Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཨ་ཡིན་སི་ཊན་གྱི་མཚེ་མ་མཚུངས་མེད་དང་དུས་ཕྱིར་ལྡོག་གི་མགོ་རྙོག་གྲོལ་བ།

Posted on 2020-12-01 By ཁ་བརྡ 2 Comments on ཨ་ཡིན་སི་ཊན་གྱི་མཚེ་མ་མཚུངས་མེད་དང་དུས་ཕྱིར་ལྡོག་གི་མགོ་རྙོག་གྲོལ་བ།

རྩེ་གཡང་དཀར།
 
ཨ་ཡིན་སི་ཊན་ (Albert Einstein 1879-1955) ནི་ཚན་རིག་པ་གྲགས་ཅན་ཞིག་ཡིན་པ་སྔ་མོ་ཞིག་ནས་གོ་མྱོང་ཡང་། ཁོང་གི་ལྟ་བའི་སྐོར་ལ་རྒྱུས་མངའ་ཅུང་ཙམ་ཡང་མེད། ཁོང་གི་ལྟོས་གྲུབ་ཀྱི་རྣམ་གཞག་དང་། མཚེ་མ་མཚུངས མེད་ཟེར་བ་འདི་དག་༧གོང་ས་སྐུ་ཕྲེང་བཅུ་བཞི་བ་མཆོག་གི་བཀའ་རྩོམ་<< རྡུལ་ཕྲན་གཅིག་ཁོ་ནའི་སྟེང་གི་འཇིག་རྟེན་>> བཀླགས་པ་ལས་ཐོག་མར་གོ་ཐོས་བྱུང་། དུས་དང་བར་སྣང་སོགས་ལྟོས་གྲུབ་ཏུ་བཤད་ཡོད་ཚུལ་དེ་བློ་ངོར་འཕྲོད་དཀའ་བའི་ཚོར་སྣང་གང་ཡང་མ་བྱུང་། དེ་ནི་ནང་པའི་རྟེན་འབྱུང་ངམ་ལྟོས་གྲུབ་ཀྱི་ལྟ་བའི་སྐོར་སོགས་ཇ་ཁ་ཆང་ཁ་ཚུན་ཆད་ནས་གོ་མྱོང་ཐོས་མྱོང་བྱུང་བའི་བག་ཆགས་ཀྱིས་ལོས་ཡིན་སྙམ། འོན་ཀྱང་མཚེ་མ་མཚུངས་མེད་ཟེར་བ་དེ་ཇི་འདྲ་ཞིག་ཡིན་མིན་ལ་བློ་ཁ་ཕྱོགས་ས་ཙམ་ཡང་མ་རྙེད་མོད། ཡིན་ནའང་མཚེ་མ་མཚུངས་མེད་ཟེར་བ་དེ་རྟེན་འབྱུང་ངམ་ལྟོས་གྲུབ་ཀྱི་རྣམ་བཞག་འོག་ལ་བཅུགས་ནས་དེ་འདྲ་ཞིག་འབྱུང་སྲིད་པའི་གོ་བ་ལེན་ཁུལ་གྱིས་རང་སེམས་གསོ་ཐབས་བྱས།

ཉེ་སྔོན་གྲོགས་པོ་ཞིག་གི་སྐད་འཕྲིན་རྒྱབ་ལྗོངས་སུ་ <<སྐྱེ་བ་སྔ་ཕྱིའི་སྐོར་གྱི་དགག་གཞག་ཁ་ཚ་མ་>> ཞེས་པའི་སྒྲ་མཛོད་སྔ་ཕྱི་གཉིས་བཞག་འདུག་པ་དེར་ཞིབ་ཏུ་ཉན་པ་ཡིན། དེ་ཡང་ང་རང་ཉིད་ཀྱིས་སྐྱེ་བ་སྔ་ཕྱིའི་སྐོར་ལ་ལོ་མང་རིང་འཆར་སྣང་སྣ་ཚོགས་ཤིག་བྱས་མྱོང་བའི་དབང་གིས་མི་ཉན་ཐབས་མེད་བྱུང་། སྒྲ་མཛོད་དེ་ནི་དྲྭ་ཚོམས་ཞིག་ཏུ་བགྲོ་གླེང་གནང་བ་བསྐྱར་དུ་སྒྲ་མཛོད་དུ་བཟོས་བ་ཞིག་དང་། དྲྭ་ཚོམས་དེའི་ནང་བོད་ཕྱི་ནང་གི་དགེ་བཤེས་སུམ་བརྒྱ་ལྷག་ཡོད་ཚུལ་འདུག ཁོང་ཚོས་ཀྱང་མཚེ་མ་མཚུངས་མེད་དང་དུས་ཕྱིར་ལྡོག་གི་སྐོར་ལ་བགྲོ་གླེང་ངམ་རྩོད་པ་གནང་འདུག ཨ་ཡིན་སི་ཊན་གྱི་ལྟ་བ་འཛིན་མཁན་གྱིས་འོད་ཀྱི་མགྱོགས་ཚད་ཧ་ཅང་མྱུར་བས་མཚེ་མ་མཚུངས་མེད་དང་དུས་ཕྱིར་ལྡོག་བྱུང་བ་རེད། འོད་ལས་མགྱོགས་པའི་འཕྲུལ་འཁོར་ཞིག་བཟོས་ནས་དེར་བསྡད་ན་དུས་ཚོད་ཕྱིར་ལྡོག་གིས་ཁྱེད་ཚོས་སངས་རྒྱས་བཅོམ་ལྡན་འདས་མཐོང་ཐུབ་ཀྱི་རེད་ཟེར་བ་སོགས་ལས། གནད་ས་ཟིན་པའམ་རྒྱུ་མཚན་ལྡན་པའི་བཤད་པ་གང་ཡང་བྱས་མ་སོང་། མ་བཤད་པ་ཡིན་ནམ་གང་ལྟར་ངས་ཉན་ཚོད་བྱས་ན་ཨ་ཡིན་སི་ཊན་གྱིས་བཤད་ཡོད་པས་དེ་ལྟར་ཡིན་པ་རེད་ཟེར་བ་ཙམ་ལས་ཁོང་ལའང་རྒྱུས་མངའ་མེད་པ་འདྲ།

རྐྱེན་འདི་འདྲ་ཞིག་གིས་ངས་མཚེ་མ་མཚུངས་མེད་དང་དུས་ཕྱིར་ལྡོག་གི་སྐོར་ལ་ཡང་དང་བསྐྱར་དུ་བསམ་བློ་གཏོང་དགོས་བྱུང་། འདིའི་སྐོར་གྱི་རྩོམ་དང་གསལ་བཤད། བརྙན་དང་པར་སོགས་ལག་ལ་གང་ཐེབས་ལ་ལྟ་ཉན་བྱས། ཉེ་འཁོར་གྱི་མི་ལའང་སྐད་ཆ་དྲིས། རང་ལ་འཛོམས་ཚོད་ཀྱིས་ཐབས་ཤེས་སྣ་ཚོགས་བྱས་མོད། ཁ་ཕྱོགས་ཙམ་ཡང་རྙེད་མ་སོང་། བསམ་བློ་གཏོང་ཕྱོགས་ཤིག་གིས་རླུང་ཁམས་ཀྱི་ཕྱི་རོལ་ཏུ་དངོས་པོའི་འགུལ་སྐྱོད་དལ་དུ་འགྲོ་བས་དུས་ཚོད་ཀྱི་བར་ཁྱད་ཤོར་བར་འདོད། ཡིན་ནའང་ཞིབ་ཏུ་བསམས་དུས་དེ་ནི་དུས་ལ་འགྱུར་ལྡོག་བྱུང་བ་མ་ཡིན་པར། ཁོར་ཡུག་གིས་དུས་ལ་ལྟ་བྱེད་ཀྱི་ཡོ་ཆས་ལ་ཚོད་འཛིན་ཐེབས་པ་ཞིག་ཡིན་པས། བསམ་སྟངས་དེ་ནི་ཁུངས་འཁྱོལ་བ་ཞིག་མིན་པས་འདོར་དགོས་བྱུང་།
འོད་ཀྱི་མགྱོགས་ཚད་དང་སའི་གོ་ལའི་རང་འཁོར་གྱི་མགྱོགས་ཚད། སའི་གོ་ལའི་དཀྱུས་ཐིག་གི་རིང་ཚད། དུས་ཚོད་ཉེར་བཞིའི་སྒྲོམ་གཞི་སོགས་ཀྱི་སྐོར་ལ་བསམ་བློ་ཡང་ཡང་བཏང་མཐར་ད་གཟོད་མཚེ་མ་མཚུངས་མེད་དང་དུས་ཕྱིར་ལྡོག་གི་རྩིས་ཀྱི་སྒྲོམ་གཞིའམ་གཞི་འཛིན་ས་ཞིག་ངོས་འཛིན་བྱེད་ཐུབ་པར་གྱུར། གཞི་འཛིན་འདིའི་ཐོག་ནས་སློབ་ཆུང་སློབ་མའི་རྩིས་རིག་གི་ཤེས་ཚད་ཙམ་ལས་མེད་པའི་ངས་ཀྱང་ཡང་དང་བསྐྱར་དུ་རྩིས་ཅི་འདྲ་ཞིག་བསྐོར་ཡང་རྩིས་འབྲས་གཅིག་ཏུ་འབབ་ལ། གཞན་གྱིས་མཚེ་མ་མཚུངས་མེད་དུ་བསྒྲུབས་པའང་ད་གཟོད་ངོ་འཕྲོད་པར་གྱུར། དེ་བས་མཚེ་མ་མཚུངས་མེད་དང་དུས་ཕྱིར་ལྡོག་ཟེར་བ་འདི་མགོ་རྙོག་གི་རིག་པ་ཙམ་ཡིན་པ་ཤེས་མོད། ཡིན་ནའང་ང་ལ་རྒྱུས་མངའ་ཡོད་པའི་མི་བརྒྱ་ཆའི་བརྒྱ་ཐམ་པས་མཚེ་མ་མཚུངས་མེད་དང་དུས་ཕྱིར་ལྡོག་ཅེས་པ་འདི་བདེན་དོན་ཞིག་དང་། རྩིས་ཐབས་འདི་རྟོགས་དཀའ་བ་ཞིག་ཡིན་པར་འདོད་ཀྱིན་འདུག་པས་མགོ་རྙོག་འདི་གྲོལ་བའི་སྤྲོ་བ་བྱུང་།

མཚེ་མ་མཚུངས་མེད་ཟེར་བ་དེ་ནི་མཚེ་མ་གཉིས་ལས་གཅིག་འོད་ལ་ཞོན་པའམ། ཡང་ན་འོད་དང་མགྱོགས་ཚད་མཉམ་པའི་འཕུར་གྲུ་ཞིག་ལ་བསྡད་ནས་འོད་ལོ་ཉི་ཤུ་ལ་སོང་ནས་ཕྱིར་སླེབས་དུས་མཚེ་མ་གཞན་དེ་ཁོ་ལས་ལོ་ཉི་ཤུའི་རྒས་ཡོད་ཟེར་བ་དེ་རེད། འོད་ལོ་གཅིག་ནི་ང་ཚོའི་ལོ་གཅིག་རིང་གི་འོད་ཀྱི་མགྱོགས་ཚད་ཀྱི་རྒྱང་ཐག་ལ་འོད་ལོ་གཅིག་ཏུ་བརྩིས་འདུག དེས་ན་འོད་ལོ་གཅིག་དང་ང་ཚོའི་ལོ་གཅིག་གི་ལོ་ཚད་མཉམ་མོད། འོན་ཀྱང་མཚེ་མ་དེ་གཉིས་ལ་དེ་ལྟ་བུའི་ལོ་ཁྱད་ཤོར་དགོས་པ་དང་། རྩིས་ཀྱི་ཐོག་ནས་ཀྱང་མཚེ་མ་གཉིས་ཀྱི་ལོ་ཁྱད་ཀྱི་རྩིས་དེ་མི་སུ་ཞིག་གིས་བརྩིས་ཀྱང་གཅིག་ཏུ་འབབ་ཟེར། མི་མང་པོ་ཞིག་གིས་མཚེ་མ་མཚུངས་མེད་དང་དུས་ཕྱིར་ལྡོག་ཟེར་བ་འདི་བདེན་པར་བཟུང་ཡོད་ལ། མི་མང་པོ་ཞིག་གིས་རྩིས་འདི་ཅི་ལྟར་རྒྱག་གི་ཡོད་མེད་ཐད་ལའང་ང་དང་འདྲ་བར་མགོ་བོ་འཐོམས་ཡོད།

མགོ་རྙོག་འདི་ཤེས་པར་ཐོག་མར་ཤེས་དགོས་པ་ཁག་ཅིག་ཡོད་པ་ནི། འོད་ཀྱི་མགྱོགས་ཚད། སའི་གོ་ལའི་རང་འཁོར་གྱི་མགྱོགས་ཚད། སའི་གོ་ལའི་དཀྱུས་ཐིག་གི་རིང་ཚད་འདི་དག་རེད། འོད་ཀྱི་མགྱོགས་ཚད་ནི་སྐར་ཆ་གཅིག་ལ་ལེ་དབར་186282 (miles per second) རེད་ཟེར། ( ལེ་དབར་འབུམ་གསུམ་རེད་ཟེར་བའང་འདུག) སའི་གོ་ལའི་རང་འཁོར་གྱི་མགྱོགས་ཚད་ནི་དུས་ཚོད་གཅིག་ལ་ལེ་དབར་ 1000 དང་། སའི་གོ་ལའི་དཀྱུས་ཐིག་གི་རིང་ཚད་ལ་ལེ་དབར་ 24812 ཡོད་ཟེར་བ་འདི་རེད།

འོད་ལོ་ཉི་ཤུའི་ཐོག་ནས་བརྩིས་ན་གྲངས་ཀ་མང་དྲགས་པས་གྲངས་ཀ་ཉུང་ཙམ་ཞིག་གི་ཐོག་ནས་བརྩིས་ཏེ་མཚེ་མ་མཚུངས་མེད་ཟེར་བ་འདི་ཤེས་ཐབས་བྱ། འོད་ཀྱི་མགྱོགས་ཚད་ནི་སྐར་ཆ་གཅིག་ལ་ལེ་དབར་186282 (miles per second) རེད་ཟེར་བ་དང་། སྐར་ཆ་གཅིག་རིང་གི་འོད་ཀྱི་མགྱོགས་ཚད་དེ་འཛམ་གླིང་གི་ཉིན་ཞག་བདུན་དང་ཕྱེད་རེད་ཟེར་བས་མཚེ་མ་མཚུངས་མེད་དང་དུས་ཕྱིར་ལྡོག་གི་རྩིས་ཀྱི་གཞི་འཛིན་སའང་འདི་ནས་རྙེད་ཐུབ། དེ་ཡང་སའི་གོ་ལའི་རང་འཁོར་གཅིག་གི་རྒྱང་ཐག་ལ་ལེ་དབར་ 24812 ཡོད་པ་དང་། སའི་གོ་ལའི་རང་འཁོར་གཅིག་དེ་ང་ཚོའི་ཉིན་ཞག་གཅིག་རེད། སྐར་ཆ་གཅིག་རིང་གི་འོད་ཀྱི་མགྱོགས་ཚད་ཀྱི་རྒྱང་ཐག་དང་སའི་གོ་ལའི་རང་འཁོར་གཅིག་གི་རྒྱང་ཐག་གཉིས་བསྡུར་ན་སྐར་ཆ་གཅིག་རིང་གི་འོད་ཀྱི་མགྱོགས་ཚད་ཀྱི་རྒྱང་ཐག་དེ་སའི་གོ་ལའི་རང་འཁོར་གཅིག་གི་རྒྱང་ཐག་གི་ལྡབ་བདུན་དང་ཕྱེད་ལྷག་ཡིན་པས། འོད་ཀྱི་སྐར་ཆ་གཅིག་རིང་གི་རྒྱང་ཐག་དེ་ང་ཚོའི་ཉིན་ཞག་བདུན་དང་ཕྱེད་དུ་གྱུར་བ་རེད། 186282 ÷24812=7.5 འདི་ལྟ་བུའི་ཐོག་ནས་ང་ཚོའི་སའི་གོ་ལའི་དུས་དལ་དུའང་གཏོང་ཐུབ་ལ། དཔེར་ན། དུས་ཚོད་གཅིག་ལ་ལེ་དབར་ 500 ལས་འགྲོ་མི་ཐུབ་པའི་འཕུར་གྲུ་ཞིག་དུས་ཚོད་ཉེར་བཞིའི་རིང་བར་སྣང་དུ་འཕུར་ནས་ཕྱིར་སླེབས་ན། འཕུར་གྲུའི་ནང་གི་མི་དེར་དུས་ཚོད་ཉེར་བཞིའམ་ང་ཚོའི་ཉིན་ཞག་གཅིག་སོང་མོད། ཡིན་ནའང་ཁོའི་འགྲུལ་བཞུད་ཀྱི་རྒྱང་ཐག་དེ་སའི་གོ་ལའི་རང་འཁོར་གྱི་ཉིན་ཕྱེད་དེ་དུས་ཚོད་བཅུ་གཉིས་ཡིན་པས། ཁོ་ལ་བལྟས་ཏེ་ང་ཚོའི་དུས་དལ་དུ་སོང་བ་མ་ཡིན་ནམ། 500×24=12000 12000÷1000=12
མདོར་ན་ང་ཚོའི་ཉིན་ཞག་གཅིག་དང་ལོ་གཅིག དུས་ཚོད་ཉེར་བཞི་སོགས་ནི་སའི་གོ་ལ་འདིའི་དཀྱུས་ཐིག་གི་རིང་ཚད་དང་། སའི་གོ་ལའི་རང་འཁོར་གྱི་མགྱོགས་ཚད་ཀྱི་རྒྱང་ཐག་གཞི་རྩར་བཟུང་སྟེ་བཟོ་སྒྲིག་བྱས་པ་ཞིག་ཡིན་པས། དུས་དང་རྒྱང་ཐག་ཡོད་ཚད་ང་ཚོའི་གོ་ལ་ཟླུམ་པོ་འདིའི་རང་འཁོར་གྱི་མགྱོགས་ཚད་དང་དཀྱུས་ཐིག་གི་རིང་ཚད་སོགས་དང་བསྟུན་དགོས་ཚེ་ཐམས་ཅད་འཆོལ་འགྲོ་བ་འདི་རེད།

མཚེ་མ་མཚུངས་མེད་ཟེར་བ་འདི་ནི་ཨ་ཡན་སི་ཊན་གྱིས་ང་ཚོར་བཞག་པའི་རིག་རྩལ་གྱི་མགོ་རྙོག་ཙམ་ལས། འདི་ནི་ཁོང་གི་དུས་ལྟོས་གྲུབ་ཀྱི་རྣམ་གཞག་དང་འབྲེལ་བ་ཡོད་ཀྱི་མ་རེད་བསམས། གལ་སྲིད་འདིའང་ཁོང་གི་དུས་ལྟོས་གྲུབ་ཀྱི་རྣམ་གཞག་དང་འབྲེལ་བ་ཡོད་ཚེ། འཇིགས་རྟེན་བཀོད་པ་པོས་ཨ་རག་འཐུང་ཞོར་ཤོ་རྡེའུ་གཡུག་ཡོད་པ་ཐག་གིས་ཆོད།
འོད་ཀྱི་འགྲོས་བརྟན་མིན་མི་ཤེས་མོད། འོན་ཀྱང་དུས་ཀྱི་རྒྱུན་ནི་བརྟན་པོ་ཞིག་ཡིན་པར་འདོད་ལ། མི་རྟག་པ་ཕྲ་མོ་དེ་བྱ་དངོས་ཐམས་ཅད་ཀྱི་ཐོག་ཏུ་འཇོག་ཐུབ་པ་དེའང་དུས་ཀྱི་རྒྱུན་བརྟན་པོ་ཡིན་པའི་རྒྱུ་མཚན་གྱིས་ཨེ་ཡིན་བསམས།

སྣ་ཚོགས།

Post navigation

Previous Post: འཕྲིན་དུ་གསོལ་བ།
Next Post: དབྱིན་ཡུལ་བོད་ཀྱི་དགེ་རྩ་ཚོགས་པ་སྒོ་རྒྱག་རྒྱུ་རེད།

Comments (2) on “ཨ་ཡིན་སི་ཊན་གྱི་མཚེ་མ་མཚུངས་མེད་དང་དུས་ཕྱིར་ལྡོག་གི་མགོ་རྙོག་གྲོལ་བ།”

  1. དགེ་སྒྲུབ། says:
    2020-12-01 at 11:45 pm

    དངོས་ཁམས་དང་རྩིས་རིག་གི་སྐོར་ལ་དཔྱད་བརྗོད་ཧ་ཅང་ཡག་པོ་གནང་འདུག
    བཀའ་དྲིན་ཆེ་ཞུ།
    ད་དུང་བློ་ལྡན་ཁྱོད་ཀྱིས་བོད་རིགས་གཞོན་ནུ་རྣམས་ལ་
    སྒྲུབ་ཐུབ་པའི་ནང་ཆོས་དང་ཕན་ཐོག་པའི་ཚན་རིག་ཟུང་དུ་འབྲེལ་བའི་
    གསུང་རྩོམ་ཅི་མང་མཛད་རོགས་ཞུ་ཞུ།

  2. ཀརྡོ་རབ་འབྱམས་པ says:
    2020-12-02 at 2:55 pm

    མཚེ་མ་མཚུངས་མེད། མཚེ་མ་མཚུངས་ཡོད། མཚེ་མ་མཚུངས་ལ་མ་མཚུངས་པ་ཨེ། གོ་རྒྱུ་མི་འདུག་ཟེར་ན་ཡག་ག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme