Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཨ་མའི་བུ།

Posted on 2014-04-122014-04-12 By ཁ་བརྡ་ 8 Comments on ཨ་མའི་བུ།

ཐང . བདེ་མོ།
—–བཅར་འདྲི་དེ་བཀླགས་རྗེས། བཀུར་འོས་རྩོམ་པ་པོ་ཧོར་གཙང་འཇིགས་མེད་ལ་ཕུལ་བ།

ཁྱེད་ཀྱི་སེམས་ལ་ནག་ཐིགས་ཤིག་ཕོག
ནག་ཐིགས་འདི ལག་པ་འཆང་མ་ཕོད་པར་ཡུན་རིང་འཇོག་དགོས་བྱུང་སྟབས
ད་ལྟ་ཁྲག་དང་རྣག་གིས་ཟིན་ནས་སྐྲངས་འབུར་ཉེན་ཁ་ཅན་ཞིག་ཏུ་གྱུར་ཡོད
ནག་ཐིགས་དེས་ལུས་སེམས་གཉིས་ཀྱི་འཕྲོད་བསྟེན་ལ་ཕོག་ཐུག་ཅི་ཙམ་བཏང་སོང་ཨང

ཆེས་ཐོག་མར ཁྱེད་ཀྱིས་འཛམ་གླིང་ཉི་མའི་གསེར་ཞལ་སྙིང་ལ་བཅངས་ནས
ཁ་བ་རི་བའི་བདེ་སྡུག་རྒྱབ་ཏུ་ཁུར་ནས
འགྱུར་མེད་དམ་བཅའ་སྙུག་གུའི་རྩེ་མོར་བཏགས་ནས
རེ་བའི་མིག་གིས་གཉེན་གྱི་འདུ་ཤེས་འཚོལ་བཞིན
གང་ནས་ཡོང་མི་ཤེས་པའི་རྒྱུག་ཁྱི་འདུ་ས་ཞིག་ཏུ་འབྱོར
ག་ལེར་གཉེན་གྱིས་བཞག་པའི་སེམས་ཀྱི་ནག་ཐིགས་དེས་མནར་གཅོད་གཏོང་འགོ་བརྩམས
དུས་དེ་ནས་བཟུང
ཁྱེད་ལ་བསླུ་བ་མེད་པའི་སྐྱབས་གནས་དགེ་སློང་ཞིག་དང་རང་གི་ཤ་དང་རུས་པའི་རྐང་མར་སིམ་པའི་བུ་ཕྲུག་གསུམ
ད་དུང སུས་ཀྱང་བསྒུལ་མ་ཚུགས་པའི་སྙུག་གུ་དཔའ་བོ་ཞིག་ལས་ཅི་ཞིག་ལྷག་ཡོད་ཨང ཨ་མའི་བུ

སྙན་ངག

Post navigation

Previous Post: མདོ་ཁམས་ཆུ་སྒང་རྒྱལ་ཡོངས་འོས་བསྡུའི་དངོས་གཞིའི་ལས་རིམ་འགོ་བཙུགས་པ།
Next Post: གཅུང་པོའི་ལམ་སྟོན།

Comments (8) on “ཨ་མའི་བུ།”

  1. བདེན་སྨྲ་ says:
    2014-04-12 at 10:54 am

    ཧོར་འཇིགས་ཀྱི་དྲི་བ་དེའི་ཐད་ལ་དོན་ཚན་གསུམ་བཤད་རྒྱུ་ཡོད། དང་པོ། ཡིག་ཆ་ཡོངས་རྫོགས་ page maker ནང་ལ་བླུགས་ས་ནས་འཕྲོ་བརླག་འགྲོ་སོང་ཟེར་བ་དེ་ལ་ཡིད་ཐབས་བྲལ་བ་ཞིག་རེད། གང་ཡིན་ཟེར་ན། གློག་ཀླད་ལ་ལག་པ་ཅུང་འཆང་མྱོང་ཡོད་མཁན་ཞིག་ཡིན་ན་སུས་ཀྱང་ཤེས་ནི་རེད། རྩོམ་ཡིག་སོགས་ག་རེ་ཡིན་ཡང་ copy རེ་འོད་སྡེར་དང་འཐེབ་སྡེར་སོགས་ཀྱི་ནང་ལ་ཉར་གི་རེད། ཧོར་གཙང་གིས་ག་རེ་བྱས་ནས་ལག་འཛིན་གློག་ཀླད་གཅིག་པུའི་ནང་མ་གཏོགས་གཞན་ལ་གསོག་ཉར་གཏན་ནས་མ་བྱས་པ་ཡིན་ནམ། ཧོར་འཇིགས་ཀློག་ཀླད་ལ་གོམས་པ་རྒྱུན་རིང་པོ་རེད། གལ་ཏེ་གཞན་ལ་ཉར་མེད་པའི་དབང་དུ་བཏང་ཡང་ཁོ་རང་གིས་བཤད་པ་ལྟར་ཐོག་མར་ཡིག་ཁུག་བཅུ་ཁ་ཞིག་ཡོད་པ་དེ་རྣམས་ག་འདྲ་བྱས་ནས་བོར་སོང་བ་ཡིན་ནམ། དཔེར་ན་ཡིག་ཁུག་གཅིག་ཁ་ཕྱེས་ནས་དེའི་ནང་གི་ཡིག་ཆ་རྣམས་ cope བྱས་ཏེ་ཕྱོགས་བསྒྲིགས་བྱེད་བཞིན་པ་དེའི་ནང་བླུགས་ནས་བསྒྲིགས་པ་མ་གཏོགས་ཡིག་ཁུག་རྣམས་ཀྱི་ནང་གི་ཡིག་ཆ་ cut བྱེད་མི་སྲིད་ལ། གལ་སྲིད་ cut བྱས་ཀྱང་དེའི་འཕྲོ་ནས་ cut བྱས་པ་དེ་ save བྱེད་མི་སྲིད། དེས་ན་བསྒྲིགས་བཞིན་པ་དེ་དང་ page maker ནང་དུ་ཡོད་པ་གཉིས་བོར་སོང་ཡང་མ་ཕྱི་རྣམས་ཇི་ལྟར་བོར་སྲིད་དམ། དེར་མ་ཟད་མ་ཕྱི་རྣམས་ས་གཞན་ལ་གསོག་ཉར་གཉིས་པ་དང་གསུམ་པ་བྱས་མེད་ན། ཧོར་འཇིགས་ཀྱི་ལག་འཛིན་གློག་ཀླད་ཆག་སོང་ན་དེ་ནས་མ་རྩོམ་ཡོངས་རྫོགས་བོར་བ་ཨེ་རེད། ད་དུང་ལམ་ཁ་ཞིག་ནས་གློག་ཀླད་རྒྱ་གར་གྱིས་བརྐུས་སོང་ན། ཡང་ན་ལག་ནས་ཤོར་ཏེ་ས་ལ་བསྡབ་སོང་ན། ཡང་ན་མཉེན་ཆས་འཕྲོ་བརླག་ལ་འགྲོ་སོང་ན་དེ་ནས་མ་རྩོམ་ཡོངས་རྫོགས་མེད་པར་གྱུར་བ་ཨེ་རེད། ཧོར་འཇིགས་འདི་ལྟ་བུའི་ལྐུགས་པ་ལུག་ལྟ་བུ་ཞིག་ག་ལ་ཡིན། གལ་ཏེ་གློག་ཀླད་ལ་དུག་བྱུང་ངོ་ཟེར་ན་མདོ་སྨད་ལོ་རྒྱུས་ཀྱི་ས་བོན་ཡོངས་རྫོགས་འཕྲོ་བརླག་ཏུ་མི་བར་དམིགས་བསལ་དགོན་པ་ཁག་གི་ལོ་རྒྱུས་འཕྲོ་བརླག་ཏུ་འགྲོ་དོན་མེད། ཡང་ན་ཧོར་འཇིགས་ཀྱི་གློག་ཀླད་དེའི་ནང་དགོན་པ་ཁག་གི་ལོ་རྒྱུས་མ་གཏོགས་མེད་པའི་གློག་ཀླད་འདྲ་ཡིན་ན་རྒྱུན་ཏུ་ཧོར་འཇིགས་ཀྱིས་གློག་ཀླད་བཅུ་ཁ་ཞིག་ཁུར་ནས་འགྲོ་བཞིན་ཡོད་དམ།

    གཉིས་པ། ཧོར་འཇིགས་ཀྱིས་བྱས་པ་དེ་རྣམས་ཀུན་སློང་དང་ཀུན་སྤྱོད་ཡ་རབས་ཀྱིས་བྱས་པ་ཞིག་ཡིན་ན་ཡིག་ཆ་བརླག་པར་གདུང་སེམས་མཉམ་བསྐྱེད་དང་མི་གཞན་གྱིས་སྙིང་རྗེ་ཐོབ་ངེས། འོན་ཀྱང་ཁོ་རང་གིས་བྱས་པ་རྣམས་ནམ་ནམ་ཞར་ཞར་ལ་ཕྱོགས་ཞེན་འབའ་ཞིག་གིས་ཆོས་ལུགས་གཞན་ལ་བརྙས་སྨོད་ཀྱི་གོ་སྐབས་དམ་འཛིན་བྱེད་བཞིན་ཡོད་སྟབས། ཡིག་ཆ་འཕྲོ་བརླག་ཏུ་སོང་ཡང་ཕྱོགས་འཛིན་གྱིས་བྲིས་པ་མང་པོ་ཞིག་ལམ་སློང་མ་བྱུང་བ་སྡུག་གྱོང་རེད་ཟེར་བ་ལས་གདུང་སེམས་མཉམ་བསྐྱེད་བྱ་ཐབས་མེད། ལས་ཀ་བྱས་ན་ཀུན་སློང་གཙོ་བོ་རེད་མ་གཏོགས་དཀའ་ལས་བརྒྱབ་མ་བརྒྱབ་གཙོ་བོ་མ་རེད། གལ་ཏེ་དཀའ་ལས་བརྒྱབ་མ་བརྒྱབ་གཙོ་བོ་ཡིན་ན་རྒྱ་ནག་གིས་ཀྱང་མི་ལོ་དྲུག་ཅུ་ཙམ་ཞིག་གི་རིང་ལ་བོད་ནང་དུ་འགྲོ་སོང་བཏང་ནས་ལས་ཀ་ཞེ་དྲག་བྱས་ཡོད་པས། དཀའ་ལས་བརྒྱབ་པ་ལ་ཐུགས་རྗེ་ཆེ་ཟེར་རྒྱུ་ཡིན་ནམ། ཧོར་འཇིགས་ཀྱི་གོ་སྐབས་ཡོད་ཚད་དམ་འཛིན་བྱས་ནས་དཔེར་ན། དགེ་ཆོས་ལོ་རྒྱུས་ནང་དུ་འཛམ་གླིང་གི་རྙིང་མ་སྤྱིའི་དབུ་ཁྲིད་དང་པོ་བདུད་འཇོམས་རིན་པོ་ཆེའི་མཚན་ནས་སྨྲོས་ཏེ་ནང་པ་མ་རེད་ཟེར་བ་ལྟ་བུ་ཆོས་བརྒྱུད་གཞན་གྱི་བླ་མ་རྣམས་སྡུག་ཅག་དང་། ལྟ་སྤྱོད་རྣམས་ཕྱིན་ཅི་ལོག་པ་རེད་ཅེས་ཀུན་སློང་ངན་པའི་རང་གཟུགས་ཡང་ཡང་ཕྱི་རུ་མངོན་གྱིན་ཡོད་སྟབས་མདོ་སྨད་ལོ་རྒྱུས་མཇུག་གྲུབ་པ་དང་མཉམ་དུ་མིས་བརྩི་བཀུར་ཐོབ་རྒྱུའི་ཚབ་ལ་ཁ་ལས་རླུང་རྟ་ཆུ་ནང་དུ་ཟགས་དེ་མི་ཐམས་ཅད་སྐྱུག་མེར་ལངས་པ་ཞིག་བྱུང་བ་རང་འབྲས་རང་ལ་འཁོར་བ་ཞིག་རེད།

    གསུམ་པ། ཧོར་འཇིགས་ཀྱི་མདོ་སྨད་ལོ་རྒྱུས་ནང་ལ་ཙོང་ཁ་པ་གཅིག་པུ་མ་གཏོགས་ཆོས་ལུགས་གཞན་ལ་ལྟ་སྤྱོད་གཙང་མ་མེད་ཚུལ་ག་འདྲ་མང་པོ་བྲིས་འདུག འཇམ་བཞད་ཀྱི་ཞེན་ཁོག་བཟུང་ནས་སྡེ་སྲིད་སོགས་ལ་ག་འདྲ་བྲིས་འདུག ཀློག་མཁན་ཞིག་ཡིན་ན་མཐོང་ཡོད་ངེས་ཡིན་པས་འདིར་དེ་ཚོ་རེ་རེ་བྱས་ནས་ལུང་དྲངས་མི་དགོས་རྒྱུ་བྱེད། དེར་བརྟེན་ད་རེས་སྐར་ཁུང་གིས་དྲི་བ་དྲིས་ལན་གྱི་གོ་སྐབས་དེ་ལ་བརྟེན་ནས། སྔར་བརྗོད་ཉེས་གླེང་ཉེས་བྱས་ཡོད་པ་རྣམས་ལ་དགོངས་པ་མ་ཚོགས་ཞུ་འོས་པ་རེད་མ་གཏོགས། ད་དུང་ངས་གང་བཤད་པ་དེ་རྣམས་དྲང་མོ་དྲང་རྐྱང་ཡིན་ཞེས་སྐད་ཆ་སྔོན་མ་རྣམས་ཀྱི་རྒྱབ་གནོན་བྱས་པ་དེ་ཡག་པོ་རྩ་བ་ནས་མ་རེད། དེར་བརྟེན་ཧོར་འཇིགས་ལ་བརྩི་བཀུར་དང་གདུང་སེམས་མཉམ་བསྐྱེད་རྩ་བ་ནས་མེད།

  2. བདེན་སྨྲ་ says:
    2014-04-12 at 11:04 am

    ཧོར་འཇིགས་དགེ་ལུགས་པ་ཞིག་ཡིན་པས་དགེ་ལུགས་ལ་བསྟོད་པ་ལོས་བྱེད། དེ་འོས་པ་ཞིག་རེད། ཡིན་ན་ཡང་དེ་དང་མཉམ་དུ་ཆོས་བརྒྱུད་གཞན་ལ་བརྩི་བཀུར་བྱས་ན་འགྲིག་པ་ལས། ཆོས་བརྒྱུད་གཞན་རྣམས་ལྟ་སྤྱོད་ཕྱིན་ཅི་ལོག་པ་ཡིན་ཚུལ་སོགས་བཤད་ན་དེ་དངོས་གནས་རན་པོ་མ་རེད། ད་དུང་ཧོར་འཇིགས་ལ་སྙན་རྩོམ་དང་ལོ་རྒྱུས་གླེང་བའི་ཡོན་ཏན་ཡོད་པ་ལས། ཆོས་བརྒྱུད་ཁག་གི་ལྟ་གྲུབ་ཟབ་ས་ལ་འཛུལ་ནས་གླེང་སློང་བྱ་ཐུབ་པའི་སྦྱངས་ཡོན་དེ་འདྲ་ཞིག་མེད་པ་ཀུན་གྱིས་ཤེས་བཞིན་པ་རེད། དེར་བརྟེན་རང་རིགས་ཀྱི་སྤྱི་ཟུར་ཞིག་ལ་སྐྱོན་གླེང་བ་ཡག་པོ་མི་འདུག་སྟེ། ཁོང་གིས་ཀྱང་ཁོག་ན་ཡོད་པའི་རྒྱ་མ་སྟོང་ཕྲག་ཅན་གྱི་དུག་རོ་འདི་གད་སྙིགས་ནང་གཡུག་ན་ཡག་པོ་འདུག

  3. དོན་གྲུབ་མཚོ་མོ། says:
    2014-04-12 at 1:58 pm

    ཨོ་རེད བདེན་སྨྲ་ལགས ཧོར་འཇིགས་ལ་སྐྱོན་ག་འདྲ་ཡོད་ཀྱང། ནོར་འཁྲུལ་ཅི་ཞིག་བྱས་ཡོད་རུང་། ཕྲག་དོག་དང་འགྲན་སེམས་ཀྱིས་སྡིགས་དམོད་རྐྱང་རྐྱང་བྱེད་ཁྱོད་འདྲ་བས་བསྐལ་བ་ནས་བསྐལ་བའི་བར་དུ་འགྲན་བཟོད་མེད་པ་ཟུར་བལྟས་ལེབ་མཐོང་རེད། གྲོགས་པོ་མི་གཞན་གྱི་སྐྱོན་བཤད་ནས་ཅི་ཡང་ཡོང་རེ་ཡོད་ལེ་མ་རེད། དེ་ལས་སེམས་ཁ་ནོན། སྲོག་རླུང་གིས་ཚེ་སྲོག་ཤོར་ཉེན་ཆེ། རྒྱུ་མཚན་ནི། ཞེ་སྡང་གིས་ཀུན་ནས་བསླངས་པའི་ཕྲག་དོག་དང་འགྲན་སེམས་ཀྱིས་སོ་སོ་སྐྱིད་པོ་མེད་པ་བཟོ་བ་ལས་གཞན་ལ་གནོད་པ་དེ་ཙམ་བྱེད་ཐུབ་ལེ་མ་རེད།

  4. བདེན་སྨྲ་ says:
    2014-04-12 at 2:10 pm

    དོན་གྲུབ་མཚོ་མོ། རེད། འདི་ཁྱོད་དང་ཧོར་འཇིག་ཅན་པོའི་གཤིས་ཀ་རེད། གཤིས་ཀ་འདི་ཡོད་སའི་མི་ཧ་ཅང་མང་པོ་རེད། ཐོག་མར་མི་ལ་ཕར་མགོ་བཙུགས་ནས་རྙོག་དྲ་བཟོས། འཁོན་འཁྲུག་བསླངས། སེམས་པ་དཀྲུགས། ཚིག་ངན་བཤད། བརྙས་བརྐོས། ནུས་པ་ཡོད་ཚད་ཀྱིས་མ་རབ་ཁོ་ན་བྱས། དེ་ནས་ཕར་ཕྱོགས་ཀྱི་མིས་ཁ་ཞིག་གྲགས་ཡོང་དུས་ད་ཕྲག་དོག་ཅན་དང་། དཀྲུགས་ཤིང་། ཆེ་ན་རྒྱ་མིའི་ཉུལ་མ་དང་དོལ་ཚོགས་ཀྱིས་བཏང་བའི་དཀྲུགས་ཤིང་སོགས་ཟེར་རྒྱུ་རེད། རྣམ་དཔྱོད་ཤེས་རབ་མེད་མཁན་ཚོའི་ཁ་ན་རྒྱུན་དུ་ཡོད་པའི་ཚིག་འདི་ཚོ་རེད། ཁྱོད་ཅན་པོ་འདིའི་འདོད་པ་ཡིན་ན། ཕར་དོན་མེད་ལ་བརྙས་ཅི་ཙམ་བརྐོས་ཀྱང་ཁུར་ནས་སྡོད་པ་མ་གཏོགས་ཚུར་བསམ་ཚུལ་ཙམ་ཡང་གླེང་མི་ཆོག་པ་དེ་རེད་པ། ཡིན་ན་ཡང་ཁྱད་པར་མི་འདུག ཧོར་འཇིགས་ཀྱི་མདོ་སྨད་ལོ་རྒྱུས་ལ་ཁ་ལས་རླུང་རྟ་ཅི་ཙམ་དར་ཡོད་པ་བོད་ཕྱི་ནང་གཉིས་ཀྱི་མཁས་པ་ཚོའི་མདུན་ན་ས་རིས་ཐང་གསལ་རེད། ཁྱོད་དང་ང་གཉིས་འདི་ནས་རྩོད་དགོས་དོན་མི་འདུག ཁྱོད་བདེན་རྒྱུ་བྱོས། ངས་ཧོར་འཇིགས་ཀྱི་འགྲན་མ་ཡོང་ནས་སྙིང་ན་བཞིན་ཡོད་རྒྱུ་བྱོས། མགོ་རུལ་བ་སྣ་ཡིས་མི་ཚོར་བ་འདི་ཁྱོད་ཅན་པོ་ལ་དཀོན་མཆོག་གིས་གནང་བའི་བདེ་སྐྱིད་རེད། ད་བདེ་མོ།

  5. དོན་གྲུབ་མཚོ་མོ། says:
    2014-04-12 at 4:14 pm

    ཟུར་བལྟས་ན་་་་་་་་མཁས། བར་སྟོང་ད་བརྒྱང་རོགས རང་ལ་ལོ་རྒྱུས་འབྲི་བའི་མཐུན་རྐྱེན་འཛོམས་སོང་ན་སྐད་གྲགས་ཀི་རེད་་་་ཧཧཧཧཧ གྲོགས་པོ་་་་་ ཨ་མདོ་བས་ལྷ་ངོ་འདྲེ་ངོ་མི་ཤེས་པའི་བྱེད་སྟངས་ལ་སྤྱི་ཚོགས་དངོས་སུ་ཞུགས་ནས་ལས་ཀ་བྱས་མྱོང་མཁན་དེ་ཚོ་ཞེན་པ་ལོག་འདུག ང་ཡང་དེའི་གྲལ་གི་མི་ཞིག་མིན་རྒྱུ་མེད་་་ ད་བཤད་ནས་གད་ཡོང་་་་ ཁོ་རེ་་་

  6. གསར་བུ། says:
    2014-04-12 at 6:00 pm

    ཧོར་འཇིགས་ལྟ་བུ་མི་བོད་ཕྱི་ནང་གཉིས་ན་མང་པོ་མེད་ཡོད་པའི་དབང་དུ་བྱས་ན་འཚོ་གནས་བྱེད་ཐུབ་ཀྱི་མ་རེད་འདི་བྱམས་དང་སྙིང་རྗེ་གཞན་ཕན་དང་དྲང་བདེན་བླ་རུ་འབོད་པའི་བོད་མི་རིགས་ཀྱི་གཤིས་ཀ་ཡོད་ན་མེད་ན་དེ་རེད། གང་ལྟར་ཧོར་འཇིགས་ཀྱི་བྱས་རྗེས་ལ་བཀུར་བསྟི་ཡོད། ཁ་སྐོང་བྱེད་ཐབས་མེད་པའི་གོ་ཆག་དེ་དག་ལ་གདུང་སེམས་མཉམ་བསྐྱེད་ཡོད།

  7. གཅོད་པ། says:
    2014-04-12 at 7:53 pm

    ཧོར་འཇིགས་ལ་དགའ་པོ་ཡོད།
    སྐད་ཆ་དྲང་པོ་བཤད་སྤོབས་པའི་སྙིང་སྟོབས་འདི་ལའང་ཧ་ཅང་ཡིད་སྨོན་བྱེད་ཀྱིན་ཡོད།

  8. གནམ says:
    2014-04-12 at 8:48 pm

    ཨ་དགའ་ཧོར་གཙང་བའི་འཇིགས་མེད་ལགས། སེམས་ཅན་གྱི་ཁ་སངས་རྒྱས་ཀྱིས་ཀྱང་ཆོད་ནི་མ་རེད། བྱས་ཙང་། དཀའ་ལས་བརྒྱབས་པའི་འབྲས་བུ། བོད་ཡིག་ཤེས་བའི་ཤེས་རྒྱ། མདོ་སྨད་པ་ཡིན་པའི་ཡིན་གོད་སོགས་ཆོད་པས་མ་ཚད་མདོ་སྨད་ལོ་རྒྱུས་འདི་བོད་མི་ཙམ་མ་ཡིན་པའི་འཛམ་གླིང་གི་ལོ་རྒྱུས་བར་ལག་རྟགས་སུ་ཕུལ་ཚར་རེད། ཤེས་མདོག་མཁྱེན་མདོག་པ་ཚོས། ལོ་རྒྱུས་ཆེན་མོའི་ཁ་གསབ་ལ་ཁ་གསལ་འཁྲུལ་མེད་དེ་འདྲ་འབྲི་རྐྱང་གནང་ན་འགྲིག་གི་རེད་པ་ཨ། ཁ་རྡུང་ཟ་དགོས་ནི་མ་རེད།
    ད་ཅིག་ལྷག་ཡོད་པ་ནི། ཁྲལ་ཡོད་དང་ངོ་སོ་བསྟོད་ཤེས་ནིའི་བདག་མོ་མ་ཞིག་བཙལ་ནས། མྱི་ཚེ་སྐྱིད་པོས་གཏོང་རོགས་ཞུ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (84)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (40)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (31)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (16)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme