Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཨ་རི། བོད་མི། སྐྱིད་སྡུག་ཚོགས་པའི་འགན་འཁྲི།

Posted on 2011-08-182011-08-18 By ཁ་བརྡ་ 9 Comments on ཨ་རི། བོད་མི། སྐྱིད་སྡུག་ཚོགས་པའི་འགན་འཁྲི།

རྔ་བ་རིག་རྒྱམ།

བོད་མི་སྤྱིའི་མགོ་ཐོག་ཏུ་བྱུང་བའི་སྡུག་བསྔལ་གྱི་ཕུང་བོ་བཟོད་བརླག་མེད་པ་དེར་ཕྱིར་དྲན་ཞིག་བྱས་ན་བོད་ས་རྒྱ་ལག་ཏུ་ཤོར་བ་ནས་བཟུང་གྱང་ངོས་སུ་སྲན་མ་གཏོར་བ་ཇི་བཞིན་རྒྱ་བལ་འབྲུག་གསུམ་གྱིས་གཙོས་རྒྱལ་ཁབ་འདྲ་མིན་དུ་འདོད་མོས་མེད་བཞིན་དུ་བོད་མི་མང་པོ་ཞིག་བཙན་བྱོལ་དུ་ཡོང་དགོས་བྱུང་། རྒྱལ་ཁབ་དེ་དག་ལས་རིམ་པས་ཨ་རི་དང་ཡོ་རོབ་སོགས་ལའང་གང་མཚམས་ཤིག་སླེབས་པ་རེད། དེ་དག་གིས་གཞན་བསྟེན་སྐྱབས་བཅོལ་གྱི་འཚོ་བ་བཟང་ངན་གང་ཞིག་ལོ་ཟླའི་འཕྲང་ལ་གཤར་ཏེ་མི་ལོ་ལྔ་བཅུ་ལྷག་རིམ་གྱིས་འདས་སོང་། འོན་ཀྱང་༸གོང་ས་མཆོག་གིས་ང་ཚོ་བཙན་བྱོལ་དུ་གྱར་དགོས་བྱུང་བའི་བོད་མི་སྐྱབས་བཅོལ་བ་རྣམས་ནི། འཛམ་གླིང་ནང་གི་སྐྱབས་བཅོལ་བའི་ནང་ནས་སྐྱབས་བཅོལ་བ་མ་འདྲ་བ་ཞིག་སྟེ། ཕན་ཚུན་ཡ་རབ་བཟང་སྤྱོད་ཀྱིས་ཕྱུག་པའི་ངའི་མི་རིགས་ཞེས་སྐད་གསང་མཐོན་པོས་ཚོགས་ཐོག་ཏུ་ལན་མང་བསྒྲགས། ཞོར་དུ་བོད་མི་ཕན་ཚུན་བསམ་ཤེས་དང་ནང་ཁུལ་དུ་རང་ནུས་ཀྱིས་ཕན་ཚུན་རོགས་པ་བྱེད་རོགས་ཞེས་ཡང་ཡང་གདམས། ཉིན་ཤས་སྔོན་ནས་བཟུང་རང་ཉིད་ཀྱི་ཉམས་མྱོང་ལྟར་ཨ་རིའི་ནང་གི་བོད་མི་སྐྱབས་བཅོལ་བ་ཁག་ཅིག་གི་གནས་སྟངས་ལ་བལྟས་ཏེ། ཆེད་རྩོམ་འདི་འདྲ་ཞིག་འབྲི་དགོས་བསམ་པ་དེ་རིང་ཡིག་ཐོག་ཏུ་འཁོད་བཞིན་ཡོད། དེའང་ས་གནས་བྱང་ཨ་རི་ཁ་ལི་ཧྥོར་ནི་ཡའི་བོད་རིགས་སྐྱིད་སྡུག་ཚོགས་པ་དཔེར་བཞག་སྟེ་འབྲི་རྒྱུ་ཡིན་ལ། ཞོར་དུ་ས་གནས་གང་ཞིག་ལ་དཀའ་ངལ་འདི་བཞིན་བྱུང་དང་འབྱུང་བཞིན་གདོད་མི་ཟ། འདིར་སླེབས་པའི་བོད་མི་སྤུན་ཟླ་རྣམས་རང་ལ་རྒྱལ་ཁབ་དང་ཡང་ན་རང་ས་ལག་མཐིལ་ཙམ་ཡང་མེད་པས་བོད་མི་སྐྱབས་བཅོལ་བའི་ངོ་བོར་ཡོད་པ་གཅིག་མཚུངས་རེད། འོན་ཀྱང་མང་ཆེ་བས་སོ་སོའི་ངོས་ནས་རང་གི་དགོན་པ་གྲྭ་ཚང་དང་། ཡང་ན། ཁྱིམ་མཚེས་ཤ་ཉེ། གྲོགས་པོ་གྲོགས་མོ། ཕ་མ་སྤུན་མཆེད་སོགས་ལ་དངུལ་དངོས་ཀྱི་ཕྱོགས་ནས་ཕན་ཐོག་ཕྲན་རེ་བྱུང་ན་བསམ་སྟེ་ལུས་སེམས་གཉིས་ཀའི་ཕྱོགས་ནས་མང་ཆེ་བར་དཀའ་ངལ་ཆེ་བའི་རྒྱལ་ཁབ་འདིར་ཡོང་དགོས་བྱུང། ཡོང་སྟངས་ཐད་ནས་བཤད་ན་རྒྱ་བལ་སོགས་ནས་ཐོང་མཆན་ཡིག་ཆ་བདེ་བླག་ངང་གྲུབ་པ་དང་། ཡང་ན་ཧིན་སྒོར་འབུམ་མང་པོའི་བུན་གཡར་བྱས་ནས་ཡོང་གི་ཡོད། འོན་ཀྱང་། ས་གནས་འདིར་སླེབས་རྗེས་དཀའ་ངལ་སྔར་བས་ཀྱང་འཕར་མ་ཞིག་ཞིག་ཡོད་པ་ནི། རང་ལ་འཚམས་པའི་ལས་ཀ་སྟབས་བདེ་ཞིག་རེག་རྒྱུ་ཕར་བཞག སྐྱབས་བཅོལ་བའི་ཡིག་ཆ་ཇི་ལྟར་ཞུ་ཕྱོགས་ཀྱི་དཀའ་ངལ་གྱིས་མཚན་མོར་གཉིད་མི་ཁུག་པའི་དུས་ཚོད་ཅིག་ཡོད། ས་གནས་འདིར་མཚོན་ན། བྱང་ཁ་ལེ་ཧྥོར་ནི་ཡ་བོད་རིགས་ཚོགས་པ་ཞེས་ཨ་རིའི་ནང་དུ་ས་གནས་བོད་མི་སྐྱབས་བཅོལ་བའི་སྐྱིད་སྡུག་ཚོགས་པ་ཞིག་ཡོད། འོན་ཀྱང་། གསར་དུ་སླེབས་པའི་བོད་མི་རྣམས་ལ་ལམ་སྟོན་ནམ་ཡིག་ཆ་ཞུ་ཕྱོགས་སོགས་ལ་རོགས་ཕན་བྱེད་པ་ཕར་བཞག ཐ་ན་ཐོག་མར་བོད་མི་ཞིག་ཡིན་པའི་བདེན་དཔང་ཡིག་ཆ་ཞིག་འབྲི་བ་ལའང་ཨ་སྒོར་ལྔ་བཅུ་མ་ཟིན་ཙམ་ངེས་པར་དུ་དགོས་པའི་ཁྲིམས་ཤིག་བཞག་འདུག ཉིན་ཤས་སྔོན་གྲོང་ཁྱེར་སྲང་ལམ་ནས་འཕྲད་པའི་གྲོགས་པོ་ལྷོ་ཕྱོགས་སེ་ར་ནས་སླེབས་པའི་སྐུ་ཞོགས་ཞིག་ཡོད། ཁོང་ས་གནས་འདིར་འབྱོར་ནས་ཟླ་བ་གཅིག་དང་ཕྱེད་ཙམ་རེད་འདུག ཁོང་གིས་ང་ལ་ཕྱོགས་མང་པོ་ནས་དཀའ་ངལ་ཡོད་པའི་གནས་སྟངས་རིམ་གྱིས་བཤད་སོང་། དྲང་པོར་བཤད་ན་ཁོའི་དངུལ་ཁུག་ཏུ་ཨ་སྒོར་བརྒྱ་ཡང་མེད་པའི་ཚད་ཡིན་པ་འདྲ། ཕན་ཚུན་ངོ་ཤེས་པའི་གྲོགས་པོ་མི་འདུག་ལ། ཁང་གླ་དང་། ཐ་ན་ཟ་གླ་མི་རེག་པའི་དཀའ་ངལ་ཡོད་ཅེས་བཤད། ད་དུང་ཁོའི་ཡིག་ཆ་ཞུ་བར་བོད་མི་༼མིང་དགོས་ན་རྗེས་སུ་ཞུ་ཆོག༽ཞིག་གིས་ཞུ་ཕྱོགས་ལམ་སྟོན་དང་རོགས་པ་བྱེད་པར་ཨ་སྒོར་ ༡༥༠༠ ཡིན་ཞེས་བཤད་འདུག ཨ་རི་བའི་ངག་རྒྱུན་དུ་དུས་ཚོད་ནི་དངུལ་ཡིན་ཞེས་བཤད་པས་བོད་མི་སྒེར་བ་དེས་བོད་མི་ཕན་ཚུན་དབར་བརྩི་བཀུར་དང་རོགས་པ་བྱ་དགོས་པའི་བཟང་སྤྱོད་ཀྱི་རྣམ་པ་ལག་བསྟར་མ་བྱས་པར་ཁོ་རང་གིས་བསམ་བློ་གཏོང་རྒྱུ་ལས་གཞན་གང་ཡང་མེད། འོན་ཀྱང་འདིར་བཤད་འདོད་པ་ནི། ས་གནས་བོད་རིགས་ཚོགས་པའི་ངོས་ནས་བོད་མི་གསར་འབྱོར་བ་རྣམས་ལ་སྐྱབས་བཅོལ་ཡིག་ཆ་ཞུ་ཕྱོགས་ཐད་ལམ་སྟོན་དང་། ཡང་ན་ཚོགས་པ་གཞན་དང་མཉམ་རུབ་ཀྱི་སྒོ་ནས་ཡིག་ཆ་ཞུ་ཕྱོགས་སོགས་ལ་ཐབས་ཤེས་བསྐྲུན་རྒྱུ་གལ་ཆེན་དུ་མཐོང་། དེ་ལ་ཐབས་ལམ་ཞིག་ཡོད་པ་ནི། ལོ་གསུམ་གྱི་སྔོན་ངས་སྐྱབས་བཅོལ་ཡིག་ཆ་ཞུ་སྐབས་ཁ་ལ་བྱང་སེམས་དང་ཞི་བདེའི་མ་ཎི་བགྲངས་མཁན་མ་ཡིན་པ་སྟོན་པ་ཡེ་ཤུའི་རྗེས་འཇུག་གི་ཚོགས་པ་ཞིག་གིས་རོགས་པ་བྱས་པ་རེད། ད་དུང་ཁོང་ཚོའི་ལམ་སྟོན་བརྒྱུད་ནས་སློབ་གྲྭ་དང་། ལག་ཤེས་བཟོ་གྲྭ། མདོར་ན་མ་འོངས་པར་ལས་ཀ་གང་ཞིག་བསྒྲུབ་པ་ལ་ཡང་ཁ་ཡོད་ལག་ཡོད་ཀྱི་རོགས་པ་བྱ་ངེས་ཟེར། འོན་ཀྱང་ཐོག་མའི་ཆར་སྐད་ཡིག་གི་ཕྱོགས་ནས་ཁོ་ཚོ་དང་འབྲེལ་བ་བྱ་བར་དཀའ་ངལ་མི་དམན་པ་ཞིག་བྱུང་། དེ་དུས་ཁོང་ཚོས་བཤད་རྒྱུར་ཁྱོད་ཚོ་བོད་པའི་སྐྱིད་སྡུག་ཚོགས་པ་དེ་འདྲ་ཡོད་ན། དེའི་ངོས་ནས་རོགས་པ་བྱས་ན་ལས་དོན་འདི་རིགས་བསྒྲུབ་པར་དངུལ་དངོས་ཀྱི་འགྲོ་སོང་ཆེན་པོ་གང་ཡང་ཡོད་པ་མ་རེད་ཅེས་བཤད་པས། མདོར་ན་ས་གནས་བོད་རིགས་སྐྱིད་སྡུག་ཚོགས་པ་ཁག་གིས་བོད་མི་གསར་དུ་འབྱོར་བ་རྣམས་ལ་རོགས་པ་གང་ཐུབ་རེ་བསྒྲུབ་རྒྱུ་བོད་རིགས་སྐྱིད་སྡུག་ཚོགས་པའི་མིང་དོན་གཉིས་ཐད་ཀྱི་འགན་འཁྲི་རུ་མཐོང་། །

སྣ་ཚོགས།

Post navigation

Previous Post: སྐྱི་མོ་འདིའི་འོག་ནས་བལྟས་ན། ང་བོད་པ་མ་རེད།
Next Post: རྔ་པ་ཀིརྟི་དགོན་གྱི་གནས་སྟངས།

Comments (9) on “ཨ་རི། བོད་མི། སྐྱིད་སྡུག་ཚོགས་པའི་འགན་འཁྲི།”

  1. བཀྲ་ཤིས། says:
    2011-08-18 at 6:49 am

    རྔ་པ་རིག་རྒྱམ་ལགས། ངོ་མ་ཡག་པོ་བྲིས་འདུག

    ང་ལ་ཡང་ཚོར་སྣང་དེ་འདྲ་རྒྱུན་རིང་ནས་བྱུང། དེ་ཡང་གསལ་པོ་བཤད་ན།
    དང་པོ། བཙན་བྱོལ་དུ་ཡོད་པའི་བོད་རིགས་ཕལ་ཆེ་བས་༸གོང་ས་མཆོག་གི་ཞལ་མཇལ་རྩ་ཆེར་འཛིན་པ་ལས། བཀའ་སློབ་དང་བཀའ་རྩོམ་ཁག་ལ་དོན་གཉེར་གྱིས་སློབ་གཉེར་བྱེད་མཁན་ཧ་ཅང་ཧ་ཅང་གི་ཉུང་ཉུང་རེད།
    གཉིས་པ། མི་མང་འདུ་འཛོམས་དང་གནས་ཡོད་མི་སྣའི་མདུན་དུ་༸གོང་ས་མཆོག་གི་བཀའ་གལ་ཆེ་ཚུལ་བཤཛད་ཀྱང་དོན་དངོས་སུ་༸གོང་ས་མཆོག་གི་དགོངས་གཞིར་སློབ་སྦྱོང་གིས་ཉམས་སུ་ལེན་ཧ་ཅང་ཧ་ཅང་གི་ཉུང་ཉུང་རེད་འདུག
    གསུམ་པ། ༸གོང་ས་མཆཽག་གིས་ཡང་ཡང་གསུངས་མིན་ལ་མ་ལྟོས་པར་། ཚེ་དབང་དང་། དུས་དབང་སོགས་ཞུ་བར་ཡོང་མཁན་མང་ཡང་བཀའ་འཁྲིད་དང་བློ་སྦྱོང་སོགས་ཉན་པར་ཡོང་མཁན་ཧ་ཅང་ཧ་ཅང་གི་དཀོན་པོ་རེད་འདུག
    བཞི་པ། ༸གོང་ས་མཆོག་གིས་དུས་ནས་དུས་སུ་བཀའ་སློབ་གང་ཕེབས་མིན་ལ་བལྟས་ནས་རང་འདོད་ལྟར་བཀའ་སློབ་ལ་འགྲེལ་ལོག་རྒྱག་མཁན་ཧ་ཅང་ཧ་ཅང་གི་མང་པོ་རེད་འདུག
    ལྔ་པ། མི་མང་འདུ་འཛོམས་དང་། ལྷག་པར་དུ་༸གོང་ས་མཆཽག་གི་སྙན་ལམ་དུ་ཆིག་སྒྲིལ་དང་། བོད་རིགས་ནང་ཁུལ་རོགས་རམ་བྱེད་ཀྱི་ཡོད་འདུག་མང་པོ་ཞུས་ཀྱང། ད་ལྟ་གོང་དུ་ཞུས་པ་ལྟར་དོན་དངོས་སུ་གཅིག་གིས་གཅིག་གི་མགོ་མནན་ཐུབ་ལུས་བལྟ་བ་ལས། རོགས་རམ་བྱེད་མཁན་ཧ་ཅང་ཧ་ཅང་གི་ཉུང་ཉུང་རེད།

    དེ་ལྟར་མ་རེད་དམ།

  2. ཨ་ར་དཀར་པོ says:
    2011-08-18 at 7:54 am

    ཨོ། སྐྱིད་སྡུག་ཚོགས་པ་དེ་བོད་མི་ཚོར་ཕན་ཐོགས་ཆེད་དུ་བཙུག་པ་ཞིག་མིན་པ་འདྲ། ཁེ་བཟང་ཞིག་གི་ཆེད་དུ་རེད། བོད་མིའི་སྐྱིད་སྡུག་ཚོགས་པ་ཞིག་གི་བྱེད་སྟངས་དེ་འདྲ་ཡོད་འགྲོ་བསམ་པའི་ཡུལ་ལའང་མེད། ངོ་མ་ཅི་བཙོག་གི བོད་ནང་ན་བོད་མིའི་གདུང་སེམས་མཉམ་སྐྱེད་ངང་ཆིག་སྒྲིལ་ལ་ཕྱོགས་བཞིན་ཡོད་ནའང་ཕྱི་རྒྱལ་རང་དབང་ལུང་པ་ན་ཆིག་སྒྲིལ་དང་བོད་མི་ཕན་ཚུན་ལ་གདུང་སེམས་མཉམ་སྐྱེད་མེད་པ་འདི་ཀྱེ་མ་ཧུད།

  3. མེ་སྟག says:
    2011-08-18 at 10:45 am

    ངོ་མ་དེང་སང་དུས་འདིར་ཚང་མའི་རང་ལ་ཁེ་ཕན་ཡོང་ཐབས་ཞིག་ཐོག་ནས་མིང་དང་། ཚོགས་པ་འདྲ་མིན་མང་པོ་ཞིག་བཙུགས་དང་འཛུགས་པ་ཤ་སྟག་རེད་འདུག་ག

  4. ཚེ་བསམ་ says:
    2011-08-18 at 11:28 am

    གལ་སྲིད་ང་ཨ་རིའི་ནང་ལ་ཡོད་ན་ངས་ཁྱེད་ལ་ཕྱག་རོག་བཞུ་མི་ཐུབ་རྒྱུ་མཚན་ནི་ངའི་ལས་ཀ་ཤོར་འགྲོ་གི་རེད་།
    འོན་ཀྱང་རྡ་རམ་ས་ལར་ཡོད་ན་ངས་ཁྱོད་ལ་ཉིན་གྲང་ག་ཚོད་སྒོར་རོག་བྱེད་ས་རེད་

  5. ཚེ་བསམ་ says:
    2011-08-18 at 11:30 am

    གལ་སྲིད་ང་ཨ་རིའི་ནང་ལ་ཡོད་ན་ངས་ཁྱེད་ལ་ཕྱག་རོག་བཞུ་མི་ཐུབ་རྒྱུ་མཚན་ནི་ངའི་ལས་ཀ་ཤོར་འགྲོ་གི་རེད་།
    འོན་ཀྱང་རྡ་རམ་ས་ལར་ཡོད་ན་ངས་ཁྱོད་ལ་ཉིན་གྲང་ག་ཚོད་སྒོར་ཀྱང་རོག་པ་བྱེད་ས་རེད་

  6. དཀོན་སེང་། says:
    2011-08-18 at 1:33 pm

    རྔ་བ་རིག་རྒྱམ་ལགས་ཀྱི་བསམ་ཚུལ་ལ་རྒྱབ་སྐྱོར་བརྒྱ་ཆ་བརྒྱ་ཡོད། གནད་དོན་འདིའི་གྲས་དངོས་གནས་ཁ་གསལ་གཏིང་གསལ་གྱིས་སྤྱི་ཚོགས་ནང་ཐེར་འདོན་བྱེད་དགོས་ངེས་རེད། དེང་སང་རྡ་ས་གཙོ་བྱས་པའིབཙན་བྱོལ་ནང་ཕན་ཐོགས་མེད་པའི་ཚོགས་པར་མིང་བཏགས་པའི་བཤུ་བཞོག་བྱེད་མཁན་མང་པོ་གཅིག་རྗེས་གཉིས་མཐུད་དང་གཅིག་དཔེ་གཅིག་བལྟ་བྱས་ཏེ་ཁེ་བཟང་ཞིག་གི་ཆེད་དུ་ཐོན་བཞིན་ཡོད།
    དཔེར་ན་ཀིརྟི་གྲྭ་ཚང་གི་གྲྭ་ལོག་ཁ་མ་སོས་ནས་་ཡོད་མཁན་ཁ་ཤས་ཀྱིས་བཙུགས་པའི་རྔ་པའི་ཤེས་ཡོན་ཐེབས་རྩ་ཟེར་པ་ལྟ་བུ་རེད། མིང་ལ་ཐེབས་རྩ་བཏགས་ནས་དོན་གྱིས་མི་མང་འབྲེལ་ཡོད་ཚོའི་ལག་ནས་དངུལ་གཡོ་ལེན་བྱས་ཏེ་སྒེར་ཁ་གསོ་བྱེད་དུ་བེད་སྤྱོདགཏོང་གི་ཡོད་ཚུལ་འདུག འདིའི་གྲས་ནི་ཁྲམ་པའི་བྱེད་སྟངས་དང་འདྲ་བོ་རེད།

  7. རྔ་བ་གཉན་རྒོད་ says:
    2011-08-18 at 10:30 pm

    དྲ་གྲོགས་ཚོ་སྤྱིར་ན་ཚོགས་པ་སྐྱིད་སྡུག་ཚོའི་ག་རེས་བྱེད་ཀྱི་ཡོད་མི་ཤེས་མོད་་་་གོང་དུ་དཀོན་སེང་ནས་བཤད་པའི་སྐད་ཆ་དེ་ནི་ཁོང་དག་གང་ཡང་མིན་པར་རང་ཉིད་མ་དགའ་བ་གཅིག་པོ་རྒྱུ་མཚན་དུ་བྱས་ནས་འཆལ་གཏམ་སྨྲ་བཞིན་པ་ཡིན་་་་་རྔ་བའི་ཤེས་ཡོན་ཐེབས་རྩ་ཟེར་ནས་ཚོགས་པ་ཞིག་ཡོད་དང་མེད་ད་དུང་ཁ་ཚོད་གཅོད་དཀའ་མོད་དེ་ནི་ཕར་ཆེར་སློབ་ཕྲུག་ཉམ་ཐག་ཚོ་དང་ནད་པ་དཀའ་ངལ་ཅན་དག་ལ་ལྟ་རྟོགས་བྱེད་མཁན་གྱི་ཚོགས་ཆུང་ཞིག་ཡོད་པ་དེ་ལ་ཟེར་གྱིན་ཡོད་ན་དེ་ནི་རྔ་བའི་གཞོན་རབས་པ་དག་གིས་བཙུགས་པ་ཞིག་ཡིན་པ་ལས་ཀིརྟི་བྱིས་པ་གྲྭ་ཚང་གི་གྲྭ་ལོགས་ཙམ་གང་ཡང་མ་རེད་ལགས་་སྤྱིར་ན་རྡ་རམ་ས་ན་་གོང་ས་མཆོག་དང་བོད་གཞུང་གི་བཀའ་དྲིན་ལས་ཁ་མི་སོའི་དགོས་པའི་དཀའ་ངལ་དེ་འདྲ་ཡོད་དམ་སྐད་ཆ་དྲང་མོ་ཤོད་དང་ལྷག་པར་རྔ་བ་རྣམས་ནས་ཁ་མི་སོས་ཀི་ཟེར་ན་ང་ལ་ལན་འདི་རང་ལས་གང་ཡང་མེད་ལགས་་་ཧཧཧཧཧཧཧཧཧ་་་་་རང་ཉིད་མ་དགའ་བ་རྒྱུ་མཚན་དུ་བྱས་ནས་མི་རིགས་དང་སྤྱི་ཚོགས་ལ་ཁ་མི་གཡར་རོགས་གནང་་་དེ་ནས་ཐེབས་རྩ་ཟེར་ནས་མི་མང་གང་ཞིག་གིས་ལག་ནས་མགོ་བསྐོར་ནས་དངུལ་གང་དུ་བླང་འདུག་ཆ་རྒྱུས་མེད་པའི་སྤྱི་ཚོགས་ལ་ཕན་མེད་ཀྱི་སྐད་ཆ་དེ་འདྲ་མི་གསུངས་རོགས་ཞུ་་་་

  8. ཉི་མིའི་བུ་རྒྱུད་ནས། says:
    2011-08-19 at 4:19 pm

    དྲ་གྲོགས་ཚོ་ངེས་འདིར་ཅུང་ཙམ་ཞིག་འབྲི་ན་འདོད།   གང་ཡིན་ཟེར་ན་ད་སྐབས་གདོང་དེབ་དང་། ཁ་བརྡ་དུས་བབ་ཟིན་བྲིས་སོགས་སུ་མང་པོ་ཞིག་གི་འདིའི་ནང་དུ་མིང་རྫུན་མ་བྲིས་ནས་ཚོགས་པ་ཁག་དང་ཡུལ་ལུང་འདྲ་མིན་དང་དགོན་པ་ཁག་གི་ནང་ཕན་ཚུན་་དཀྲུགས་ཤིང་བྱེད་ཀྱི་ཡོད་པ་བཞིན་འདིའི་གོང་གི་དཀོན་སེང་ཞེས་པ་འདི་ཡང་དེ་འདྲ་ཞིག་ཡིན་པ་ཚང་མིའི་ཤེས་གལ་ཆེ་འོན་འདི་འདྲ་གླེང་བ་ནི་རྒྱུ་མཚན་དང་གནས་ལུགས་གང་ཡང་མེད་མཁན་ཞིག་ཡིན་པས་དེ་ལ་ལན་འབྲི་དགོས་པ་མེད་ན་ཡང་དཀྲུགས་ཤིང་དུ་འགྲོ་ཉེན་ཆེ་བས་བྲིས་པ་ཡིན།

  9. སྐྱུ་རྩི་ནས། says:
    2011-08-19 at 9:52 pm

    ནུབ་ཕྱོགས་སུ་སྔོན་དུ་སླེབས་པའི་བོད་པ་མགོ་བདེ་བ་ཁ་ཤས་ལ་མཚོན་ན་གསར་དུ་སླེབས་པ་རྣམས་ཀྱི་ཡིག་ཆ་བཟོ་རྒྱུ་ནི་ཁོང་ཚོའི་དངུལ་གསོག་བྱེད་ཀྱི་ཐབས་ལམ་ཡག་ཤོས་ཤིག་རེད། དང་པོར་ལོ་རྒྱུས་བྲི་བ་དང་། དེ་རྗེས་ཁྲིམས་རྩོད་པ། སྐད་འགྱུར་སོགས་ཀྱི་གླ་ཡིན་ཟེར་ནས་སྒོར་སྟོང་ཕྲག་མང་པོ་བཟའ་བཞིན་པ་རེད། ཕན་སེམས་ཀྱི་ཐོག་ནས་གསར་བུར་ལམ་སྟོན་བྱ་མཁན་ནི་ཡི་ཤུ་སོགས་ཆོས་ལུགས་གཞན་པའི་ཚོགས་པ་རྣམས་ཡིན། ཁོང་ཚོས་གླ་མེད་པར་སྦྱོར་དངོས་མཇུག་ཆ་ཚང་རོགས་པ་བྱེད་པ་དང་། ཟས་གོས་ཀྱི་སོགས་ཀྱི་མཐུན་རྐྱེན་ཡང་སྦྱོར་གྱི་ཡོད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (16)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme