Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཨ་རི་ལ་ཕེབས་དོན་ཅི་ཞིག་ཡིན་ཐལ།

Posted on 2015-09-302015-09-30 By ཁ་བརྡ 14 Comments on ཨ་རི་ལ་ཕེབས་དོན་ཅི་ཞིག་ཡིན་ཐལ།

ཅོག་མྱི།

 
མཉམ་འབྲེལ་རྒྱལ་ཚོགས་བཙུགས་ནས་ལོ་༧༠ འགོར་བའི་དྲན་རྟེན་ཚོགས་འདུ་ཨ་རིའི་ཉུག་ཡོག་ནས་བསྐངས་བའི་རྒྱུ་མཚན་གྱིས་རྒྱལ་ཁབ་སོ་སོའི་འགོ་ཁྲིད་རྣམས་གཟའ་འཁོར་སྔུན་མར་ཨ་རིར་ཡོང་ནས་ཚོགས་འདུ་དེར་ཞུགས། རྒྱ་ནག་གི་སྲིད་འཛིན་དང་ར་ཞི་ཡའི་སྲིད་འཛིན། རོམ་གྱི་བླ་རྒན་ཕཱ་ཕཱ་སོགས་འཛམ་གླིང་གི་ས་དབང་དང་བླ་ཆེན་ཆེ་ཤོས་དག་ཨ་རིའི་གདན་ཐོག་གཅིག་ཏུ་འཛོམས་ནས་ཚོམ་བུ་གཅིག་གིས་འཛམ་གླིང་ཞི་བདེ་ལ་གྲོས་བྱེད་པའི་སྐབས་འདིར། འོ་སྐོལ་གྱི་ལྷ་དང་མི་ཡི་མ་འདྲིས་བའི་མཛའ་བཤེས་ཆེན་མོ་༧གོང་ས་སྐྱབས་མགོན་རིན་པོ་ཆེ་མཆོག་ཀྱང་ཨ་རིར་གློ་བུར་དུ་ཕེབས་འདུགགསར་ལམ་གྱི་འགྲེལ་བརྗོད་ལྟར་ན་ཨ་རིའི་ཕོ་བྲང་དཀར་བོའི་བཀའ་འགུགས་ལས་༧གོང་ས་མཆོག་ཨ་རིའི་སྨན་ཁང་དུ་སྐུ་གཟུགས་བརྟག་དཔྱད་ལ་ཕེབས་པ་ཡིན་ཟེར།

དགའ་ལྡན་ཕོ་བྲང་ནས་ཀྱང་ཡིན་མདོག་མདོག་གིས་འུ་ཅག་གི་སྟོན་པ་དགུང་ལོ་བརྒྱད་ཅུར་བུད་ཡོད་པ་གང་དེ་གནམ་གྲུ་ལ་བཞག་ནས་དབྱིན་ལན་ནས་ཚུར་ཨ་རིར་བསྐྱལ། ༧གོང་ས་མཆོག་ཨ་རིར་ཕེབས་པའི་དུས་ནི་ཨ་རི་བ་དག་རོམ་གྱི་གནམ་བདག་ཆོས་ལུགས་ཀྱི་བླ་རྒན་ཕཱ་ཕཱ་ཞེས་བ་དེ་ཡི་རྗེས་སུ་བུང་བ་སྤྲིན་གྱི་ཚོགས་བཞིན་འཁོར་ཏེ་བརྒྱུགས་བཞིན་པའི་དུས་ཡིན་ལ། དེ་མིན་རྒྱ་ནག་གི་སྲིད་འཛིན་ཡང་ཨ་རིར་ཐོན་པས་ཨ་རིའི་ཚོང་བ་རྣམས་དེའི་རྐུབ་ལ་རྒྱུགས་ནས་ཚང་ཁ་ཤིག་ཤིག་བྱེད་པའི་དུས་ཡིན།

འདི་འདྲའི་དུས་བསྟུན་ངན་པ་ཞིག་ལ་གྲག་རྒྱུ་ཚོར་རྒྱུ་མེད་པར་༧གོང་ས་མཆོག་བོད་པ་ཁྲི་ལྷག་ཡོད་པའི་ཨ་རིར་ཁུ་སིམ་མར་ཕེབས། དེ་ནས་ཨ་རིའི་བརྒྱུད་ལམ་ནས་༧གོང་ས་མཆོག་གི་བུད་མེད་ཀྱི་སྐོར་ལ་གསུངས་བའི་སྐད་ཆ་དེ་ལ་འགྲེལ་ལོག་བྱས་ཏེ་ཁོང་སྐུ་ལ་དམའ་འབེབས་འདྲེས་བའི་གཏམ་ངན་སྤེལ། དེ་ནས་༧གོང་ས་མཆོག་གི་ཨ་རིའི་རྩ་ཁྲིམས་དགའ་རྟགས་བཞེས་བའི་མཛད་རིམ་གཙོ་བྱས་ཏེ་སྤྱི་ཟླ་བཅུ་བའི་མཛད་རིམ་ཡོངས་རྫོགས་ཕྱིར་འཐེན་བྱས་འདུག

ཕཱ་ཕཱ་ཡིས་གྲུབ་འབྲས་དང་ཡོང་འབེབ་ཀྱི་རྡོག་ཁྲེས་ལྗིད་ཏིག་གེ་བ་དེ་ཁུར་ནས་གཟའ་ཉི་མའི་དགོང་མོར་རོམ་ལ་གཟི་བརྗིད་ངང་ལོག་སོང་། ཞི་ཅིན་ཕུན་གྱིས་ཀྱང་སྒོར་ངན་ཐེར་འབུམ་དང་ཐེར་འབུམ་ཆེན་པོ་གཏོར་ནས་གཞན་གྱི་ཁ་གསག་གི་བསྔགས་བརྗོད་ཡིད་ཚིམས་པ་ཞིག་ལོན་ཏེ་ང་རྒྱལ་ངང་མེས་པོའི་རྒྱལ་ཁབ་ཀྱི་པང་དུ་ལོག
འོ་སྐོལ་གྱི་སྟོན་པ་༧གོང་ས་མཆོག་སྲིད་འཛིན་གྱི་ངོ་མ་ཐུག་ཅིང་གྲོས་ཚོགས་ཀྱི་མོས་མཐུན་མ་ལོན་ལ་མང་ཚོགས་ཀྱི་དགའ་བསུའང་མ་ཐོབ་པར་རྡ་རམ་ས་ལར་འཇགས་ཏེ་ཏེ་ངང་ཕེབས་སོང་།

བླ་རྒན་ཕཱ་ཕཱ་ལ་སྟོན་ཁའི་གནམ་ངོ་དང་འདྲ་བའི་ཨ་རི་བས་འུར་བསྟོད་ཅི་ལྟར་བྱས་རུང་༧གོང་ས་མཆོག་གཅིག་པུ་ནི་འུ་ཅག་གི་རྣམ་འདྲེན་ཡིན་པའི་དད་པ་གཡོ་མ་མྱོང་ལ། རྒྱ་ནག་གི་སྲིད་འཛིན་ལ་ཡིད་སྨོན་འཆོར་མཁན་མང་རུང་བདེན་མཐའ་སེལ་བའི་དེད་དཔོན་ནི་༧གོང་ས་མགོན་ཁྱོད་ལས་གཞན་མེད་པའི་ཡིད་ཆེས་སྒུལ་མ་མྱོང་བའི་དབང་གིས། ང་རང་རྒྱལ་བ་རིན་པོ་ཆེ་འདི་ལྟར་ཨ་རིར་ཕེབས་པ་དང་དེ་ལྟར་ཕྱིར་བྱོན་པའི་གནས་ཚུལ་དེ་ལ་སེམས་པ་གཏིང་ནས་སྐྱོ་སོང་།

ང་རང་ཚོས་ཀ་ལོན་སྦུག་ནས་བཟོས་པའི་ཐིག་པ་དེ་ངེས་བར་དུ་འཐུང་དགོས་བ་རེད་དམ་མུ་མཐུད་ནས་ཨ་རིའི་གླང་ཤ་པེ་ཀར་༼burger༽དེ་ཟ་དགོས་བ་རེད། ང་ཚོའི་རྩམ་པ་གང་ན་ཡོད།   མདོར་ན། སྐྱབས་མགོན་རིན་པོ་ཆེ་ཐེངས་འདིར་ཨ་རིར་གློ་བུར་དུ་ཕེབས་དོན་ཅི་ཡིན།

བསམ་ཚུལ།

Post navigation

Previous Post: བོད་མིའི་ཁྱི་གཤིས།  
Next Post: ༧གོང་ས་མཆོག་གིས་མི་ནི་སོ་ཌ་ཁུལ་གྱི་བོད་མི་ཚོར་བཀའ་སློབ།

Comments (14) on “ཨ་རི་ལ་ཕེབས་དོན་ཅི་ཞིག་ཡིན་ཐལ།”

  1. སྐལ་ཚེ། says:
    2015-09-30 at 6:19 am

    གོང་ས་མཆོག་རྒྱ་ནག་སྲིད་འཛིན་ལ་གསང་བའི་ཐོག་ནས་མཇལ་ཕྲད་གནང་ཡོད་མདོག་ཁ་པོ་རེད། དེ་མིན་པའི་རྒྱུ་མཚན་གཞན་པ་གཏན་ནས་མི་རྙེད། གལ་སྲིད་མཇལ་ཕྲད་གནང་ཡོད་ན་་་་་་་་་་

  2. ཨ་ཁུ་ནོར་བུ་ says:
    2015-09-30 at 7:04 am

    ཅོག་མྱི་ལགས། གནས་ཚུལ་དངོས་ནི་དགའ་ལྡན་ཕོ་བྲང་ནས་གང་གསུང་པ་དེ་རང་རེད། གནས་ཚུལ་གཞན་ཞིག་འཚོལ་དགོས་དོན་གང་ཡང་མེད་ལ་སེམས་པ་གཏིང་ནས་སྐྱོ་དགོས་དོན་ཡང་མེད་དོ།།།

  3. བན་དེ says:
    2015-09-30 at 8:31 am

    ཅོག་མྱི། ཡང་རེ་བ་སྟོང་པ་མ་ལངས། དགའ་ལྡན་ཕོ་བྲང་ངང་སྒུག་ཡོད་ཀྱང་རྒྱ་ནག་གཞུང་གིས་ད་རེས་ཡ་ལན་མི་འདུག། ་ཀྱེ་མ་རེ་བ་སྟོང་པ་ངང་ནས།

  4. བསྟན་དབང་། says:
    2015-09-30 at 9:28 am

    ཅོ་མྱི་རང་འོབ་ཚོད་མ་ཤོས་༧གོང་ས་མཆོགས་ད་ལྟ་ཨ་རི་ལ་གཞུགས་ཡོད་པ་དང་འདི་ནས་རྩིས་པའི་སྐར་ཆ་ཁ་ཤས་འཇེས་ལ་མི་དམང་ལ་མཇལ་ག་དང་བཀའ་སློབ་གནང་གི་འདུགས་ང་འཚོ་ཁོང་འཕེབས་དགུགས་བཞུས་ནས་འདས་ཡོད་

  5. རྒྱང་མིག says:
    2015-09-30 at 12:16 pm

    གནས་ཚུལ་འདི་ནི་ཧ་ཅང་གི་གསང་རྒྱ་ཅན་དང་དོགས་གཞི་ཅན་ཞིག་རེད། དགོས་གལ་ལ་ཐུག་དུས་ཁ་ཞེ་མི་མཚུངས་པའི་ཆབ་སྲིད་པ་ཚོས་བདེན་བདེན་འདྲ་བའི་ལྐོག་གཡོའི་ཐབས་ཇུས་འཐེན་པ་ནི་འགྲོ་ལུགས་ཤིག་ཡིན། ཕྱོགས་གཅིག་གི་བཤད་སྟངས་གཅིག་པོ་ལ་མགོ་བོ་མི་འཁོར་བར། གནས་ཚུལ་གློ་བུར་བ་འདིའི་རྒྱབ་ལྗོངས་དངོས་དང་དགོས་དམིགས་བཅས་ལ་ཡང་ཞིབ་དཔྱོད་གནང་གལ་ཆེ་བསམ།

  6. ཀརྨ་བློ་གསལ་ says:
    2015-09-30 at 9:51 pm

    ང་ལ་དོགས་པ་ཡོད། ཨ་རིས་གཞང་གིས་གོང་ས་མཆོག་གི་སྐུ་གཟུགས་གནས་སྟངས་ལ་རྒྱུས་ལོན་བྱས་པའི་རྗེས་སུ་ཤིས་ཅན་ཕེང་ལ་ཚོང་རྒྱག་བྱེད་དུ་གྱུར་ཡོད་སྲིད། དེ་ནས་རྒྱ་གཞུང་གིས་ཡང་སྲིད་ག་དུས་བཙལ་པ་དང་ཐག་གཅོད་ལ་གྲ་སྒྲིག་ཡག་པོ་བྱེད་ཐུབ་ཀྱི་རེད། ཐབས་སྐྱོ་བ་ཞིག་ལ་ཁ་ནས་གོང་ས་གོང་ས་ཟེར་མཁན་ཚོས་ད་དུང་དེ་གཟི་བརྗིད་ཅིག་ལ་བཤད་ཀྱིན་འདུག ཉེན་ཁ་རེད་ད།

  7. ཅོག་མྱི། says:
    2015-09-30 at 11:38 pm

    ད་དུང་བཞུགས་ཡོད་པའི་གནས་ཚུལ་ལ་གོ་འཛོལ་བྱུང་བར་ཀློག་མཁན་རྣམས་ལ་དགོངས་དག་ཞུ།

  8. རྟ་བདུན་དབང་བོ says:
    2015-10-01 at 12:54 am

    དོན་དག་རྡོག་རྡོག་དེ་༧གོང་ས་མཆོག་གི་སྐུ་གཟུགས་བདེ་ཐང་རེད། རྒྱ་དཔོན་ཞི་ལ་གསང་བའི་སྒོ་ནས་མཇལ་འཕྲད་གནང་ཡོད་ན་ཐང་། གང་ལྟར་མཇལ་འཕྲད་བྱས་ཡོད་ཀྱང་གྲུབ་འབྲས་ཆེན་པོ་དཀའ་མོ་རེད། །

  9. འབྲོང་བུ་སོག་ཚ། says:
    2015-10-01 at 9:49 am

    སྟོང་གཏམ་མ་ཤོད། དུས་ཚོད་རྫོགས་རོ་རེད། དེ་ལས་གྲོད་ཁོག་རྒྱོངས་ཡག་ཤོས་རེད། ལྷག་བསམ་མང་དྲགས་ན་དད་པ་ལོག་སྤྱོད་རེད་ཡོང་།

  10. ལྷ།བྱ་འཕུར་མ། says:
    2015-10-01 at 3:17 pm

    ཡེ་ཤུ་བླ་ཆེན་གནམ་བདག་ཆེན་མོ་མཆོག་ལ་བླ་རྒན་ཕཱ་ཕཱ་ཟེར་ནས་གང་འདོད་བྲིས་ན་གང་ནས་འགྲིག

    ད་ལོའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྟེང་། ཨོ་བྷ་མ་དང་པུའུ་ཊིན་གཉིས་ཀྱིས་སེ་རི་ཡའི་ནང་འཁྲུགས་གནད་དོན་ལ་གྲོས་མགོ་བྱེད་ཕར་བཞག་ཕན་ཚུན་ལ་སྐྱོན་བརྗོད་ཤུགས་ཆེན་བྱས་པ་དང་། དེ་རིང་ཨུ་རུ་སུས་དངོས་སུ་སེ་རི་ཡ་གཞུང་ལ་རྒྱབ་སྐྱོར་གྱིས་སེ་རི་ཡའི་ནང་གི་འཇིགས་སྐུལ་རིང་ལུགས་པ་རྩ་མེད་གཏོང་བར་ཁ་གཡར་ཏེ། ནུབ་ཕྱོགས་རྒྱལ་ཁབ་ཚོས་རྒྱབ་སྐྱོར་ཡོད་པའི་སེ་རི་ཡའི་ཁ་གཏད་ཚོགས་པ་དང་འཇིགས་སྐུལ་རིང་ལུགས་པའི་ས་ཚིགས་ཁག་བདུན་ལ་མཁའ་ཐོག་ནས་འཇབ་རྒོལ་བྱས་པ་འདུག

    ད་ལྟ་ཡིན་ན་ཨ་རི་དང་ཨུ་རུ་སུ་གཉིས་ཀྱིས་སེ་རི་ཡའི་ནང་འཁྲུག་གནད་དོན་སྡུག་ཏུ་གཏོང་བཞིན་ཡོད།
    ཧཧཧཧཧ

  11. ལྷ།བྱ་འཕུར་མ། says:
    2015-10-01 at 4:11 pm

    ཡེ་ཤུ་བླ་ཆེན་གནམ་བདག་ཆེན་མོ་མཆོག་ལ་བླ་རྒན་ཕཱ་ཕཱ་ཟེར་ནས་གང་འདོད་བྲིས་ན་གང་ནས་འགྲིག

    ད་ལོའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྟེང་། ཨོ་བྷ་མ་དང་པུའུ་ཊིན་གཉིས་ཀྱིས་སེ་རི་ཡའི་ནང་འཁྲུགས་གནད་དོན་ལ་གྲོས་མགོ་བྱེད་ཕར་བཞག་ཕན་ཚུན་ལ་སྐྱོན་བརྗོད་ཤུགས་ཆེན་བྱས་པ་དང་།
    ད་ལྟ་ཡིན་ན་ཨ་རི་དང་ཨུ་རུ་སུ་གཉིས་ཀྱིས་སེ་རི་ཡའི་ནང་འཁྲུག་གནད་དོན་སྡུག་ཏུ་གཏོང་བཞིན་ཡོད།
    ཧཧཧཧཧ

  12. སྤོབས་པ་མཐའ་ཡས། says:
    2015-10-01 at 9:06 pm

    ཨ་མེ་རི་ཀས་ནམ་ཡིན་ཡང་གཏོར་བཤིག་ལས་གང་ཡང་འཇོན་གི་མ་རེད།

  13. ཅོག་མྱི། says:
    2015-10-05 at 12:51 am

    སྤོབས་མཐའ་འདི་བ་ཚང་ཆགས་སྡང་མཐའ་གཉིས་སུ་ལྷུང་བར་སྤོབས་པ་མཐའ་ཡས་བདོག

  14. བསྟན་འཛིན་སྟོབས་ལྡན། says:
    2015-10-09 at 11:50 am

    དོན་དངོས་སུ་༧གོང་ས་མཆོག་དང་སྲིད་འཛིན་ཞི་བར་མཇལ་འཕྲད་བྱུང་བ་སྐབས་དེའི་སྐུ་སྲུང་བ་རྒྱལ་མཚན་ལགས་ཀྱིས་གསུངས་སོང་། འོན་ཀྱང་དེ་གསང་བ་སོང་ཙང་། དགའ་ཕོ་དང་བོད་གཞུང་ཀྲུང་དབྱང་བཅས་སུས་ཀྱང་དུས་ལ་མ་བབས་བར་དུ་ངོས་ལེན་བྱེད་མདོག་ཁ་པོ་མ་རེད་སྙམ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme