Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཨ་མི་རི་ཀའི་རྗེས་དྲན་གྱི་ཉིན་མོ།

Posted on 2015-05-262015-05-26 By ཀླུ་ No Comments on ཨ་མི་རི་ཀའི་རྗེས་དྲན་གྱི་ཉིན་མོ།

བསྒྱུར་འབྲི་མཁན་ཀླུ་འབུམ།

IMG_8137ཨ་མི་རི་ཀའི་རྗེས་དྲན་གྱི་ཉིན་མོ་ནི་ལོ་ལྟར་རྒྱལ་ཡོངས་སུ་སྲུང་བརྩི་བྱེད་བཞིན་པའི་ཉིན་མོ་གལ་ཆེན་ཞིག་ཡིན་པ་དང་། ང་ཡང་ཉིན་དེར་གུང་སེང་ཡིན་པས་གྲོགས་པོ་ཞིག་དང་མཉམ་སྤྲོ་འཆམ་དང་། ཉིན་མོ་དེར་རྒྱུས་ལོན་རོབ་ཙམ་བྱས་བ་ཡིན། དེ་ནི་ཨ་མི་རི་ཀའི་དམག་འཐབ་ཀྱི་ལོ་རྒྱུས་ཁྲོད་ས་མཚོ་གནམ་གསུམ་གྱི་དམག་མི་ཁྲི་ཕྲག་མང་པོས་སོ་སོའི་རྒྱལ་ཁབ་དང་། ཡང་ན་དྲག་གནོན་འོག་ཡོད་པའི་ཕྱིའི་རྒྱལ་ཁབ་གཞན་ཚོའི་རང་དབང་ཆེད་རང་སྲོག་བློས་གཏོང་གིས་དམག་འཐབ་བྱས་པའི་དཔའ་བོ་དཔའ་མོ་ཚོའི་བཀའ་དྲིན་རྗེས་དྲན་ཆེད་སྲུང་བརྩི་བྱེད་སྲོལ་དར་བ་རེད།

དེ་སྔ་དུས་རབས་༡༧པའི་མཇུག་དང་། ༡༨པའི་འགོར། ཨ་མི་རི་ཀའི་ནང་གི་མངའ་སྡེ་ཁག་གི་བར་དང་། ལྷག་པར་ཤར་ནུབ་བར་མི་རིགས་དཀར་ནག་གི་རིགས་ཞེན་དམག་འཁྲུག་བྱུང་བ་དང་། རྗེས་སུ་དམག་འཁྲུག་ཅུང་ཞི་འཇགས་བྱུང་བཞིན་པའི་སྤྱི་ལོ་༡༨༦༦ཟླ་༤ཚེས༢༩ཉིན་སྐབས་དེའི་དམག་སྤྱི་ཇོན་ལོ་ཀེན་ཞེས་བས་དམག་མི་འདས་བོ་ཚོའི་སྐུ་ཕུང་ཞུགས་འབུལ་ཞུ་ཡུལ་དུ་མྱ་ངན་གུས་འདུད་ཞུ་རྒྱུའི་གསལ་བསྒྲགས་གནང་བ་ནས་རྗེས་དྲན་ཉིན་མོ་འདི་ཐོག་མར་དར་སྲོལ་བྱུང་བ་དང་། སྐབས་དེར་དྲན་དགོས་པའི་ཉིན་མོ་ཞེས་དུར་ཁྲོད་ལ་ཡོད་པའི་སྐུ་ཕུང་ལ་མེ་ཏོག་གི་མཛེས་རྒྱན་སྤྲས་ནས་མྱ་ངན་གུས་འདུད་བྱེད་བཞིན་པ་རེད།

IMG_8187རྗེས་སུ་སྤྱི་ལོ་༡༨༨༢ལོར་གཞི་ནས་རྗེས་དྲན་གྱི་ཉིན་མོའམ་memorial dayཞེས་མིང་བསྒྱུར་གནང་བ་དང་། འཛམ་གླིང་དམག་ཆེན་གཉིས་བའི་རྗེས་སུ་ཨ་མི་རི་ཀ་ཁྱོན་ཡོངས་སུ་རྗེས་དྲན་ཉིན་མོ་རིམ་པས་དར་ཁྱབ་བྱུང་འདུག་ལ་སྤྱི་ལོ་༡༩༦༧ལོ་ནས་ཨ་མི་རི་ཀ་དབུས་གཞུང་གིས་ཉིན་མོ་དེ་བཞིན་གཞུང་འབྲེལ་གྱིས་གུང་སེང་གཏན་འབེབས་བྱས་འདུག རིམ་པས་སྤྱི་ལོ་༡༩༦༨ལོར་ཨ་མི་རི་ཀའི་གྲོས་ཚོགས་ཀྱིས་གཞུང་འབྲེལ་གྱི་རྗེས་དྲན་ཉིན་མོའི་དུས་ཚོད་དེ་ཡང་ལོ་རེའི་སྤྱི་ཟླ་༥བའི་བདུན་ཕྲག་བཞི་བའི་རེས་གཟའ་ཟླ་བར་ཡོངས་ཁྱབ་གནང་འདུག

IMG_8200རྗེས་དྲན་ཉིན་མོར་ས་ཁུལ་སོ་སོའི་དམག་མི་འདས་བོ་ཚོའི་དུར་ཁྲོད་ལ་མེ་ཏོག་གི་མཛེས་རྒྱན་སྤྲས་ནས་གུས་འདུད་བྱེད་བ་དང་། དམག་ཞབས་ཟུར་བ་ཚོས་རུ་སྒྲིག་རྔམ་སྟོན་བྱེད་པ་སོགས་རྒྱལ་ཡོངས་སུ་བྱེད་སྒོ་འདྲ་མིན་སྤེལ་སྲོལ་ཡོད་ལ། ཤུགས་ཆེ་ཤོས་ཨ་མི་རི་ཀའི་རྒྱལ་ས་ཝ་ཤིན་ཀྲོན་ལ་རྒྱལ་ཡོངས་ཀྱི་དམག་ཞབས་ཟུར་བ་ཚོས་འཕྲུལ་རྟ་སྦག་སྦག་འཁོར་ལོ་ནམ་རྒྱུན་མཐོང་དཀོན་པ་མང་པོ་བཞོན་ནས་རུ་བསྒྲིགས་ཀྱི་རྔམ་སྟོན་བྱེད་བཞིན་པ་ནི་ལྟད་མོ་ཆེ་ལ་མི་མང་གིས་དགའ་མོས་གནང་ཡུལ་ཞིག་ཡིན་པ་རེད།

 

 

 

 

ངོ་སྤྲོད།

Post navigation

Previous Post: ཇོ་ནང་པ་ངོ་ཤེས་པ་ཞེས་པ་བཀླགས་པའི་ཚོར་སྣང་།
Next Post: བོད་རྒྱའི་གནད་དོན། བཙན་རྒྱལ་བའི་མདུན་སྐྱོད་རོལ་དབྱངས། < 2 >

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme