག་ཆེ་ཤོས་ཤིག་ཡིན་ཞེས་ཆེ་བསྟོད་དེ་འདྲ་གནང་བ་ནི་བོད་མི་རིགས་ཀྱི་གཟི་བརྗིད་དང་སྤོབས་པ་རེད་ད། ༧གོང་ས་མཆོག་སྐུ་སྒེར་གྱི་མཚན་གྲགས་ཁོ་ནའི་བཀའ་དྲིན་ཉག་གཅིག་རེད་མ་གཏོགས། སྐྱབས་བཅོལ་བ་འབུམ་གཅིག་ཙམ་གྱི་འགོ་ཁྲིད་ལ་ཨ་རིའི་སྲིད་འཛིན་མཇལ་འཕྲད་ཀྱིས་ཆེ་བསྟོད་དེ་འདྲ་གང་ནས་གནང་འདུག
    བོད་མི་ཚོས་ནོར་བུ་རང་ལ་ཡོད་དུས་ནོར་ཉམས་ཆོད་དགོས་རེད་མ་གཏོགས། གལ་ཏེ་༧གོང་ས་མཆོག་ཉི་མ་གཅིག་མེད་དབང་བཏང་ན་བོད་ལ་འཛམ་གླིང་གིས་དོ་སྣང་འགུག་ཐུབ་པ་དང་། ཆེ་མཐོང་དེ་འདྲ་ཐོབ་ཐུབ་མཁན་གྱི་དབུ་ཁྲིད་ཅིག་ཡོང་ཐུབ་མིན་རང་ལ་རང་ལ་ལྐོག་གྱུར་མིན་པ་རེད།

  8. ཚངས་ཐིག་རྡོ་རྗེ། says:
    2014-02-22 at 4:46 am

    ལ་སྟོད་སྟོབས་རྒྱས་ལགས་ཀྱིས་གསུངས་པ་དེ་དེ་བཞིན་ནོ། དྲ་འབུ་གཞན་རྣམས་ཀྱིས་བཤད་པ་ལ་རང་དང་ལྟ་གྲུབ་མ་མཐུན་པ་ཙམ་ལས་རྒྱུ་མཚན་ཡང་དག་ཞིག་མ་མཐོང་།

  9. ལུང་རྟོགས། says:
    2014-02-22 at 5:19 am

    གསོལ་ཕོག་བཞེས་མཁན་དྲ་འབུ་ཁ་ཤས་སྐད་ཤོར་སྟང་ལ་ལྟས་ན་དེ་རིང་གི་འཇལ་འཕྲད་འདི་དོན་དང་ལྡན་པ་ཞིག་ཡིན་པ་གསལ་པོ་རེད། ཧཧཧ

  10. བསོད་ནམས། says:
    2014-02-22 at 5:27 am

    བུ་རྫི་མ་ཟེར་བའི་དྲ་འབུ་འདི་སུ་ལ་གཏོགས་མིན་ཤེས་སླ། སཉཀད་ངན་ཤོར་འདུག ཁྱེད་ཚོ་སྙིང་རྗེ།

  11. ཡིག་ནོར་ཞབས་ཞུ་བ། says:
    2014-02-22 at 5:34 am

    ཨ་རིས་རང་དོན་གྱི་ཆེད་དུ་གོང་ས་མཆོག་ལ་ཐུག་འཕྲད་གནང་ནས་རྒྱ་ནག་ལ་ཞེད་སྣང་བསྐུལ་བ་ལས་འགྲོ་བ་མིའི་ཐོབ་ཐང་དང་ཞི་བདེའི་ཆེད་དུ་ཐུག་འཕྲད་གནང་བ་ཞིག་གཏན་ནས་མིན། བོད་དོན་ནི་ཨ་རི་དང་རྒྱ་ནག་བར་གྱི་ཚོང་དོན་གྱི་ལག་རྡོ་རེད།

  12. གནམ says:
    2014-02-22 at 6:10 am

    དེ་འདྲ་ཞིག་མ་གཏོགས་ཅི་བྱེད། བྱ་འགུལ་གཞན་མེད་པ་རེད། ཨ་རི་ཚང་གིས། ༧རྒྱལ་བ་མཆོག་ལ་མྱི་བརྩིས་བཞན་ནས་ཐུག་ཕྲད་བྱས་བ་འདི་གལ་ཆེན་པོ་ཞིག་ཡིན་པ་རེད།
    དབུ་མར་མོས་བ་ཞིག་ཡིན་ན། ད་རེས་ཀྱི་ཐུག་འཕྲད་འདི་དོན་ཕན་ཡོད་པའི་མཇལ་འཕྲད་ཞིག་ཡིན་པ་གསལ་པོ་རེད། རྒྱ་རྒན་ཚང་ཡང་། མྱི་བཟང་གི་མྱིང་ལ་དགའ་མཁན་ཞིག་རེད། ཨ་རི་ཚང་གི་ཁ་ལ་ཉན་ནས་སྒང་ལ་འཛེག་ཨེ་ཐུབ་ལྟ་མཁན་ཞིག་ལས། ཨ་རི་དང་དགྲ་རུ་བཟུང་ན་ཡར་འགྲོ་ཞིག་མེད་པ་ཤེས་བཞིན་རེད།
    དབུ་མ་མི་རྩོད་ནི་ཞིག་ཡིན་ན་ཡང་། འདི་ལོ་རྒྱུས་དང་བདག་དབང་ལ་གསལ་ཁ་དང་རང་བོད་རིགས་ཚོ་ས་གང་ཞིག་ན། བྱ་བ་ཅི་ཞིག་བྱེད་པར་འདོད་ན་ཡང་། དེ་དེ་བཞིན་ཏུ་ཡིན་པར་ཤོག དབུ་མ་ཁ་གཏད་ཚོགས་པ་བཙུག་ནས་རྒྱ་མྱི་ཕྱི་ལ་ཕུད་གི་ཡིན་ན་ཡང་དགའ་བསུ་ཡོད།

  13. ཕུག་རོན། says:
    2014-02-22 at 7:14 am

    བོད་སྐྱོང་རྩོད་མཁན་ཞིག་ཡིན་ན། ཐེངས་འདིའི་མཇལ་འཕྲད་འདི་བོད་མིའི་རྒྱལ་ཁ་ཅིག་ལ་ངོས་འཛིན་གནང་ཆོག རང་བཙན་བྱས་ནས་སྐྱོ་བོར་སྡོད་པ་ལས། རང་སྐྱོང་བྱས་ཏེ་ཆོས་རིག་དང་དཔལ་འབྱོར་ཕྱུག་པོ་བྱས་ཏེ་སྡོད་ཐུབ་ན་ཡག་པོ་འདུག་གཱ།

  14. དཀར་མཚོ་སྐྱིད། says:
    2014-02-22 at 8:33 am

    དོན་དངོས་སུ་རང་སྐྱོང་དང་རང་བཙན་གཉིས་ལས་གང་ཞིག་བོད་ལ་ཕན་ཐོགས་ཡོད་མེད་ཤེས་ཀྱི་འདུག ཨ་རི་དང་རྒྱ་ནག་གཉིས་མཐུན་པ་དང་འགལ་བ་གཉིས་ལས་གང་ཞིག་བོད་ལ་ཕན་ཐོགས་ཡོད་མེད་ཤེས་ཀྱི་མི་འདུག ཨ་རིས་བོད་དོན་ལག་ལ་འཕྱར་ནས་རྒྱ་ནག་ལ་འཐབ་འཛིང་བྱེད་པར་རང་སྐྱོང་དང་རང་བཙན་གང་ཞིག་དགོས་མཁོ་ཡོད་མེད་ཤེས་ཀྱི་མི་འདུག བོད་མི་རྣམས་ཀྱིས་རང་སྐྱོང་དང་རང་བཙན་གང་ཞིག་ལ་རྒྱབ་སྐྱོར་བྱེད་དགོས་མིན་ཤེས་ཀྱི་མི་འདུག ཨ་རིར་དགོས་མཁོ་ཡོད་དུས་བོད་རང་སྐྱོང་དང་བོད་རང་བཙན་གང་ཞིག་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་མེད་ཤེས་ཀྱི་མི་འདུག བོད་ལ་མ་འོངས་པར་རང་སྐྱོང་དངརང་བཙན་གང་རུང་ཐོབ་པ་དང་ཡང་ན་དེ་གཉིས་ལས་གང་ཡང་ཐོབ་ཀྱི་མེད་པ་བཅས་ཤེས་ཀྱི་མི་འདུག བོད་མི་རྣམས་གནའ་བོའི་ཤེས་རིག་དང་དེང་རབས་ཤེས་རིག་གཉིས་ལས་གང་ཞིག་གི་ཐོག་ཏུ་བསྐྱོད་དགོས་མིན་ཤེས་ཀྱི་མི་འདུག བོད་ཀྱི་གཞོན་སྐྱེས་རྣམས་ཀྱིས་བོད་ཀྱི་རིག་གཞུང་དང་ཨིན་ཇིའི་རིག་གཞུང་གང་ཞིག་སློབ་སྦྱོང་བྱེད་དགོས་མིན་ཤེས་ཀྱི་མི་འདུག བོད་ཀྱི་སློབ་ཕྲུག་རྣམས་ཀྱིས་བོད་སྐད་དང་ཨིན་སྐད་གང་ཞིག་བསྐྱོན་ན་མ་འོངས་པར་མདུན་ལམ་ཡོད་མེད་ཤེས་ཀྱི་མི་འདུག རང་གི་རིགས་རྒྱུད་དང་གཞན་གྱི་རིགས་རྒྱུད་གང་ཞིག་བཟུང་ན་རང་ལ་ཁེ་ཕན་ཆེ་མིན་བཅས་ཤེས་ཀྱི་མི་འདུག་གོ །

  15. དཀར་མཚོ་སྐྱིད། says:
    2014-02-22 at 8:36 am

    དོན་དངོས་སུ། རང་སྐྱོང་དང་རང་བཙན་གཉིས་ལས་གང་ཞིག་བོད་ལ་ཕན་ཐོགས་ཡོད་མེད་ཤེས་ཀྱི་མི་འདུག

  16. བསྟན་འཛིན། says:
    2014-02-22 at 9:38 am

    ཨ་རི་བོད་རང་བཙན་བཤད་པ་ལས་བོད་རང་སྐྱོང་བཤད་པར་ཁེ་ཕན་ཆེ། རྒྱ་ནག་་བོད་རང་སྐྱོང་བཤད་པ་ལས་བོད་རང་བཙན་བཤད་པར་ཁེ་ཕན་ཆེ། རྒྱ་གར་བོད་རང་སྐྱོང་དང་རང་བཙན་གཉིས་ཆ་གང་ཞིག་བཤད་ཀྱང་ཁེ་ཕན་ཆུང་། བོད་པར་བོད་རང་བཙན་དང་རང་སྐྱོང་གཉིས་གང་ཞིག་བཤད་ཀྱང་གནས་སྐབས་ཁེ་ཕན་མེད། ད་ལྟ་བོད་ལ་འོས་འཚམས་ཆེ་ཤོས་ནི་རང་ཐག་རང་བཅོད་རེད། དེ་ནི་རྒྱལ་སྤྱི་དང་རྒྱལ་ནང་གི་རྩ་ཁྲིམས་དང་བཅའ་ཁྲིམས་སོགས་སུ་ཁ་གསལ་ཞིང་དོན་དང་ཡོངས་སུ་མཐུན་པ། མི་དམངས་ཀྱི་མངོན་འདོད་དང་ནུས་སྟོབས་ཀྱིས་འཚམས་པའི་བྱ་བ་དང་འགུལ་སྤྱོད་རེ་ནི་ཡོང་རྒྱུ་ལོས་ཡོད།

  17. གདོང་དམར་བ། says:
    2014-02-22 at 10:13 am

    ཨ་རིའི་སྲིད་འཛིན་མཆོག་ནས་ཁ་སྟོང་པ་བཤད་པ་ཙམ་ལས་དོན་དངོས་རང་ཉིད་ཀྱི་ཁེ་ཕན་ཁོ་ན་མ་ཏོགས་བོད་པ་ཚང་ལ་རོག་རམ་བྱེད་བ་ཤེན་ཏུ་དཀའ་བ་རེད་ ལོ་ངོ་དུ་མའི་རིང་ཁ་ཙམ་ལས་བོད་རྒྱའི་དཀའ་རྙོག་ལ་བྲས་བུ་ཐོན་པའི་ལས་ཀ་གང་ཡང་བྱས་མེད་

  18. ཨ་ཕྱི་ཆོས་སྒྲོན says:
    2014-02-22 at 12:11 pm

    Dear comrade Dalai,
    Tibet is a part of China!
    Yes comrade Obamao,
    We never seek Tibet indenpendence.
    བློ་མཐུན་གོང་ས་མཆོག
    བོད་འདི་རྒྱ་ནག་གི་ཆ་ཤས་ཤིག་རེད།
    ལགས་སོ་བློ་མཐུན་ཨོ་བྷ་མའོ།
    ང་ཚོས་བོད་རང་བཙན་རྩོད་ཀྱི་མེད།

  19. ལྷ་སྡེ་གནམ་ལོ་ཡག says:
    2014-02-22 at 7:20 pm

    སྔར་ཨ་རིས་བོད་འདི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆ་ཤས་རེད་ཟེར་གྱི་ཡོད་མོད། ད་ཐེངས་བོད་འདི་རྒྱ་ནག་གི་ཆ་ཤས་རེད་ཅེས་བརྗོད་ཡོད་པ་ནི་རྒྱ་ནག་གཞུང་གི་འདོད་ཐོག་ལ་སོང་ཡོད། ད་བོད་ལ་ཅི་ཞིག་ལྷག་ཡོད་དམ། བློ་མཐུན་ཚོ།

  20. ཅོག་མྱི། says:
    2014-02-22 at 10:56 pm

    ངས་བལྟོས་ན་སྔོན་ཆད་ཨ་རིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཟེར་དུས་ཐེ་ལྦན་གྱི་ཀྲུང་ཧྭ་སྤྱི་མཐུན་རྒྱལ་ཁབ་ལོགས་སུ་དགར་ནས་བརྗོད་པ་ཡིན་གྱི། ད་ལྟ་ཐེ་ལྦན་གྱི་སྟོབས་ཤུགས་ཉམས་དམས་སུ་ཕྱིན་ནས་ལྕི་བར་ལོག་ཡོད་པས་ཨ་རིས་རྒྱ་ནག་ཟེར་གྱིན་ཡོད། དོན་དམ་པར་ཐེ་ལྦན་བཙོང་བ་རེད་མ་གཏོགས་འོ་སྐོལ་ལ་ཁེ་གྱོང་གང་ཡང་མེད། སེམས་ཁྲལ་མ་བྱེད་ལྷ་སྡེ་ལགས།

  21. ཀརྡོ་གཉེར་ཕྱག་པ་ says:
    2014-02-22 at 11:34 pm

    # 14 དཀར་མཚོ་སྐྱིད་གསུང་ངག་ལྟར། །
    རང་སྐྱོང་རྩོད་དང་རང་བཙན་རྩོད།
    ཨ་རི་ཕྱོགས་སམ་རྒྱ་ནག་ཕྱོགས།
    བོད་དར་འཕྱར་རམ་རྒྱ་དར་འཕྱར།
    གནའ་རིག་སྦྱོངས་དང་དེང་རིག་སྦྱོང་།
    བོད་ཡིག་སྦྱོངས་དང་ཨིན་ཡིག་སྦྱོངས།
    བོད་སྐད་རྒྱོབས་དང་ཨིན་སྐད་རྒྱོབས།
    ཡུལ་སྐད་རྒྱོབས་དང་ཕྱི་སྐད་རྒྱོབས།
    བོད་རེས་སེམས་ནང་འདི་གཉིས་འདུག

    ཀརྡོ་ང་ཡི་བསམ་པ་ལ།
    རང་བཙན་མ་རྩོད་རང་སྐྱོང་རྩོད།
    ཨ་རིའི་བརྒྱུད་ནས་རྒྱ་ལ་ཕྱོགས།
    བོད་དར་མཉམ་དུ་རྒྱ་དར་འཕྱོར།
    གནའ་རིག་ཤེས་ནས་དེང་རིག་སྦྱོངས།
    བོད་ཡིག་སྦྱངས་ནས་ཨིན་ཡིག་སྦྱོངས།
    བོད་སྐད་ཨིན་སྐད་སོ་སོར་རྒྱོབས།
    ཡུལ་སྐད་མ་བརྗེད་ཕྱི་སྐད་སྦྱོངས།
    བོད་རེར་སེམས་ནང་འདི་ཉིད་འཇོག

  22. དཀར་མཚོ་སྐྱིད། says:
    2014-02-23 at 7:01 am

    ཁྱེད་རང་གི་དེ་དྲང་བདེན་གྱི་ཆོས་ཉིད་མ་རེད། ང་ཚོས་རང་བཙན་མ་བརྩད་ན་མ་འོངས་པར་ཨ་རིས་ང་ཚོོའི་རང་བཙན་ལ་རྒྱབ་སྐྱོར་བྱས་ནས་རྒྱ་ནག་ན་ཇི་ལྟར་འཐབ་རྩོད་བྱེད་ཐུབ་བམ།

  23. འཇང་གཡུ་ལྷ་ཐོགས་འགྱུར་ says:
    2014-02-23 at 8:57 am

    ད་ཐེང་གི་༧་གོང་ས་མཆོག་ཨ་རི་སྲིད་འཛིན་ལ་ཨ་བྷ་མར་འཇལ་འཕྲད་གནང་བ་དེ་རྒྱ་རྒན་དམར་ཕྱོགས་དབུ་མའི་ལམ་ཚོགས་པར་དོན་ཕན་ལྡན་པའི་གྲུབ་འབྲས་ཞིག་རེད་དེ་མིན་བོད་མི་རིགས་སྤྱི་ཡོངས་ལ་གནོད་ལས་ཕན་པ་གང་ཡང་མེད་པ་ས་རིས་ཐང་གསལ་རེད། དོན་ངོ་མ་༧་གོང་ས་མཆོག་གིས་ང་ཚོས་རང་བཙན་བརྩོད་ཀྱི་མེད་དབུ་མའི་ལམ་ལ་རྒྱབ་སྐྱོར་བྱེད་རོགས་གྱིས་ཟེར་ཞེས་ཡོད་ས་རེད་བསམ་གི་འདུག དེ་ངས་བསམ་ཚུལ་ཙམ་ཡིན།

  24. བློ་བཟང་རྡོ་རྗེ says:
    2014-02-23 at 8:42 pm

    བོད་སྐྱོང་རྩོད་མཁན་ཞིག་ཡིན་ན། ཐེངས་འདིའི་མཇལ་འཕྲད་འདི་བོད་མིའི་རྒྱལ་ཁ་ཅིག་ལ་ངོས་འཛིན་གནང་ཆོག རང་བཙན་བྱས་ནས་སྐྱོ་བོར་སྡོད་པ་ལས། རང་སྐྱོང་བྱས་ཏེ་ཆོས་རིག་དང་དཔལ་འབྱོར་ཕྱུག་པོ་བྱས་ཏེ་སྡོད་ཐུབ་ན་ཡག་པོ་འདུག་གཱ།

  25. དབང་འདུས། says:
    2014-02-24 at 5:27 am

    བོད་མི་ཚོར་རང་བཙན་རྩོད་པའི་ཆོད་སེམས་དང་འཇོན་ཐང་མེད་པས་ན། ཨ་རིས་ཀྱང་དེ་དང་བསྟུན་ནས་བཤད་པ་རེད། བོད་མིས་ཡོད་ཚད་རྒྱལ་བ་རིན་པོ་ཆེར་ཕུལ་ཞིང་། རྒྱལ་བས་ནི་ཡོད་ཚད་རྒྱ་ལ་ཕུལ་རྒྱུར་འབད་ཅིང་དབུ་མའི་ལམ་ཞེས་པའི་མིང་སྙན་པོ་དེའི་འོག་ནས་ཆོས་ལུགས་ཁྱབ་སྤེལ་གྱི་ལས་འཆར་ཙམ་ཐུགས་གཙིག་ཆེ་ཤོས་སུ་འཛིན་བཞིན་པ་རེད། གང་ལྟར་ཡང་ཆ་སྲིད་པ་ཚོར་ཡིད་ཆེས་མ་བྱས་ན་ལེགས་ཤོས་རེད། ཁོང་ཚོས་སྤྱི་ཚོགས་བེད་སྤྱོད་ཀྱིས་སྐད་གྲགས་དང་འཚོལ་རྒྱུ་ལས་གཞན་གང་ཡང་མི་འདུག

  26. དཀར་མཛེས་གངས་ཕྲུག་ says:
    2014-03-27 at 9:40 am

    ལྷ་རྒྱལ་ལོ་་་་་ལྷ་རྒྱལ་ལོ་་་་་ལྷ་རྒྱལ་ལོ་་་་་་དེ་རིང་ཡང་གཏམ་བཟང་ཞིག་
    ཐོན་ཐལ། བོད་རླུང་རྟ་དར་བའི་རྟེན་འབྲེལ་ཡིན། བོད་ཉི་མ་ཤར་བའི་སྔ་རྟས་ཡིན།
    དྲ་འབུ་དོལ་ཚོགས་འདི་ཚོར་སྙིང་རེ་རྗེ། ཧཧཧཧཧཧཧཧཧཧཧཧཧ་་་
    ལྷ་རྒྱལ་ལོ་་་་་་་་་་

  27. ཀརྡོ་གཉེར་ཕྱག་པ་ says:
    2014-03-27 at 10:17 am

    ང་ནི། བོད། རང་བཙན། རག་པའི། རེ་བ་ཡང། མེད་ལ། བོད། རང་བཙན། ཆེད་དུ། སྐད་འབོད། རྒྱག་མཁན་ལ། རྒྱབ་སྐྱོར་ཡང་། མེད་ལགས།
    གཉིས་སྨན། དབུས་ལམ། བོད། ཆོལ་གསུམ། གཅིག་ཏུ། བསྒྲིལ་བའི། རང་སྐྱོང་། རང་ལ། བརྩོན་བཞིན། ཡོད་དོ།། །།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།
  • རང་མི་རང་ལས། རང་ཁ་རང་གསོ། རང་དོན་རང་གཅེས། རང་འགན་རང་འཁུར་བྱས་ནས་གཞན་བརྟེན་འཚོ་སྐྱེལ་གྱི་བསམ་བློ་དོར་དགོས་པའི་དུས་ལ་བབས་མི་འདུག་གམ།
  • དྷ་ས་ནས་དིང་རིའི་ས་ཡོམ་ལ་ལྟ་བ།
  • སྤྱི་འཐུས་ཀྱི་འོས་བསྡུའི་ལས་རིམ་དང་འབྲེལ་བའི་སྐོར་ལ་རང་གི་བསམ་ཚུལ་གླེང་བ།
  • ཨ་རྒྱ་ར་གསུམ་གྱི་ཆབ་སྲིད་འགལ་འབྲེལ་བདེན་གཏམ་གཅེར་བུ་མ།
  • མང་གཙོ་ཁྲིམས་ཀྱི་དབང་བསྒྱུར་ནས་དམངས་གཙོ་གྲལ་རིམ་གཅིག་བསྡུས་ལ་ཁ་ཕྱོགས་པ་མ་རེད་དམ།

ཉེ་ཆར་གྱི་མཆན་བུ།

  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།
  • འབྲོང་བུ་སོག་ཚ། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།
  • ཚེ་བརྟན་འགྱུར་མེད། on དིང་རིར་ས་འགུལ་རྒྱུག་ནས་དྷ་ས་སེམས་འགུལ་ཐེབས།
  • ཀླུ་སྨྱོན་ཧེ་རུ་ཀ on སྐལ་བཟང་ཟླ་བ་མཐོ་རིས་བོ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།   (59)
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ། (45)
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།   (32)
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ། (25)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme