Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

མེ་རི་རྡོ་སོལ་ཐོན་ཁུངས་དང་ཡུལ་མི་ཚོའི་སྐྲག་འཇིགས།༼བོད་འབྱོར་རྩོམ་ཡིག༽

Posted on 2008-11-052008-11-05 By དབང་ཕྱུག་ 1 Comment on མེ་རི་རྡོ་སོལ་ཐོན་ཁུངས་དང་ཡུལ་མི་ཚོའི་སྐྲག་འཇིགས།༼བོད་འབྱོར་རྩོམ་ཡིག༽

བོང་སྟག་རི་ལུ། མཚོ་ནུབ།
ད་ལོའི་རྒྱལ་བཙུགས་དུས་ཆེན་ཀྱི་གནང་བ་ཕྱིན་རྗེས། ང་རང་ཉིན་གང་བོར་ཁྱིམ་དུ་འཛུལ་ནས་དཔེ་ཆ་སྣ་ཚོགས་ཤིག་ལ་བལྟ་ཀློག་བྱས་ནས་བསྡད་པ་ཡིན། ཡིན་ནའང༌། མི་སེམས་བློང་བློང་བོར་གཏོང་བའི་གསར་འགྱུར་ཞིག་གཅིག་རྗེས་གཉིས་མཐུད་ངང་སྒྲོག་ཡོང་བ་ནི་བསྟུད་མར་ཉིན་གསུམ་གྱི་རིང་ལ་འགྲིམ་འགྲུལ་དོན་རྐྱེན་བྱུང་ནས་མི་བཅུ་ཁ་ཞིག་གི་རང་སྲོག་ཤོར་བ་དེ་ཡིན། དེ་ཡང་ཏག་ཏག་མེ་རིའི་རྡོ་སོལ་སྔོག་འདོན་བྱེད་པའི་རླངས་འཁོར་དེ་དག་གིས་བཟོས་པའི་ཆག་སྒོ་རྐྱང་རྐྱང་རེད།
དེ་བས། ང་རང་ཡང་ཁྱིམ་ནས་སྡོད་མི་ཚུགས་པའི་ན་ཟུག་ཅིག་གིས་སྒོའི་ཕྱི་རུ་སོང་ནས་གསར་འགྱུར་སྣ་ཚོགས་ཤིག་ཨེ་ཐོས་ཡང་ཡང་བལྟས་པ་ཡིན་ལ། ཁ་བྱང་ལ༼མེ་རིའི་རྡོ་སོལ་ཐོན་ཁུགས་དང་ཡུལ་མི་ཚོའི་སྐྲག་འཇིགས༽ཅེས་པའི་གསར་འགྱུར་མ་ཡིན་ལ་སྙན་ཞུ་རྩོམ་ཡིག་ཅིག་ཀྱང་མ་ཡིན་པ་ཞིག་འབྲི་འདོད་སྐྱེས། དེས་ན། ངས་རྒྱ་ཆེའི་ཀློག་མཁན་ཚོས་ཤེས་རྟོགས་བྱུང་མེད་པའི་མེ་རིའི་རྡོ་སོལ་ཐོན་ཁུགས་མི་གླེང་ཀ་མེད་དུ་གྱུར། མེ་རིའི་རྡོ་སོལ་ཐོན་ཁུངས་ནི་རྫོང་དང་སྤྱི་ལེ་ ༡༠༠ ཙམ་ཡོད་པའི་ས་ཁུལ་ཞིག་ཏུ་ཡོད་ཅིང༌། རྡོ་སོལ་གྱི་ཐོན་ཁུངས་ཧ་ཅང་ཆེན་པོ་ཡིན་ལ། དེ་ནི་རང་ཞིང་གི་ཆེས་ཆེ་བའི་རྡོ་སོལ་ཐོན་ཁུངས་ཤིག་ཀྱང་ཡིན། ལོ་ངོ་མང་པོ་ཞིག་གི་ཡར་སྔོན་ནས་བཟུང༌། རྒྱལ་གཉེར་ཁེ་ལས་ཁ་ཤས་ཤིག་གིས་སྔོག་འདོན་བྱེད་བཞིན་ཡོད་ནའང༌། སྐབས་དེར། ས་ཆ་མཐའ་འཁོབ་ཡིན་པ་དང་འགྲིམ་འགྲུལ་སྟབས་བདེ་མིན་པ་སོགས་ཀྱི་དབང་གིས་འདྲུ་སྐྱེལ་བྱེད་པའང་ཆད་མ་མཐུད་ཞིག་ཏུ་གྱུར་ཡོད། ཡིན་ནའང༌། ཉེ་བའི་ལོ་ཤས་ཀྱི་སྔོན་ནས་བཟུང༌། མེ་རིའི་རྡོ་སོལ་ཐོན་ཁུངས་དེ་སྦྱིན་བདག་ཆེན་མོ་ཞིག་གིས་བདག་འཛིན་བྱས་པ་ནས་ཐོག་མར་དེ་ལ་རྒྱལ་ཁབ་རིམ་པ་གཉིས་པའི་སྤྱི་སྤྱོད་གཞུང་ལམ་ལས་པ་དང༌། ཐོན་ཁུངས་ཀྱི་ཟུར་ཁ་གཞན་ཞིག་ནས་ཀྱང་མེ་འཁོར་གྱི་ལྕགས་ལམ་ལས་ནས་ཕལ་ཆེར་འགྲུབ་ཡོད་ཚོད་འདུག་པ་དེས་མི་རིའི་རྡོ་སོལ་ཐོན་ཁུངས་དེ་མི་ཡུལ་གྱི་གནས་འགྲོ་མ་ལྟ་བུ་ཞིག་ཏུ་བཏང་ཚར་འདུག དེ་ལའང་ཡུལ་མི་ཚོའི་ཁ་ནས་ཐོས་པ་ལྟར་ན། མེ་རི་རྡོ་སོལ་ཐོན་ཁུངས་དེར་ཉིན་རེར་རླངས་འཁོར་ཆིག་སྟོང་ལྷག་གིས་དྲུད་ནས་ཕལ་ཆེར་ལོ་ངོ་ཁ་ཤས་འགོར་ཡང་ད་དུང་ཐོན་ཁུངས་ཀྱི་ཆ་ཤས་ཙམ་ཡང་དྲུད་ཚར་མེད་ཟེར། སྐད་ཆ་འདི་ལས་ཕྱོགས་གཅིག་ནས་ང་ཚོའི་ཕ་ཡུལ་གྱི་ཐོན་ཁུངས་དེ་ག་འདྲ་ཞིག་ཡིན་པ་རྟོགས་ཐུབ་ལ། ཕྱོགས་གཞན་ཞིག་ནས་ཡུལ་མི་ཚོའི་ལག་པ་གནམ་ལ་སྲུང་བའི་བཟོ་ལྟ་དང་རང་ལ་སྒལ་ཚིགས་མེད་པའི་ངང་ཚུལ་མཐོང་ཡོང༌།
ས་རྒྱལ་ཁབ་ཀྱིས་ཡིན་ལ། གཏེར་རྒྱལ་ཁབ་ལ་དབང་བའི་བཅའ་ཁྲིམས་ཀྱི་མདུན་ནས་ང་ཚོས་ད་དུང་ངའི་ཕ་ས་གསེར་གྱི་མཐུ་འདྲད་འདྲ། མ་ས་མ་མོ་བྲང་འདྲ་འདྲ་ཞེས་པ་དེ་ཇི་འདྲའི་དགོད་བྲོ་བའི་ཚིག་ཅིག་རེད་ཨང༌།
ད་དུང་དེ་ལས་ཀྱང་འཇིགས་སུ་རུང་བ་ནི། གཡག་སྨྱོན་ལྡང་ལ་རྒྱུགས་པ་ལྟ་བུའི་རླངས་འཁོར་དེ་དག་དང་སྤུས་ཚད་མེད་པའི་ཁ་ལོ་བ་དག་གིས་བཟོས་པའི་ཆག་འཇིག་དང་ཡུལ་མི་ཚོའི་སྐྲག་འཇིག་ཁོ་ན་རེད། ཐེངས་ཤིག་ལ། ང་རང་ཡུལ་དུ་སོང་བ་ཡིན་ལ། ཇ་འཐུང་ཞོར་དང་ཤ་ཟ་ཞོར་དུ་རླངས་འཁོར་དེ་དག་གིས་ང་ཚོ་ལ་ཐུབ་ཚོད་ཚད་མེད་བྱེད་བཞིན་པ་བརྗོད་བཞིན་པའི་སྒང་ལ་ཏག་ཏག་ང་ཚོས་མིག་གིས་མཐོང་བའི་གཞུང་ལམ་དེའི་སྟེང་ནས་རླངས་འཁོར་ཞིག་གིས་དུང་སྒྲ་སྒྲོག་བཞིན་སྦག་སྦག་འཁོར་ལོ་ཞོན་པའི་འབྲོག་པ་ཞིག་བསམ་གཟས་ཏེ་ལམ་གྱི་གཡོན་ཕྱོགས་སུ་གཡུགས་བྱུང༌། དེ་དང་དེ་ལྟ་བུའི་བཟོ་ལྟ་འགའ་རེ་མཐོང་བ་ན་ངའི་ཕ་ཡུལ་གྱི་ཡུལ་མི་ཚོ་ནམ་རྒྱུན་རང་ཡུལ་ནས་རྫོང་ཐོག་ཏུ་འགྲོ་བའི་ལམ་དུ་ཡང་སེམས་ཁུར་ཚད་མེད་མྱོང་དགོས་པ་མཐོང་བྱུང༌།

གསར་འགྱུར།

Post navigation

Previous Post: ཨ་མའི་སེམས། ༼བོད་འབྱོར་རྩོམ་ཡིག༽
Next Post: འཛམ་གླིང་གི་འགྱུར་བ་ཞིག

Comment (1) on “མེ་རི་རྡོ་སོལ་ཐོན་ཁུངས་དང་ཡུལ་མི་ཚོའི་སྐྲག་འཇིགས།༼བོད་འབྱོར་རྩོམ་ཡིག༽”

  1. ཨ་རིག་འགྱུར་མེད། says:
    2008-11-05 at 7:10 am

    རྩོམ་འབྲི་བ་བོང་སྟག་རི་ལུ་ལགས། ད་ལོའི་གསུམ་བཅུའི་དུས་དྲན་རྗེས་ནས་བཟུང་ངས་དྲ་རྒྱ་དང་དུས་དེབ་ཁག་ཅིག་ཏུ་ཁྱེད་ཀྱི་རྩོམ་ཡིག་མང་དག་ཅིག་མཐོང་ཞིང་། དེ་དག་ཕལ་ཆེ་བ་ན་ཟུག་གི་དབང་གིས་བྲིས་པ་ཤ་སྟག་ཡིན་སྟབས། ཧ་ཅང་གུས་བཀུར་བྱེད་ཀྱིན་ཡོད་མོད། ཁྱེད་ནི་གཞིས་བཞུགས་སྤུན་ཟླ་ཞིག་ཡིན་སྟབས་རང་ཉིད་ཀྱི་བདེ་འཇགས་ལ་སྲུང་སྐྱོབ་བྱ་རྒྱུ་རེ་བ་ཡིན།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme