Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཨ་རིའི་གཅིག་དྲུག་གི་དོན་རྐྱེན།

Posted on 2021-01-11 By ཁ་བརྡ 3 Comments on ཨ་རིའི་གཅིག་དྲུག་གི་དོན་རྐྱེན།

དམིགས་བུ།
 
ཉེ་ཆར་ཨ་རིའི་སྲིད་འཛིན་ཞེ་ལྔ་བ་དགྲ་གནོན་ཁྲོ་ཕུར་(Donald Trump)དང་ཆབ་སྲིད་ཤོག་ཁག་ཆེན་པོ་གཉིས་ཀྱི་འོས་བསྡུའི་མཇུག་འབྱས་དང་འབྲེལ་ནས་སྤྱི་ལོ་༢༠༢༡ལོའི་ཟླ་༡ཚེས༦ཉིན་ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་དུ་བྱུང་བའི་གཅིག་དྲུག་གི་དོན་རྐྱེན་དེ་ཆབ་སྲིད་ཀྱི་རླུང་འཚུབ་ཆེན་པོ་ཞིག་གི་ངོ་བོར་གྱུར་ནས། ཤར་ནུབ་ཀྱི་རྒྱལ་ཁབ་ཆེ་ཆུང་ཚང་མ་བྱང་རླུང་དེའི་ཤུགས་རྐྱེན་གྱིས་དེད་དེ་ཚ་ཚ་འུར་འུར་གྱིས་འཛམ་གླིང་ཡོམ་ཡོམ་བསྒུལ། ལྷག་པར་དུ་རྒྱ་ནག་དང་ཨི་རན་གཙོས་པས་ཨ་རི་འགལ་ཟླའི་ཕྱོགས་ན་ལངས་ཡོད་པའི་རྒྱལ་ཁབ་ཁག་གི་གསར་འགྱུར་དང་དྲ་ལམ་ཡོད་ཚད་ན་ཨ་རིའི་སྲིད་གཞུང་སྲིད་གཞུང་མགོ་རྟིང་སློག་ཚུལ་དང་། འཇིགས་སྐུལ་རིང་ལུགས་པའི་བྱ་སྤྱོད་དང་གཏོར་བཅོམ་ཚབས་ཆེན་བྱས་ལུགས། སྲིད་འཛིན་དགྲ་གནོན་ཁྲོ་ཕུར་དང་ཁོང་གི་རྒྱབ་རྩར་ཡོད་པའི་གྱེན་ལངས་མི་མང་གི་ཨ་རིའི་སྲིད་གཞུང་ལ་དཔུང་འཛུལ་གྱིས་གྲོས་ཚོགས་གོང་འོག་གི་མི་ཆེན་དཔོན་ཆེན་ཡོད་ཚད་མདུན་ཅོག་དང་རྐུབ་སྟེགས་འོག་ཏུ་བཙུད་སོང་། དེ་ནི་རླབས་ཆེ་བའི་ཨ་རི་བའི་ཞབས་འདྲེན་དང་། ཨ་རི་བའི་ལོ་རྒྱུས་ནང་བྱུང་མ་མྱོང་བའི་མུན་ནག་གི་ཉིན་མོ་ཞིག་རེད་ཅེས་ཕྱི་ནང་གི་གསར་ལམ་ཡོད་ཚད་འུར་གྱིས་བཀང་སོང་།

དྲང་པོར་བཤད་ན་དམངས་གཙོའི་དཔེ་འཞིར་འཛིན་འོས་པའི་ཨ་རི་རྒྱལ་ཁབ་ཀྱི་མི་མང་གི་རང་དབང་དང། མི་མང་གི་ཐོབ་ཐང་ཚད་མཐོ་ས་ཞིག་ནས་འཛམ་གླིང་མི་མང་ལ་མིག་དཔེ་བསྟན་སོང་། མི་མང་གིས་སྲིད་གཞུང་ལ་འདི་ལྟར་རྒོལ་ཆོག་ལ། མི་མང་གི་སྲིད་འཛིན་དང་གྲོས་ཚོགས་ལའང་རྣམ་འགྱུར་འདི་ལྟར་སྟོན་ཆོག་པ་རེད། འདི་དམངས་གཙོའི་གཟི་བརྗིད་དང་མི་མང་གི་རང་དབང་རེད།

དེ་བས་སྲིད་གཞུང་དང་དཔུང་དམག་གིས་མི་མང་ལ་དྲག་རྒོལ་མི་བྱེད། མི་མང་དམར་གསོད་མི་གཏོང་། མི་མང་ལ་གཅར་རྡུང་དང་མནར་གཅོད་དེ་བས་མི་གཏོང་། ད་དུང་མི་མང་གི་ཚེ་སྲོག་ལ་སྲུང་སྐྱོབ་དང་། མི་མང་གི་རང་དབང་དང་མངོན་འདོད་ལ་གོང་བཀུར་བྱེད་ཞོར་རྒྱལ་འབངས་ཀྱི་བདེ་འཇགས་ལ་འགན་སྲུང་ནན་མོ་བྱེད། འདི་ནི་ཁྲིམས་ལུགས་ཀྱིས་དབང་བསྒྱུར་བའི་མང་གཙོའི་རྒྱལ་ཁབ་སྟོབས་ཆེན་ཨ་རི་ལྟ་བུ་ན་མ་གཏོགས་མཐོང་དཀོན་པས་ཆབ་སྲིད་ཀྱི་ལམ་ལུགས་ཚད་མཐོན་པོ་ཞིག་ཡིན། རྒྱལ་ཁབ་མང་པོ་ཞིག་ཚད་གཞི་འདིར་སླེབས་རྒྱུར་ད་དུང་ལོ་ངོ་བརྒྱ་ལྷག་འགོར་སྲིད།

དམངས་གཙོའི་རང་དབང་ལོངས་སུ་སྤྱོད་མ་མྱོང་བའི་རྒྱལ་ཁབ་ཁག་ན། མི་མང་གི་སྨྲ་བརྗོད་རང་དབང་དང་། ཆོས་ལུགས་དད་མོས་རང་དབང་།འགྲོ་བ་མིའི་ཐོབ་ཐང་། མི་མང་འདུ་འཛོམས་ཀྱི་རང་དབང་དང་ཐོབ་ཐང་སོགས་ཡིག་ཐོག་ན་ཡོད་པ་ཙམ་ལས་དངོས་ཡོད་ལ་མེད་པའི་ཁ་གཡང་ལྟ་བུར་གྱུར་ཡོད། རྒྱལ་འབངས་ཁྲིམས་ཀྱིས་སྐྱོང་ཞིང་ཁྲིམས་ལུགས་ཀྱི་སྒང་ན་སུ་ཡང་མེད་པའི་དམངས་གཙོའི་རྒྱལ་ཁབ་ཚད་ལྡན་ཨ་རི་ལྟ་བུ་ནས་དོན་རྐྱེན་འདིའི་རིགས་ལ་ནམ་ཡང་ཧང་སངས་པར་མི་བྱེད།

མི་མང་ཡོངས་ལའང་ཁྲིམས་ལུགས་ཀྱིས་གོ་རྟོགས་ཟབ་ཅིང་དམངས་གཙོའི་ཁེ་དབང་ཡང་དག་པར་ལོངས་སུ་སྤྱོད་པའི་མིག་རྒྱང་རིང་བར་བརྟེན།གཞུང་དམངས་གཉིས་འདྲ་མཉམ་དང་དྲང་ཚུགས་ཀྱིས་ལངས་ཐུབ་ལ་ཁྲིམས་ལུགས་ཀྱི་སྲུང་བྱ་ཕྱོགས་གཉིས་ཀའི་ཕྲག་སྟེང་ན་ལྕི་ཡང་མེད་པར་སྲང་མདའ་བཞིན་དྲང་ངེར་གནས་ཡོད།

གལ་སྲིད་ཝ་ཤིན་ཊོན་གྱི་གཅིག་དྲུག་གི་དོན་རྐྱེན་འདི་རྒྱ་ནག་པེ་ཅིན་དུ་བྱུང་ཡོད་པའི་དབང་དུ་བཏང་ན། ང་ཚོས་མིག་ལམ་དུ་དྲུག་བཞིའི་དོན་རྐྱེན་དང་དེ་ལས་སྐྱི་གཡའ་བའི་དམར་གསོད་ཆེན་མོ་ཞིག་བྱུང་ཡོད་པ་ཐེ་ཚོམ་ཅི་ལ་ཡོད། དཔེར་ན། པེ་ཅིན་ཐེ་ཨན་མིན་གྱི་སྒེའུ་ཁུང་གཏོར་ཏེ་མི་མང་འཐུས་མི་ཚོགས་ཆེན་ཁ་འཐོར་རྒུ་འཐོར་དུ་བཏང་ཡོད་ན། ཞིའི་ཅིན་པེན་གྱིས་སྐད་ཆ་ཚིག་གཅིག་གིས་མི་མང་ཁྲི་སྟོང་མང་པོ་དམར་པོའི་ཁྲག་ལ་བརྫིས་ཤིང་།བཙོན་འཇུག་དང་གནར་གཅོད། གཅར་རྡུང་སོགས་ཀྱིས་དུས་འདའ་ཞིང་མི་མང་ཚོར་ར་ལུག་ཅིག་གི་འདུ་ཤེས་ལས་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་སོགས་གླེང་ས་ཞིག་གནམ་འོག་དེར་མེད་པ་ཐག་གིས་ཆོད། ད་དུང་རྒྱལ་ཁབ་མགོ་རྟིང་སློག་པའི་ཉེས་མིང་འོག་ནས་རེ་རེ་བཞིན་ཚར་བཅད་དེ་མིང་ཐོ་ནག་པོའི་ནང་གཡུག་ངེས་ཡིན།

སྔོན་ཆད་དྲུག་བཞིའི་དོན་རྐྱེན་སྐབས་དམངས་གཙོ་དོན་གཉེར་བའམ་ན་ཆུང་ཤེས་ཡོན་ཅན་སློབ་ཕྲུག་སྟོང་ཕྲག་མང་པོ་དང་། ཧྥ་ལོངས་ཀོང་གི་ཆོས་དད་མི་མང་དཀྱུས་མ་མང་པོ་ཞིག་གིས་ཞི་བའི་སྐད་འབོད་ཙམ་བྱས་པར། རྒྱ་གཞུང་གིས་དྲག་པོའི་དཔུང་དམག་བཏང་སྟེ་རང་གི་མི་སེར་དང་རྒྱལ་འབངས་ཚོ་ལྕགས་ཁྲབ་འཁོར་ལོའི་འོག་ལ་བཙིར་ཏེ་ཤ་འཐག་རུས་འཐག་གིས་ངན་གསོད་ཚད་ལས་འདས་པ་བྱས་ཚར་བ་རེད། དེ་དག་གི་རྗེས་འབྲེལ་དང་བཅས་པར་ཆབ་སྲིད་ཀྱི་ཞྭ་མོ་ནག་པོ་གཡོགས་ཏེ་བཙོན་འཇུག་ཁྲིམས་ཆད་ཀྱིས་འཚོ་མི་ཐུབ་པའི་མནར་བཅོད་བཏང་བ་རེད། དེ་ནི་ཉམ་ཆུང་མི་མང་དང་འཛམ་གླིང་མི་རིགས་ཀྱི་ནམ་ཡང་ག་ལ་བརྗེད་ཐུབ།

འདི་ལྟར་ཨ་རིའི་ཝ་ཤིན་ཊོན་གྱི་གཅིག་དྲུག་གི་དོན་རྐྱེན་དང་། པེ་ཅིན་གྱི་དྲུག་བཞིའི་དོན་རྐྱེན་གཉིས་བསྡུར་ནས་བལྟས་ན་ད་གཟོད་ང་ཚོས་ཨ་རིའི་དམངས་གཙོའི་རང་དབང་གི་འོད་སྣང་དང་གཟི་བརྗིད་མཐོང་ཐུབ་ལ། ཨ་རིའི་ཁྲིམས་ཀྱི་དབང་བསྒྱུར་གྱི་དགེ་མཚན་དང་མི་མང་གི་རང་དབང་ལ་ཡིད་སྨོན་སྐྱེ་ངེས། ཕྱོགས་གཞན་ནས་རྒྱ་ནག་དམར་ཕྱོགས་ཚོགས་པའི་གཅིག་སྡུད་ལམ་ལུགས་འོག་གི་ཆེས་འཇིགས་སུ་རུང་བའི་གཡོ་སྒྱུའི་ཐབས་ཇུས་དང་ཆེས་མུན་ནག་གི་ཀློང་ན་འགྲོ་འདུག་སྤྱོད་གསུམ་ལ་བག་ཟོན་བྱེད་དགོས་པའི་ལྕགས་རི་སྲ་མོ་དེའང་མིག་ལམ་ལ་ཤར་ཡོང་།སྤྱིར་བཏང། གང་ཟག་གིས་དབང་བསྒྱུར་འོག་ན་གུ་ཡངས་བའི་བར་སྣང་ཆེན་པོ་ཞིག་ནམ་ཡང་མེད།

མདོར་ན། མི་མང་གིས་སྲིད་གཞུང་ལ་རྒོལ་བ་དང་སྲིད་གཞུང་གིས་མི་མང་ལ་རྒོལ་བ་གཉིས་ཁྲིམས་ལུགས་ཀྱིས་དེད་ན། ཨ་རི་བས་སྲིད་གཞུང་གིས་ཁྲིམས་ལུགས་བརྩི་དགོས་ཟེར། རྒྱ་ནག་པས་མི་མང་གིས་ཁྲིམས་ལུགས་བརྩི་དགོས་ཟེར། འདི་ལྟར་བརྗོད་ན་མི་མང་པོ་ཞིག་གིས་གཅིག་དྲུག་གི་དོན་རྐྱེན་དང་དྲུག་བཞིའི་དོན་རྐྱེན་གཉིས་ཀྱི་རྒྱབ་ལྗོངས་དང་རྒྱུ་རྐྱེན་མང་པོ་ཞིག་རྒྱུ་མ་ཕུ་འདེད་བྱེད་ཐུབ་ལ་དངོས་ཡོད་ཀྱི་བལྟ་སྟངས་ཞིག་གསལ་བོར་མཐོང་ངེས་ཡིན།

བསམ་ཚུལ།

Post navigation

Previous Post: རིན་ཆེན་སྒྲོན་མེའི་དབྱིན་སྒྱུར་གྱི་ལེའུ།
Next Post: མ་མཇལ་ཐབས་མེད་ཀྱི་རྣམ་ཐར་ཞིག

Comments (3) on “ཨ་རིའི་གཅིག་དྲུག་གི་དོན་རྐྱེན།”

  1. གསལ་ལེ་རྒྱལ། says:
    2021-01-12 at 3:06 am

    བྲིས་པ་ཤིན་ཏུ་ལེགས་མོད། རྒྱ་རྒན་ཚོར་གནས་ལུགས་བཤད་ནས་མི་ཐུབ་པས། གཡག་རོག་རོག་ཅིག་ལ་རྡོ་ཡིས་བརྒྱབས་པ་ལྟ་བུ་རེད། ཡིན་ཡང་གཏམ་ལ་མངོན་པར་བསྟོད།

  2. མི་ཉག་སྐལ་བཟང་། says:
    2021-01-12 at 9:29 am

    རྒྱ་ནག་ལ་དེ་འདྲ་ཞིག་བྱུང་ཡོད་ན་སླར་ཡང་ཁྲག་གིས་རྒྱ་མཚོ་བསྐྱིལ་ཚར་རེད། གང་ལྟར་མང་གཙོས་དབང་བསྒྱུར་དང་དམར་ཤོག་གིས་དབང་བསྒྱུར་གཉིས་བར་ལ་ཁྱད་པར་དེ་རེད

  3. བན་དེ་བ། says:
    2021-01-13 at 8:05 pm

    ཨ་རིའི་སྲིད་འཛིན་ཁྲོམ་ལ་གྲོས་ཚོགས་ཀྱིས་ཉེས་འཛུགས་ཐེངས་གཉིས་བཙུགས་པ་ནི་ཨ་རིའི་ལོ་རྒྱུས་ཀྱི་ནང་དུ་ཐེངས་པོར་བྱུང་བ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (71)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (38)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme