Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཨ་རིའི་གཞུང་ཚབ་བོད་ལ་ཕེབས་པའི་པར་རིས་འགའ་འདི་ན་འདུག

Posted on 2013-07-022013-07-02 By ཁ་བརྡ་ 17 Comments on ཨ་རིའི་གཞུང་ཚབ་བོད་ལ་ཕེབས་པའི་པར་རིས་འགའ་འདི་ན་འདུག

པར་རིས་རྣམས་གཤམ་གསལ་འབྲེལ་ཐག་ན་ཡོད་ལགས།

http://www.flickr.com/photos/usembassybeijing/sets/72157634433856293/

པར།

Post navigation

Previous Post: སེམས་ཀྱི་ཆོ་ངེ་འདོན་པའི་ཕྱི་ཚུལ།
Next Post: ཚེ་རབས་གཏན་གྱི་བླ་མ། ༼སྐུའི་འཁྲུངས་སྐར་ལ་ཕུལ༽

Comments (17) on “ཨ་རིའི་གཞུང་ཚབ་བོད་ལ་ཕེབས་པའི་པར་རིས་འགའ་འདི་ན་འདུག”

  1. བསྟན་འཛིན། says:
    2013-07-02 at 6:25 pm

    ཁོང་གིས་བོད་ནང་གི་དངོས་ཡོད་དེ་ཚོ་གཟིགས་ཐུབ་ཨེ་ཡོད། བོད་པ་ཐུགས་པ་དང་ས་ཆ་བསྐྱོད་ཡུལ། སྣེ་ཤན་པ། གསུང་བསྒྱུར་བ་སོགས་རྒྱ་གཞུང་གིས་སྔོན་ཚུད་ནས་གྲ་སྒྲིག་བྱས་ཟིན་པ་ཁོ་ན་ལས་རང་དབང་བྱུང་ཡོད་ཀྱི་མ་རེད།

  2. སྤོབས་པ་མཐའ་ཡས། says:
    2013-07-02 at 9:49 pm

    ཨ་མེ་རི་ཁ་ལ་བཤད་རྒྱུ་མེད། ནམ་ཡིན་ན་ཡང་བོད་ཀྱི་ཕྱོགས་ལ་ཅི་དྲག་གང་དྲག་བྱས་པ་རེད། བྱེད་བཞིན་པ་རེད། བྱ་བར་འགྱུར་བ་རེད། བོད་མི་བརྒྱལ་ལྷག་གིས་རང་ལུས་མེར་སྲེག་གིས་རྒྱ་མིས་དབང་བསྒྱུར་ལ་ངོ་རྒོལ་བྱས་པའི་རྗེས་ཀྱི་དེ་རིང་དུས་འདིར་ཡང་མ་གོ་མ་ཚོར་མདོག་མ་བྱས་པར་ཡར་འགྲོ་ཐབས་བྱས་པ་དེ་ཡང་བོད་ཀྱི་ལོ་རྒྱུས་སྟེང་དུ་འགོད་རིན་ཡོད་པ་དང་བཀའ་དྲིན་བསམ་ཤེས་བྱ་འོས་པ་ཞིག་རེད། ཡར་སོང་ནས་རྒྱ་དཔོན་ཁ་ཤས་ཤིག་དང་ལྷན་དུ་གསོལ་མགྲོན་ལ་རོལ་པ་ལྟ་བུ་མ་ཡིན་པར་ཁྱིམ་ཚ་དཀྱུས་མ་དང་། མཆོད་མཇལ་བྱས་པ། བཙུན་པ་བཙུན་མ་ཚོར་གསུང་གླེང་མཛད་པ་དེ་ཚོ་ཡང་ཧ་ཅང་ཡ་རབ་ཀྱི་བྱ་སྤྱོད། གུས་ཞབས་ལྡན་པ། རྒྱུ་མཚན་ཡོད་པའི་ལྟ་སྐོར་གནང་སྟངས་རེད་བསམ།

  3. སྤོབས་པ་མཐའ་ཡས། says:
    2013-07-02 at 9:58 pm

    ད་ཐེངས་ཨ་མེ་རི་ཁའི་གཞུང་ཚབ་ཆེན་མོས་ཨ་མེ་རི་ཁ་མི་མང་གི་ཚབ་བྱས་ནས་བོད་དུ་ལྟ་སྐོར་མཛད་པ་དེ་ནི་བོད་ཀྱི་རང་དབང་འཐབ་རྩོད་ཀྱི་ཆེད་དུ་འདས་ཟིན་པ་ཚོར་གུས་འདུད་དང་། གསོན་བཞིན་པ་ཚོར་འཚམས་འདྲི། མདོར་ན་ཨ་མེ་རི་ཁའི་མི་མང་གི་བརྩེ་བ་དང་སྙིང་སྟོབས་ཚོན་པའི་ལྟ་སྐོར་ཞིག་པས་སེམས་འགུལ་ཐེབས་འོས་པ་ཞིག་རེད།

  4. བན་དེ་བ། says:
    2013-07-02 at 10:05 pm

    རྒྱལ་ཁབ་ཕན་ཚུན་དབར་ལ་ཚོང་གི་དོན་དུ་ལག་ཆ་འདྲ་མིན་དགོས་པ་འདྲ། རང་ཉིད་ལ་ཚོང་གི་ཁེ་ཕན་གྱི་དོན་དུ་ཆ་རྐྱེན་དེ་ཚོའང་སྔོན་ཚུད་ནས་གྲྭ་སྒྲིག་དགོས་པ་རེད། མདོ་དོན་མི་རྣམས་ཐམས་ཅད་རང་དོན་དང། རྒྱལ་ཁབ་ཐམས་ཅད་སོ་སོའི་ཚོང་ཾཁེའི་དོན་དུ་ཡིན། འོན་ཀྱང་ཨ་རིས་བོད་དོན་གྱི་སྐོར་ལ་སྐད་ཆ་བཤད་པ་ཙམ་ལའང་ཐུགས་རྗེ་ཆེ་ཞུ་དགོས་ངེས་རེད། ད་ལམ་ཨ་རིའི་གཞུང་ཚབ་བོད་བསྐྱོད་བྱས་པ་དེ་གཅིག་བྱས་ན་ཕན་ཐོགས་ཡོད་པ་དང། གཅིག་བྱས་ན་ཐུག་འཕྲད་བྱས་པའི་མི་དེ་ཚོས་སྤྱི་ཚོགས་གསར་པའི་དཔལ་ཡོན་མངོན་པར་བཞད་ཡོད་ཚུལ་དང། ཆོས་དད་རང་མོས་ཡོད་ཚུལ་སོགས་ཞུས་ཡོད་ན་དེས་ཕན་པ་ལས་གནོད་ཆེ། ལྷག་པར་དུ་བོད་རང་སྐྱོང་ལྗོངས་ཟེར་བའི་ས་ཁུལ་གྱི་བོད་མི་ཚོར་བོད་དོན་གྱི་སྐོར་ལ་སེམས་ཤུགས་ཅི་འདྲ་ཡོད་མེད་ཀྱི་བཤད་དཀའ། དེ་ནི་རང་སྐྱོང་ལྗོངས་ཟེར་བའི་ས་ཁུལ་དུ་དམིགས་བསལ་གྱིས་རྒྱ་ནག་གཞུང་གིས་དམ་དྲག་ཆེ་བ་ཡོད་པའི་རྒྱུ་མཚན་རེད།

  5. སྤོབས་པ་མཐའ་ཡས། says:
    2013-07-02 at 10:30 pm

    བན་དེ་ལགས། དེ་འདྲ་རང་ད་མ་རེད། ཨ་མེ་རི་ཁ་མགོ་སྐོར་བྱེད་ཐུབ་གི་མ་རེད། ཡིན་ན་ཡང་ཨ་མེ་རི་ཁས་ཁོ་རང་ཚོའི་ཁེ་ཕན་དེ་གཙོ་བོར་འཛིན་དགོས་ཀྱི་རེད། ཁོ་རང་ཚོ་ལ་ཡང་དཀའ་ངལ་མང་པོ་ཡོད་པ་རེད། ཚོང་ལས་དམག་དོན་གང་ཡིན་ན་ཡང་ཨ་མེ་རི་ཁའི་ཁེ་ཕན་དེ་གཙོ་བོར་འཛིན་པ་དེ་ཡིན་ཡིན་པ་རེད། དེ་ང་ཚོའི་སེམས་ལ་མི་འཐད་དོན་མི་འདུག ཨ་མེ་རི་ཁས་བོད་ཀྱི་དོན་ལ་རྒྱ་མིའི་སྟེང་ལ་དམག་འཁྲུགས་རྒྱག་གི་རེད་ཟེར་ན་དེང་སང་རྒྱག་མདོག་ཁ་པོ་མ་རེད། མ་འོངས་པར་ཟེར་ཤེས་གི་མ་རེད། མདོར་ན་ཅི་དྲག་གང་དྲག་བྱེད་གི་འདུག ཅི་དྲག་གང་དྲག་ཟེར་ན་ཧ་གོ་གི་འདུག་ག ད་ཐེང་ལྟ་སྐོར་ལ་འགྲོ་སྟངས་དེ་ཡང་གཙོ་བོར་བོད་ཀྱི་རིག་གནས་དང་བོད་མི་མང་ལ་ཁ་ཕྱོགས་པའི་བྱ་བ་ཡ་རབ་ཅིག་རེད། སེམས་ཤུགས་ཡོད་མེད་ཟེར་ན་ངས་དེ་ཙམ་ཧ་གོ་གི་མི་འདུག་སྟེ་དོན་དངོས་ཡོད་དེ་ཤེས་དགོས་པ་རེད། ཨ་མེ་རི་ཁས་བོད་ནང་གི་གནས་སྟངས་གསལ་པོར་ཤེས་པ་ཙམ་ཞིག་རྒྱ་མི་དང་། ཐ་ན་ང་རང་ཚོ་ལས་ཀྱང་དྲག་གི་རེད་བསམ་གི དྲང་པོ་ཡིན། ཨ་མེ་རི་ཁ་ཟེར་བ་དེ་ང་ཚོའི་ཆབ་སྲིད་འཁྲབ་སྟོན་པ་ཚོའི་ལམ་སྟོན་རྐྱང་པའི་འོག་ལ་འགྲོ་མཁན་ཞིག་མ་རེད་ལ་རྒྱ་མིའི་ཆབ་སྲིད་འཁྲབ་སྟོན་པ་ཚོའི་ལམ་སྟོན་རྐྱང་པའི་འོག་ལ་ཡང་འགྲོ་མཁན་ཞིག་མ་རེད། ཁོ་རང་ཚོ་ལ་ཁོ་རང་ཚོའི་བདེན་པ་འཚོལ་སྟངས་ཤིག་ཡོད་པ་རེད། བོད་ནང་ལ་ཅིག་མི་བདེ་མི་སྐྱིད་པ་ཞིག་ཡོད་པ་དེ་ཤེས་ནས་འདི་ལྟར་འགྲོ་གི་ཡོད་པ་རེད་བསམ་གི ང་རང་ཚོ་མིའི་རིགས་ཀྱི་སྲོལ་རྒྱུན་ལ་ཉེ་གྲོགས་ཁྱིམ་མཚེས་ཚོར་མི་ཤི་ན་ཚ་འདྲ་བྱུང་ན་ནང་མི་ཞིག་ཕར་བཅར་སྲོལ་ཡོད་པ་དེ་འདྲ་རེད། ངས་འདི་ལ་རྩོད་པ་ཤུགས་ཆེར་རྒྱག་དགོས་དོན་མི་འདུག

  6. རྒྱང་མིག says:
    2013-07-02 at 10:54 pm

    ཨ་རི་ལས་ལྷག་ཅིག་བོད་ལ་རོམས་རམ་དང་རྒྱབ་སྐྱོར་བྱེད་མཁན་གྱི་རྒྱལ་ཁབ་གཞན་སུ་ཡང་མེད། ལོ་རེར་ཨ་རིའི་གཞུང་གིས་བོད་ཀྱི་ཆེད་དུ་ཨ་སྒོར་ས་ཡ་༡༦ ནར་གཏོང་བྱེད་ཀྱིན་པ་འདི་གཅིག་པོ་ལ་ཡང་བསམ་བློ་གཏོང་རྒྱུ་ཞིག་ཡོད་པ་རེད། ཨ་སྒོར་དེ་དག་བོད་ཀྱི་རིག་གཞུང་དང་རྩ་དོན་གྱི་ཆེད་དུ་ཇི་ལྟར་འགྲོ་ཡི་ཡོད་མེད་ནི་མ་ངེས་ཀྱང་། གང་ལྟར་ཨ་རིས་བོད་ལ་རོགས་རམ་དང་རྒྱབ་སྐྱོར་ཞིག་རྒྱུན་དུ་བྱས་བསྡད་ཡོད་པ་རེད།
    ཨ་རིའི་གཞུང་ཚབ་བོད་བསྐྱོད་ཐད་ནས་གཞིགས་ན་ཡང་། རང་ཉིད་ཀྱི་ཆེ་ཚུགས་དོར་དེ་བོད་མི་དཀྱུས་མ་དག་ལ་ཐུག་འཕྲད་ཀྱིས་ལྟ་སྐོར་བྱེད་སྟངས་དེ་དག་དགའ་འོས་པ་ཞིག་འདུག ཨ་རྒྱ་གཉིས་ཀྱི་འབྲེལ་ལམ་ལ་བརྟེན་ནས་ཨ་རིའི་གཞུང་ཚབ་པ་ཁོང་གིས་བོད་ཀྱི་གནས་སྟངས་ཇི་བཞིན་ཡོངས་བསྒྲགས་བྱེད་མ་ནུས་ཀྱང་། རང་ཚུགས་མེད་པའི་རྒྱལ་ཁབ་གཞན་འགའི་དཔོན་རིགས་ཚོའི་བྱེད་སྲོལ་ལྟར་རྒྱ་དགའ་བོད་སྡུག་གི་ལས་དོན་ཐ་ཆད་དེ་འདྲ་བྱེད་མི་སྲིད་སྙམ།

  7. སྤོབས་པ་མཐའ་ཡས། says:
    2013-07-02 at 11:12 pm

    རྒྱང་མིག་ལགས་ལ་མོས་མཐུན་བརྒྱ་ཆ་བརྒྱ་ཐབས་པ་ཡོད། རང་རེའི་ཁྲོད་ཀྱི་ཆབ་སྲིད་གླེང་མདོག་བྱེད་མཁན་ཤས་ཤིག་གིས་ཨ་མེ་རི་ཁས་མི་སྐྱོབ་ཚུལ་དང་། རྒྱ་གར་གྱིས་མི་སྐྱོབ་ཚུལ་སོགས་ཤུགས་ཆེན་པོ་བཤད་མདོག་བྱེད་པ་དེ་ཁྲེལ་དགོད་ཤོར་དགོས་ས་ཞིག་རེད། སྐྱོབ་ཟེར་ནས་ཁྱོད་ཉལ་བསྡད་ན་ཁོང་ཚོས་བོད་རང་དབང་རང་བཙན་འདི་རེད་ཟེར་ནས་ལག་ལ་བཞག་ཡོང་མཁན་ཞིག་ག་ལ་ཡོད། ང་རང་ཚོས་སྣེ་ཁྲིད་ནས་འབད་བརྩོན་ཐུབ་ན་ཁོང་ཚོས་ཅི་དྲག་གང་དྲག་བྱེད་ཀྱི་འདུག ཐེངས་འདིར་གཞུང་ཚབ་འདི་ཨ་མེ་རི་ཁ་མི་མང་གི་སྐུ་ཡི་སྐུ་ཚབ་དང་། གསུང་གི་གསུང་ཚབ་རེད། འདི་ཆེད་དུ་ལྷ་སར་ཕེབས་ནས་བོད་མི་དཀྱུས་མ་ཚོར་ཐུག དགོན་པ་ཚོར་ལྟ་སྐོར་དུ་ཕྱིན། དར་དཀར་པོ་རྐེ་ལ་གོན། མ་ནིི་འཁོར་ལོ་བསྐོར། བར་སྐོར་དུ་ཚོང་བྱས། ཁྱིམ་ཚང་ཞིག་ཏུ་སོང་ནས་ལྷོད་པོར་བསྡད་ནས་གླེང་མོལ་སོགས་བྱས་པ་འདི་དག་ཡ་རབ་དང་། གུས་ཞབས་ཡོད་པ། ཨ་མེ་རི་ཁའི་མི་མང་གི་བྱམས་བརྩེ་དང་སྙིང་སྟོབས་ཀྱིས་བོད་བོར་མེད་པའི་རྣམ་འགྱུར་ཡག་པོ་ཞིག་རེད། ཨ་མེ་རི་ཁའི་མི་མང་ལ་དད་པ་སྐྱེ་སོང་

  8. བོད་ལ་ཞེན། says:
    2013-07-02 at 11:45 pm

    རྒྱ་ནག་ལ་བཤད་སྲོལ་དེ་འདྲ་ཞིག་ཡོད།两国之间只有利,没有义. རྒྱལ་ཁབ་གཉིས་ཀྱི་བར་ལ་ནམ་ཡང་ཁེ་མགཏོགས་ལ་རྒྱ་མེད།

  9. རྒྱང་མིག says:
    2013-07-03 at 12:24 am

    རྒྱ་ནག་གི་བཤད་སྲོལ་དེ་ནི་ཁྲེལ་མེད་ལུགས་མེད་རང་རེད། རྒྱ་ནག་ལ་འདི་འདྲ་མ་གཏོགས་ནམ་ཡང་མེད། རང་ཉིད་ཀྱི་ཁེ་ཕན་ཁོ་ནའི་ཆེད་དུ་གཞན་ལ་ལྟ་མི་དགོས་པཪ་རང་རེའི་བོད་གཅིག་པོ་ལ་བལྟས་པས་ཤེས་ཡོང་།
    ཡང་། རྒྱ་ནག་གི་བཤད་སྲོལ་ཆེས་རུལ་སུངས་ཅན་ཞིག་ལ། “རྫུན་གང་ཞིག་ལན་བརྒྱར་བསྐྱར་ཟློས་བྱས་ན་བདེན་པར་འགྱུར་”ཟེར་བ་དེ་འདྲ་ཡོད་པས་མ་ཚད། དེ་བོད་ཀྱི་ཐོག་ཏུ་ལག་ལེན་ག་ཚད་བར་དུ་བྱས་ནས་བསྡད་ཚུལ་བོད་མི་ཚང་མའི་དྲན་ངོ་ན་ཡོད་ཡོད་པ་རེད།
    ཁེ་ཕན་ལེན་སྟངས་ཀྱི་ཆ་ནས་ཀྱང་རྒྱ་ནག་གིས་ཕ་རོལ་བོར་དྲག་གནོན་དང་། འཇིགས་སྐུལ། དམར་གསོད་སོགས་རྐྱང་བ་བྱེད་ཀྱི་ཡོད་པ་རེད།

  10. ཀརྡོ་གཉེར་ཕྱག་པ་ says:
    2013-07-03 at 12:48 am

    ངས་པར་རིས་དེ་ཚོར་དོ་སྣང་དེ་ཤོས་དེ་ནི། དེང་སང་བོད་ནང་ལ་ང་སྔར་གྱི་སྲོལ་རྒྱུན་ལྟར། མར་སྣུམ་ནང་ལ་ཁབ་ཟས་བཟོ་ཡ་རིག་གཞུང་དེ་ཉམས་ནས། དེའི་ཚབ་ཏུ་སྒོང་ང་བཙོ་ཡ་དང་། ཞོ་ཁོག་བཙོ་ཡ་ཅིག་ཆགས་ཡོད་པ་འདྲ། ཧ་ཧ།

  11. ཀརྡོ་གཉེར་ཕྱག་པ་ says:
    2013-07-03 at 1:05 am

    བོད་རྒྱ་དམག་འཁྲུགས་བྱ་བའི་དུས། །
    རྒྱ་གར་ཨིན་གཞུང་གཡོ་ཐབས་ཆེ། །
    བོད་རྒྱ་མཉམ་གནས་བརྩོན་པའི་དུས། །
    ཨ་རིའི་གཞུང་མངས་བཀའ་དྲིན་ཆེ། །

    དིང་སང་རྒྱ་གཞུང་མགོ་འཁྲེགས་དུས། །
    ཨ་རིས་བོད་མིར་སྐྱོབས་ཐབས་མཛད། །
    ད་ལྟ་མི་བརྒྱའི་རང་སྲེག་དུས། །
    ཨ་རིའི་གཞུང་ཚབ་བཀའ་དྲིན་ཆེ། །

  12. འཁྱམས་པོ says:
    2013-07-03 at 2:05 am

    མཐོང་སོང་། པར་ངོས་དེ་དག་ན་ཡག་ཤོས་དང་བརྒྱན་ཤོས་རྐྱང་ལས་དོན་ངོས་གང་ཡང་མི་འདུག དཔེར་ན་གཙིག་ལག་ཁང་གི་ཉེ་འགྲམ་དུ་གཏོར་བཤིག་སོགས་དང་ལྐོག་ལྟའི་སྙན་མིག་དེ་དག་གང་གི་ཆ་ཤས་དང་ཟུར་ཙམ་ཡང་མི་འདུག།
    ཡང་སྐྱར་རྒྱ་ནག་གི་གཡོ་གར་གཅིག་རྒྱལ་སྤྱིའི་མིག་མདུན་དུ་འཁྲབ་ཐུབ་སོང་པ་རེད།

  13. བན་དེ་བ། says:
    2013-07-03 at 2:12 am

    རེད་རེད་་་་་རྒན་རྒོན་དེ་ཚོར་ལྟས་ན་་་་རྒྱ་ནག་གིས་ནམ་རྒྱུན་གཟུགས་མཐོང་རླུ་འཕྲིན་ཁག་ཏུ་གསལ་བའི་སྤྱི་ཚོགས་གསར་པའི་རྣམ་པ་ཞེས་པའི་ལེའུ་ཚན་དུ་བསྒྲིགས་པ་བཞིན་་་་གྱོན་གོས་དང་རྣམ་འགྱུར་ལས་སོགས་གང་གིས་ཆ་ནས་ཀྱང་བདེ་སྐྱིད་ཀྱི་འཚོ་བར་རོལ་པའི་རྣམ་འགྱུར་དུ་མཐོང་བྱུང། ཉམས་ཐག་དང་སློང་མོ་བ་རང་དབང་མེད་པ་ལས་སོགས་སྡུག་གིས་ཁེངས་པའི་རྣམ་འགྱུར་གྱི་པར་གང་ཡང་མི་འདུག

  14. དགེ་འདུན་རྒྱ་མཚོ། says:
    2013-07-03 at 6:46 am

    ་ཁྱིམ་ཚ་དཀྱུས་མ་དང་།
    དེ་ཚོ་ཡང་ཧ་ཅང་ཡ་རབ་ཀྱི་བྱ་སྤྱོད།
    ནམ་རྒྱུན་གཟུགས་མཐོང་རླུ་འཕྲིན་
    དཔེར་ན་གཙིག་ལག་ཁང
    དིང་སང་རྒྱ་གཞུང
    དོ་སྣང་དེ་ཤོས་དེ་ནི
    ་བོད་ལ་རོམས་རམ་དང་

  15. ཞོལ་གཡག་འབྲོང་རྒྱུད། says:
    2013-07-03 at 7:09 am

    སྤོབས་མཐའ་དང་རྒྱང་མིག་གིས་བཤད་པ་དེ་དེ་བཞིན་ནོ། ཨ་རིས་སྒྲིག་འཛུགས་གཞུང་ལ་དཔལ་འབྱོར་གྱི་རོགས་རམ་ལོ་ལྟར་ནར་གཏོང་གནང་བཞིན་པ་འདི་གཅིག་པུར་ཡང་ཐུགས་རྗེ་ཆེ་ཞུ་དགོས་པ་རེད། བོད་ཀྱི་གནས་དོན་དང་འབྲེལ་བའི་ཐད་ཨ་རིས་སྔ་ཕྱི་བར་གསུམ་དུ་གང་དྲག་ཅི་དྲག་བྱས་སོང་ལ། རང་གི་རྒྱལ་ཁབ་དང་མི་དམངས་ཀྱི་དཔལ་འབྱོར་ཆེད་རྒྱ་ནག་དང་མཉམ་དུ་ཚོང་འབྲེལ་མ་བྱེད་རང་བྱེད་རེད། ཚོང་རྒྱགས་ཞོར་བོད་དོན་གླེང་ཐུབ་པ་དེ་ཡང་གནད་འགག་ཅིག་རེད། དེ་མིན་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་མཚོན་པས་རྒྱ་གར་ལ་སོགས་པ་དེ་ཚོས་ཚོང་གཅིག་པུ་མ་གཏོག་གཞན་ག་རེ་བྱས་སོང་།
    དེས་ན་ད་རེད་གཞུང་ཚབ་བོད་ནང་བསྐྱོད་ཐུབ་པ་དང་ཅུང་ཡར་རྒྱས་ཕྱིན་པའི་ས་ཁུལ་རེ་གཉིས་ལ་གཟིགས་བསྐོར་ཕེབས་ཐུབ་པ་དེ་ཡང་གང་མན་ཚད་རེད། ད་དུང་མུ་མཐུད་ནས་དཀའ་ངལ་དང་རྙོག་འཛིང་སྣ་མང་རང་བཞིན་ཅན་གྱི་ཞིང་འབྲོག་མང་ཚོགས་ས་ཁུལ་དུ་ཡང་ཡང་བསྐྱོད་ཐུབ་པའི་རེ་བ་ཡོད།

  16. མངའ་རིས་ཕོ་ཉ། says:
    2013-07-03 at 8:08 am

    གང་ལྟར་པེ་ཅིང་དུ་རྟེན་གཞི་བྱས་པ་ཨ་རི་ཁའི་གཞུང་ཚབ་བོད་དོན་ཐོག་ལ་བཀའ་དྲིན་ཆེན་པོ་རེད།
    དེ་སྔོན་རྔ་བ་ཁུལ་ལ་ལྟ་སྐོར་དང་ཉེ་འཆར་ལྷ་སར་ཕེབས་པ་ཙམ་གྱི་གཟི་བརྗིད་རེད།
    རྒྱལ་ཁབ་མང་པོ་ཞིག་གི་གཞུང་ཚབ་པེ་ཅིང་དུ་ཡོད་ཀྱང་བོད་ཁུལ་ལྟ་རྟོགས་དང་གཟིགས་ཞིབ་ཕེབས་མཁན་ད་བར་བྱུང་མྱོང་མེད།

    བཀའ་དྲིན་ཆེ་ཨ་རི་བ།
    བཀའ་དྲིན་ཆེ་ས་ཡ་དྲུག་གི་དཔུང་རོགས།

  17. བློ་ཚེ། says:
    2013-07-03 at 8:34 am

    ཁོང་བོད་ལ་ཕེབ་པ་དེ་བོད་མི་ལ་བརྩེ་སེམས་ཡོད་པའི་རྟགས་མཚན་རེད་་་བོད་མི་ཀླད་མེད་ཁ་ཤེས་གི་རྒྱལ་སྤྱི་ནང་འཁྲབ་བསྟོན་བྱས་རེད་ཟེར་བ་དེ་ཚོ་ཀླད་མེད་གི་སྐད་ཆ་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (94)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (65)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (35)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme