Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཨ་མའི་དུས་ཆེན་ལ་ཕུལ་བ་བཙུན་མོའི་མགུལ་རྒྱན་མེ་ཏོག་ཕྲེང་མཛེས།

Posted on 2014-03-292014-03-29 By ཁ་བརྡ་ 7 Comments on ཨ་མའི་དུས་ཆེན་ལ་ཕུལ་བ་བཙུན་མོའི་མགུལ་རྒྱན་མེ་ཏོག་ཕྲེང་མཛེས།

ཨེ་མ་ཧོ།

dkl1ན་མོ་གུ་རུ་ཨརྱ་ཏཱ་ར་ཡེ།
ཨ་མ་དྲིན་ཆེན་མ་ལ་ཕྱག་འཚལ་ལོ།།
ཨི་ཨུ་ཨེ་ཨོའི་དབྱངས་ཀྱི་ང་རོ་དང་།།
ཧ་ནས་ཀ་བར་གསལ་བྱེད་མིང་དོན་སོགས།།
ས་མཚམས་སྟོན་པའི་རང་བཞིན་སློབ་དཔོན་རྒྱལ།།
ཤ་ཁྲག་ལུས་རྟེན་གནང་བའི་དྲིན་ཆེན་མ།།
ལྭ་བ་གོས་བཟང་བྱིན་པའི་དྲིན་ཆེན་མ།།
ར་རོ་གསོན་པོར་སྐྱོང་བའི་དྲིན་ཆེན་མ།།
ཡ་རབ་དྲིན་ཆེན་མ་རྣམས་གཙུག་ན་རྒྱལ།།
འ་ཅག་ཉམ་ཆུང་དུད་འགྲོ་འདྲ་བ་ལ།།
ཟས་མལ་ལོངས་སྤྱོད་སྟེར་བའི་དྲིན་ཆེན་མ།།
ཞ་ལོང་ལྐུག་པ་བསམ་མེད་ལྟ་བུ་ལ།།
ཝ་ལེར་གདམས་ངག་བསྩལ་བའི་བཀའ་དྲིན་ཅན།།
ཛ་ཡའི་ཆོས་དད་དགེ་སྒྲུབ་བྱིན་རླབས་དང་།།
ཚ་གྲང་གཡུལ་ལས་སྐྱོབ་པའི་དྲིན་ཆེན་མ།།
ཙ་ར་བདག་སྐྱོང་བཀའ་དྲིན་མཚུངས་མེད་མ།།
མ་ལུས་བུ་ལ་བཅོལ་བའི་ཕྲིན་ལས་རྒྱལ།།
བ་གླང་ཕྱུགས་ཀྱི་གྲལ་དུ་མ་བཞག་པར།།
ཕ་རོལ་གཞན་ལས་ལྷག་པའི་རྣམ་དཔྱོད་བསྐྲུན།།
པ་སངས་ལྟར་དཀར་ལྷག་བསམ་ཟླ་མེད་མ།།
ན་མོ་གུས་པའི་བླ་མ་དང་པོ་ལགས།།
ད་འདས་མ་འོངས་བྱམས་པའི་ཨ་མ་དང་།།
ཐ་དག་རང་ལས་གཅེས་པའི་ཨ་མ་ཉིད།།
ཏྰ་ར་འཕགས་མའི་རྣམ་སྤྲུལ་ལྟ་བུ་ཡི།།
ཉ་ཉོག་བརྩེ་ལྡན་ཨ་མའི་ཚོགས་ཀུན་རྒྱལ།།
ཇ་ཆང་ཟས་གོས་ཕུད་ཀྱིས་ལེགས་པར་མཆོད།།
ཆ་ལུགས་རང་ལས་ལྷག་གི་རྒྱན་གོས་གསོལ།།
ཅ་ཅོའི་གཏམ་ཙམ་མིན་པར་སྙིང་ནས་བྱམས།།
ང་ཡིས་མཚན་ལྡན་ཨ་མའི་རིགས་ལ་བསྟོད།།
ག་དུས་ཡིན་ཡང་དྲིན་ཆེན་མ་ལ་དྲན།།
ཁ་ཙམ་མིན་པར་གསང་གསུམ་གུས་འདུད་བཅས།།
ཀ་དག་སྤྲོས་བྲལ་ཨ་མའི་འོད་གསལ་ངང་།།
ཧ་ཅང་ངེས་པའི་གཏམ་ཞིག་དེ་སྐད་ཐལ།།
ཨ་མ་ངོ་ཤེས་དྲིན་དྲན་དྲིན་ལན་འཇལ།།
ཡིད་འོང་བྱམས་པ་བརྩེ་བའི་སྙིང་རྗེ་དང་།།
ལྷག་བསམ་རྣམ་དག་བྱང་ཆུབ་སེམས་མཆོག་གིས།།
མ་རྒན་འགྲོ་ཀུན་འདྲེན་ནུས་སྨོན་འཇུག་བརྩོན།།

ཞེས་རབ་རྒྱན་ཤིང་པོ་རྟ་ལོའི་ཆོ་འཕྲུལ་ཟླ་བའི་དབང་ཚེས་སམ་རྒྱལ་སྤྱིའི་མ་ལོའི་དུས་ཆེན་སྐབས་སུ་མཁའ་འགྲོ་རྗེ་བཙུན་སྒྲོན་དཀར་གྱིས་གསུང་སྐུལ་ལྟར་དབྱིན་ཡུལ་ཀུན་བཟང་ཆོས་གླིང་གི་དགའ་ཚལ་ཤིང་ནགས་མེ་ཏོག་སྣ་ཚོགས་ཀྱིས་བརྒྱན་པའི་རང་བྱུང་གི་སྐྱེད་ཚལ་དང་ཡིད་འོང་ནུབ་ཕྱོགས་རྒྱ་མཚོའི་ཁ་ནས་དངོས་འབྱོར་ཡིད་སྤྲུལ་ཀུན་བཟང་བདེ་སྨོན་བཅས་ཤྲཱིས་བགྱིས་པར་དགེའོ།། །།

རྩོམ་རིག

Post navigation

Previous Post: རྩོམ་པ་པོ་ཐེའུ་རང་ལ་ཁ་བཏགས་དཀར་པོ་ཞིག་ཏུ་ཚབ་ཏུ་བྲིས།
Next Post: <<སྐར་མདའ>>

Comments (7) on “ཨ་མའི་དུས་ཆེན་ལ་ཕུལ་བ་བཙུན་མོའི་མགུལ་རྒྱན་མེ་ཏོག་ཕྲེང་མཛེས།”

  1. དགའ་སྐུ་ says:
    2014-03-29 at 11:48 pm

    དྲིན་ཅན་མ་ཡི་དྲིན་ལན་མཇལ་བར་ཤོག་

  2. ཀརྡོ་གཉེར་ཕྱག་པ་ says:
    2014-03-29 at 11:59 pm

    ཨེ་མ་ཧོ་ཡི་ཕྲེང་མཛེས་ནང་། །
    ཨ་མ་མོ་ལ་ཕྱག་འཚལ་ནས། །
    དབྱངས་ལ་ཨི་ཨུ་ཨེ་ཨོ་བཞི། །
    ཀ་ནས་ཧ་ཡིས་ཨ་སྟོངས་སོང་། །

  3. ཀརྡོ་གཉེར་ཕྱག་པ་ says:
    2014-03-30 at 12:01 am

    དྲིན་ཅན་ཨ་མར་གུས་བཏུད་ནས། །
    དྲིན་ཅན་ཨ་མའི་དྲིན་དྲན་ནས། །
    དྲི་ལན་ལོག་འཇལ་མེད་པ་དང་། །
    དྲིན་ལན་ཚེ་འདིར་འཇལ་བ་ཤོག །

  4. ཨ་ཕྱི་ཆོས་སྒྲོན says:
    2014-03-30 at 4:47 am

    ཨ་མ་དྲན་པའི་ཨ་ལགས་ལ།།
    ཨ་ཕྱི་ཡོངས་ཀྱིས་ཚབ་ཞུས་ནས།།
    ཨ་ལ་ལ་ཧོ་ཨེ་མ་ཧོ།།
    ཨ་བུ་ཚེ་ཐག་རིང་བར་ཤོག།

  5. Thump ten says:
    2017-05-14 at 6:17 am

    ང་ཚོའི་ཨ་མ་ནི་འཇིག་རྟེན་འདིའི་ཐོག་ལ་རང་ལ་བརྩེ་ཤོས་དང་སྙིང་ཉེ་ཤོས་ཡིན། འཚམས་རེར་ཨ་མས་བུ་ཕྲུག་གསོད་མཁན་ཡང་མཐོང་ཡ་འདུག

  6. Thump ten says:
    2017-05-14 at 6:18 am

    མ་རྒས་ཀྱང་བྱང་སེམས་རྒས་པ་མེད།དྲིན་མ་ལོ་ཚེ་རིང་ནད་མེད་ཤོག
    ཨ་མ་ལགས། བཀའ་དྲིན་ཆེའོ།། 祝天下所有的母亲们:节日快乐,永远健康长寿[玫瑰][拥抱][爱心]❣️❣️🙏🙏🙏Please don’t forget to keep calm and hug your mom! Happy Mother’s Day!❣️❣️🙏🙏🙏

  7. Tenzin Bhutti says:
    2021-10-01 at 9:53 am

    ཀུ་ཅི་ང་ལ་ ཨ་ཧོ་ ཞེས་པའི་ཚིག་འདི་ཡི་ཚིག་སྒྲུབ་ཅིག་སླབས་དང་།   ཀུ་ཅི།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme