Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཨ་ཡེ།

Posted on 2021-01-042021-01-04 By ཁ་བརྡ 2 Comments on ཨ་ཡེ།

རྔ་བ་ཀུན་བཟང་སྒྲོལ་མ།

ངའི་ཨ་ཡེ་ནི་ཧ་ཅང་བྱམས་སེམས་ཆེ་བའི་སྐྱེས་མ་ཞིག་ཡིན་ཞིང་། ད་ལྟ་ལོ་རྒན་གོ་བརྒྱད་བརྒལ་ཡང་བློ་རིག་ཧ་ཅང་གསལ། སྐུ་གཟུགས་ཐང་ལ་རྣམ་པ་ཡང་མཛེས། ཁོང་ཆུང་དུས་འབྲོག་མོ་ཞིག་ཡིན་ལ། རྟ་ནོར་ལ་དེ་བས་ཀྱང་དགའ་མཁན་ཞིག་རེད། ཁོང་ལ་ཞི་མོ་གཉིས་དང་ཞི་ལུ་གཅིག་ཡོད། ཁོང་ཚོས་ཚང་མ་ད་ལྟ་མི་ཆེན་པོ་ཏག་ཏག་ཡིན། ད་དུང་ངའི་ཨ་ཡེ་ལ་གཞས་དང་གླུ་རིགས་ལ་ཧ་ཅང་དགའ་ལ་སྐད་ཡང་སྙན།

སྐད་ཆ་དྲང་པོ་བཤད་ན་ཨ་ཡེ་ནི་མིང་དོན་མཚུངས་བའི་ངའི་ཨ་མ་དང་ཆ་ཡིན། ང་གཉིས་ངོ་ཤེས་ནས་ལོ་དགུ་ཙམ་སོང་ལ། ལོ་འདི་དག་གི་རིང་ལ་མ་བུ་ལྟར་ཕན་ཚུལ་ལ་ཧ་ཅང་བརྩེ་སེམས་ཆེན། ཨ་ཡེ་ལ་མཚོན་ན་ངའི་མིང་ཆ་ཚང་མི་ཤེས། ནམ་ཡིན་ན་ཡང་ང་ལ་སྒྲོལ་མ་ཞེས་འབོད། སྐབས་རེ་མྱི་ནོར་ནས་བུད་མེད་གཞན་ལ་ཡང་སྒྲོལ་མ་དང་སྒྲོལ་མ་ཞེས་འབོད། ད་ལྟར་བསམ་ན་དགོད་བྲོ་བ་ཞིག་རེད་ཨང་།

དེ་བས་དགོད་བྲོ་བ་ཞིག་ལ་ལོ་འགའ་གོང་ལ་ཨ་ཡེ་ང་གཉིས་ནང་པའི་གནས་ཆེན་ཁག་ལ་མཇལ་སྐོར་ལ་སོང་ཡིན། སྐབས་དེ་དུས་ངས་མགོ་ལ་སྐྲ་ཐུང་། ལམ་འགྲོ་བ་འགའི་ང་གཉིས་ལ་མིག་རིག་རིག་ངང་ལྟ་ལ། ཡང་འགའ་རེའི་ཡ་མཚན་ཅན་གྱི་རྣམ་པ་བལྟས། གང་ལྟར་ཉིན་གཅིག་ཨ་ཡེ་དང་ང་གཉིས་ནྭ་ལེནྡ་ལ་གནས་མཇལ་ལ་སོང་ཡིན། སྐབས་དེ་དུས་ཕྱི་མི་རེ་ལ་སྒོར་300དང་།ཡུལ་མི་རེ་ལ་སྒོར་10རེད་འདུག། སྒོ་སྲུང་རྒྱ་གར་དེ་ང་ཕྱི་མི་རེད་འདོད་ནས་སྒོར་༡༠་ཡི་ནང་ལ་མ་བཏང་། དེ་མ་ཐག་ཨ་ཡེ་ཧ་ཅང་རླུང་ལངས་ནས་ལག་ནང་གི་ཤོག་བུ་དེ་ས་སྟེང་དུ་གཡུགས་རྗེས། ང་ལ་“སྒྲོལ་མ་ད་མགྱོགས་པོ་བྱེད་ནས་སྐྲ་རིང་བོ་བཟོས་ཤོག ། ངས་ཁྱེད་འདི་ནས་སྒུག་དགོས་”་ཞེས་བརྗོད་ནས་ལམ་སང་སྒོ་སྲུང་གི་གཡས་ཕྱོགས་སུ་སོང་ནས་ས་ལ་སྡད་ནས་ཁ་ནས་མ་ཎི་མུར་མུར་འདོན།

སྐབས་དེ་དུས་ཀྱི་གནས་ཚུལ་བྱུང་ནས་ད་བར་ངས་སྐྲ་གཏན་ནས་སྒྲ་རིང་བོ་བཞག་མེད། རྒྱུ་མཚན། ད་ལྟར་བསམ་ན་དགོད་བྲོ་ལ་སུས་ཀྱང་སྣང་བ་མི་གཏོང་བའི་དོན་ཞིག་ཡིན་ན་ཡང་། ང་དང་ཨ་ཡེ་གཉིས་ལ་མཚོན་ན་གནས་ཚུལ་འདི་ནས་ནམ་ཡང་བརྗེད་དཀའ་བའི་མ་བུ་ཞིག་གི་དངོས་ཡོད་གཏམ་རྒྱུད་ཞིག་ཡིན་ལ། ཕྱོགས་གཞན་ནས་གནས་ཚུལ་དེ་དང་དེ་འདྲ་བ་དེ་རིང་ཁ་སང་གི་ངའི་འཚོ་བའི་ཁྲོད་ན་ཡང་ཧ་ཅང་མང་གིས། དེ་ཕྱིར་ང་དང་ཨ་ཡེ་གཉིས་ཀྱི་གཏམ་རྒྱུད་མཚམས་མི་ཆད་བའི་ཆེད་དུ། ངའི་ནམ་ཡང་སྐྲ་ལོ་དེ་ཐུང་ཐུང་བཟོས་བཞིན་ཡུལ་སྐོར་ལ་འགྲོ་ནས་འདས་ཟིན་པའི་འཚོ་བ་ལ་དྲན་གསོལ་ཐེངས་གཅིག་བྱེད་འདོད།

2021/1/3

ལྷུག་རྩོམ།

Post navigation

Previous Post: 2021 ལོའི་སྲིད་སྐྱོང་ལ་ལུང་བསྟན་བརྒྱབ་ཡོད།
Next Post: བརྗེད་དཀའ་བའི་ཉིན་མོ་ཞིག

Comments (2) on “ཨ་ཡེ།”

  1. གསལ་ལེ་རྒྱལ། says:
    2021-01-05 at 2:05 am

    ཨ་ཡེ།
    རྔ་བ་ཀུན་བཟང་སྒྲོལ་མ།
    ངའི་ཨ་ཡེ་ནི་ཧ་ཅང་བྱམས་སེམས་ཆེ་བའི་སྐྱེས་མ་ཞིག་ཡིན་ཞིང་། ད་ལྟ་ལོ་རྒན་དགུ་བཅུ་གོ་བརྒྱད་བརྒལ་ཡང་བློ་རིག་ཧ་ཅང་གསལ། སྐུ་གཟུགས་ཐང་ལ་རྣམ་པ་ཡང་མཛེས། ཁོང་ཆུང་དུས་འབྲོག་མོ་ཞིག་ཡིན་ལ། རྟ་ནོར་ལ་དེ་བས་ཀྱང་དགའ་མཁན་ཞིག་རེད། ཁོང་ལ་ཞི་མོ་གཉིས་དང་ཞི་ལི་གཅིག་ཡོད། ད་ལྟ་ཁོང་ཚོ་ཚང་མ་མི་རྒན་ཏག་ཏག་ཡིན། ད་དུང་ངའི་ཨ་ཡེ་ནི་ལ་གཞས་དང་དམངས་གླུ་སོགས་ལ་ཧ་ཅང་དགའ་ལ་སྐད་ཡང་སྙན།
    དྲང་པོ་བཤད་ན་ཨ་ཡེ་ནི་མིང་དོན་མཚུངས་བའི་ངའི་ཨ་མ་དང་ཆ་ཡིན། ངེད་གཉིས་ཀྱིས་ཕན་ཚུན་ངོ་ཤེས་ནས་ལོ་དགུ་ཙམ་སོང་ལ། ལོ་ངོ་འདི་དག་གི་རིང་ལ་མ་བུ་ལྟར་ཕན་ཚུན་ལ་ཧ་ཅང་བརྩེ་སེམས་ཆེ། ཨ་ཡེ་ལ་མཚོན་ན་མོས་ངའི་མིང་ཆ་ཚང་མི་ཤེས། ནམ་ཡིན་ན་ཡང་ང་ལ་སྒྲོལ་མ་ཞེས་འབོད། སྐབས་རེར་མྱི་ནོར་ནས་བུད་མེད་གཞན་ལ་ཡང་སྒྲོལ་མ་དང་སྒྲོལ་མ་ཞེས་འབོད། ཕྱིར་འདང་བརྒྱབས་ན་དགོད་བྲོ་བ་ཞིག་རེད་ཨང་།
    དེ་བས་ཀྱང་དགོད་བྲོ་བ་ཞིག་ལ། ལོ་འགའི་གོང་ལ་ཨ་ཡེ་དང་ངེད་གཉིས་ནང་པའི་གནས་ཆེན་ཁག་ཏུ་མཇལ་སྐོར་ལ་སོང་། སྐབས་དེ་དུས་ངའི་སྐྲ་ལོ་ཐུང་བའི་དབང་གིས་ལམ་འགྲོ་བ་འགས་ངེད་གཉིས་ལ་མིག་གིས་རིག་རིག་བལྟས་ཤིང་། ཡང་འགའ་རེས་ཡ་མཚན་ཅན་གྱི་རྣམ་པས་བལྟས། གང་ལྟར་ཉིན་ཞིག་ལ་ཨ་ཡེ་དང་ངེད་གཉིས་ནྭ་ལེནྡ་ལ་གནས་མཇལ་ལ་སོང་། སྐབས་དེར་ཕྱི་མི་རེ་ལ་སྒོར་300དང་།ཡུལ་མི་རེ་ལ་སྒོར་10རེད། སྒོ་སྲུང་རྒྱ་གར་བ་དེས་ང་ཕྱི་མི་ཞིག་རེད་འདོད་ནས་སྒོར་༡༠་ཡི་ནང་ལ་མ་བཏང་། དེ་མ་ཐག་ཨ་ཡེ་ཧ་ཅང་རླུང་ལངས་ནས་ལག་གི་ཤོག་བུ་དེ་ས་ལ་གཡུགས་རྗེས། ང་ལ་“སྒྲོལ་མ། ད་མགྱོགས་པོ་བྱས་ནས་སྐྲ་རིང་བོ་བཟོས་ཤོག ། ངས་ཁྱོད་ལ་འདི་ནས་སྒུག་དགོས་”་ཞེས་བཤད་དེ་ལམ་སང་སྒོ་སྲུང་གི་གཡས་ཕྱོགས་སུ་སོང་ནས་ས་ལ་བསྡད་དེ་མ་ཎི་མུར་མུར་འདོན།
    གནས་ཚུལ་དེ་བྱུང་བ་ནས་ད་བར་དུ་ངས་སྐྲ་ལོ་གཏན་ནས་རིང་བོ་འཇོག་གིན་མེད། རྒྱུ་མཚན། ད་ལྟ་བསམ་ན་དགོད་བྲོ་ལ་སུས་ཀྱང་སྣང་བ་མི་གཏོང་བའི་དོན་དག་ཅིག་ཡིན་ན་ཡང་། ཨ་ཡེ་དང་ངེད་གཉིས་ལ་མཚོན་ན་གནས་ཚུལ་འདི་ནམ་ཡང་བརྗེད་པར་དཀའ་བའི་མ་བུ་གཉིས་ཀྱི་དངོས་ཡོད་གཏམ་རྒྱུད་ཅིག་ཡིན་ལ། ཕྱོགས་གཞན་ནས་བཤད་ན། ཁ་སང་དེ་རིང་གི་ངའི་འཚོ་བའི་ཁྲོད་ན་ཡང་གནས་ཚུལ་དེ་དང་དེ་འདྲ་བ་ཧ་ཅང་མང་། དེ་ཕྱིར་ཨ་ཡེ་དང་ངེད་གཉིས་ཀྱི་གཏམ་རྒྱུད་མཚམས་མི་ཆད་བའི་ཆེད་དུ། ངས་ནམ་ཡང་སྐྲ་ལོ་ཐུང་ཐུང་བཟོས་ཏེ་ཡུལ་སྐོར་ལ་སོང་ནས་འདས་ཟིན་པའི་འཚོ་བ་ལ་དྲན་གསོ་ཐེངས་གཅིག་བྱེད་ན་འདོད།
    2021/1/3

  2. གསལ་ལེ་རྒྱལ། says:
    2021-01-05 at 2:11 am

    ཀུན་བཟང་ལགས། ང་རང་བརྩམས་སྒྲུང་ལ་དགའ་བའི་དབང་གིས་ཆ་ཚང་ཞིབ་ཀློག་བྱས། རྗེས་སུ་ཡི་རང་ཡོད། ཤེས་མདོག་བསྟན་པ་མིན་མོད་ནོར་བཅོས་དང་བཟོ་བཅོས་ཅུང་ཙམ་བྱས་ཡོད། ཐུགས་ལ་མི་འབབ་ན་དགོངས་དག་ཞུ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme