Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཨ་མདོའི་རྡུང་ལེན་འགྲན་ཚོགས་ཆེན་མོ་བསྡུ་བའི་གསལ་བརྡ།

Posted on 2012-02-21 By ཡེ་ཤེས་ 3 Comments on ཨ་མདོའི་རྡུང་ལེན་འགྲན་ཚོགས་ཆེན་མོ་བསྡུ་བའི་གསལ་བརྡ།

སྤེལ་དུས། 2012-02-15 17:23:37 རྡེབ་ཚད། 336 ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་བ།

བོད་མི་རིགས་ཀྱི་ཕུལ་དུ་བྱུང་བའི་གཟུགས་འདས་རིག་གནས་སམ་ངག་བརྒྱུད་རིག་གནས་ཉམས་པ་སོར་ཆུད་དང་མ་ཉམས་གོང་འཕེལ་གཏང་བ་དང་།བོད་ཀྱི་རྡུང་ལེན་སྒྱུ་རྩལ་དར་ཁྱབ་དང་དེའི་རྒྱུད་འཛིན་པ་གསོ་སྐྱོང་བྱེད་ཆེད། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཧི་ནན་རྫོང་རིག་གནས་ལུས་རྩལ་རྒྱང་སྒྲོག་བརྙན་འཕྲིན་ལྗོངས་རྒྱུ་ལྟ་སྐོར་ཅུའུ་དང་ཧི་ནན་རྫོང་རྩྭ་ཐང་དགེ་སྒྲུབ་ཚོགས་པ་གཉིས་ཀྱིས་མཉམ་དུ་སྒྲུབ་པའི་ཨ་མདོའི་རྡུང་ལེན་འགྲན་ཚོགས་ཆེན་མོ་དེ་ད་ལོའི་ལུགས་གསར་གྱི་ཟླ་གསུམ་པའི་ཚེས་གསུམ་ཉིན་ནམ་ལུགས་རྙིང་གི་ཟླ་གཉིས་པའི་ཚེས་བཅུ་གཅིག་ཉིན་ཧི་ནན་རྫོང་ཐོག་ནས་བསྡུ་རྒྱུ་ཡིན་པས། ས་གནས་སོ་སོའི་རྡུང་ལེན་ལ་དགའ་མོས་ཆེ་བའི་རྡུང་ལེན་པ་རྣམས་དུས་ལྟར་ཞུགས་པར་དགའ་བསུ་ཞུ།
གཅིག འགྲན་ཞུགས་ཆ་རྐྱེན་ནི་ཚིག་དང་དབྱངས་ལ་ཡར་སྐུལ་གྱི་ནང་དོན་ལྡན་ཞིང་།སྒྱུ་རྩལ་དང་བསམ་བློའི་རང་བཞིན་མངོན་པར་དོད་ཅིང་མདོ་སྨད་ཡུལ་གྱི་ཁྱད་ཆོས་གཙོ་བྱས་པའི་བོད་ཀྱི་རྡུང་ལེན་ཡིན་དགོས་ལ། འགྲན་སྡུར་ལ་ཞུགས་མཁན་གྱི་རྡུང་ལེན་པས་ངེས་པར་དུ་རང་ཉིད་ཀྱིས་དཀྲོལ་ལེན་བྱེད་ཤེས་དགོས་པ་དང་། འགྲན་ཞུགས་བརྩམས་ཆོས་ཀྱི་ཚིག་དང་དབྱངས་གསར་བ་ཡིན་པ་དང་མངའ་རིས་སྒྲ་སྙན་བཀོལ་མཁན་ལ་དམིགས་བསལ་གྱི་སྐར་གྲངས་ཁ་སྣོན་བྱ་རྒྱུ་ཡིན།
གཉིས། མིང་ཐོ་འགོད་པའི་དུས་ཚོད་ནི། ད་ནས་བཟུང་སྟེ་ལུགས་གསར་གྱི་ཟླ་གསུམ་པའི་ཚེས་གཅིག་ཉིན་བར།
གསུམ། བྱ་དགའི་རིམ་པ་དང་དགའ་རྟགས་ལ་ཨང་དང་པོ་གཅིག་དང་དེ་ལ་སྒོར་ཁྲི་གཅིག་དང་ཏིང་འཕགས་བསྐལ་གསུམ་པོ་ཏི་རེ་དང་མཚན་སྙན་དཔང་ཡིག་བཅས་སྟེར་རྒྱུ་ཡིན། ཨང་གཉིས་པ་གཉིས་དང་དེ་ལ་སྒོར་སྟོང་གསུམ་རེ་དང་ཏིང་འཕགས་བསྐལ་གསུམ་པོ་ཏི་རེ། མཚན་སྙན་དཔང་ཡིག་བཅས་སྟེར་རྒྱུ་ཡིན། ཨང་གསུམ་པ་གསུམ་དང་དེ་ལ་སྒོར་སྟོང་གཅིག་རེ་དང་ཏིང་འཕགས་བསྐལ་གསུམ་པོ་ཏི་རེའམ་ཡང་ན་གློག་ཆས་སྒྲ་སྙན་རེ། མཚན་སྙན་དཔང་ཡིག་བཅས་སྟེར་རྒྱུ་ཡིན། ཕུལ་བྱུང་བྱ་དགའ་བཅུ་དང་དེ་ལ་གློག་ཆས་སྒྲ་སྙན་རེ་དང་མཚན་སྙན་དཔང་ཡིག་བཅས་སྟེར་རྒྱུ་ཡིན། དྲན་རྟེན་བྱ་དགའ་བཅུ་བཞི་དང་དེ་ལ་པི་ཝང་ཆུང་ངུ་རེ་དང་མཚན་སྙན་དཔང་ཡིག་བཅས་སྟེར་རྒྱུ་ཡིན།
བཞི། མིང་ཐོ་འགོད་དུ་ཡོང་དུས་སྒོར་ཉིས་བརྒྱ་དང་རང་ཉིད་ཀྱི་འདྲ་པར་ཚུན་གཅིག་ཅན་རེ་སྤྲོད་དགོས།
ལྔ། འགྲན་སྡུར་དུས་ཚོད་ནི་ལུགས་གསར་གྱི་ཟླ་གསུམ་པའི་ཚེས་གསུམ་ཉིན་ནམ་ལུགས་རྙིང་གི་ཟླ་གཉིས་པའི་ཚེས་བཅུ་གཅིག་ཉིན།
དྲུག མིང་ཐོ་འགོད་ས་དང་འབྲེལ་གཏུགས་བྱ་ཡུལ་ནི། ཧི་ནན་རྫོང་གི་སོག་གུར་མགྲོན་ཁང་ཆེན་མོ། འབྲེལ་གཏུགས་བྱེད་ས། རྨ་སོག་སྐལ་ལྡན། ཁ་པར་ཨང་གྲངས136-1973-1955 ཨ་རིག་དད་ལྡན། ཁ་པར་ཨང་གྲངས 159-0973-4440 ཟི་ལིང་དུ་ཡོད་པའི་མཚོ་སྔོན་རླུང་འཕྲིན་ཚོང་ར། འབྲེལ་གཏུགས་བྱེད་ས་བན་འབྲུག་སྐྱབས། ཁ་པར་ཨང་གྲངས155-0078-9917

གསར་འགྱུར།

Post navigation

Previous Post: ༄།། མ་ཡུམ་ལགས། གངས་ལྗོངས།
Next Post: བོད་མིའི་ཚེ་སྲོག་གིས་གླེང་བའི་བོད་དོན་སྒྲུབ་ཕྱོགས་ཀྱི་རྩོམ་དེབ་དབུ་འབྱེད།

Comments (3) on “ཨ་མདོའི་རྡུང་ལེན་འགྲན་ཚོགས་ཆེན་མོ་བསྡུ་བའི་གསལ་བརྡ།”

  1. རྡོ་རྗེ་རྒྱལ་མཚན། says:
    2012-02-21 at 3:36 am

    ད་དེ་འདྲ་གནང་རྒྱུའི་དུས་ཚོད་ཅིག་ཨེ་ཡིན་ན།

  2. བདག་པོ། says:
    2012-02-21 at 10:13 am

    ཆུ་ཕོར་པ་གང་ལ་མཐོང་ཚུལ་མི་འདྲ་བ་གསུམ་ཡོད་པ་ལྟར་ཟླ་བ་ལྷ་མོས་ཀྱང་བཙན་བྱོལ་ནང་ཡོད་ཚད་གཞང་ལྟ་བུ་མཐོང་འདུག བོད་དུ་ཡོད་མཁན་གྱི་གཞས་པ་གཞས་མ་དེ་དག་ལྐུགས་པ་དང་ལྐུགས་མ་མིན་པས་བསམ་བློ་གཏོང་ཤེས་ཀྱི་རེད། གཞས་གང་འདྲ་ཞིག་བཏང་ནའི་ཁོང་ཚོའི་འདོད་པ་རེད། ཁྱེད་ནས་བཀག་འགོག་བྱ་མི་ཐུབ། གལ་སྲིད་ཁྱེད་ལ་དེ་འདྲའི་ཤ་ཚ་ཡོད་ན་བོད་དུ་བཞུགས་པའི་རྨ་སོག་སྐལ་ལྡན་དང་། ཨ་རིག་དད་ལྡན། མཚོ་སྔོན་རླུང་འཕྲིན་ཁང་ལ་ཁ་པར་བཏང་ན་ཡག ཁ་པར་ཨང་གྲངས་ནི་འདུག དང་པོ་མིག་ལྟོས། གཉིས་པ་བསམ་བློ་ཡག་པོ་ཐོངས། གསུམ་པ་དཔྱད་པ་བྱོས། བཞི་པ་ཁུངས་ལྡན་གྱི་སྐད་ཆ་ཤོད།
    དེ་འདྲ་བྱས་ན་རྣམ་དཔྱོད་ལྡན་པའི་ཟླ་བ་ལྷ་མོ་མི་ངོ་མར་འགྱུར་སྲིད།
    གཞན་སྡོད་ས་པད་ཀོག་བྱས། མིག་ལ་ཐལ་བ་བཏབ་ན་ཆོ་འདུག་གས༽

  3. ཕ་ལོ། says:
    2012-02-21 at 5:38 pm

    བོད་ནང་ནས་ལོ་གསར་དགོང་འཚོགས་དང་རྡུང་ལེན་འགྲན་བསྡུར་སོགས་བྱེད་སྐབས་སྤྱི་དཀའ་ཚེགས་ཆེན་པོ་རེད།
    རྒྱུ་མཚན་རྒྱུན་ལྡན་གྱི་ལོ་ཞིག་ལ་འགྲན་འཚོགས་བྱེད་སྐབས་གོང་རིམ་ནས་ཆོག་མཆན་མ་ཐོབ་པའི་དཀའ་ངལ། ཐོབ་ཀྱང་མཐུན་རྐྱེན་གྱིས་མ་འདེང་བའི་དཀའ་ངལ། དེར་བརྟེན་ད་ལོ་ལྟ་བུར་གལ་སྲིད་མ་འཚོགས་ན་ཡང་སང་ལོ་གཞུང་གིས་ཀྱག་ཀྱག་བྱས་ནས་ཆོག་མཆན་སྤྲོད་ལ་མ་སྤྲོད་བྱེད་ཀྱི་རེད། ཐ་ན་འོད་སྡེར་གཅིག་ཕུད་པར་འདྲི་གཅོད་དང་ཁེག་ཐག་ག་ ཚོད་ཅིག་བྱེད་དགོས་ཀྱི་འདུག སྤྱིར་ལོ་གསར་དགོང་འཚོགས་གྲ་རྒྱས་བོ་ཞིག་འཚོགས་ན་བོད་པ་རང་ཉིད་ཀྱི་གླུ་བ་གླུ་མ་གསར་བ་ག་ཚོད་ཅིག་བསྐྱེད་སྲིང་བྱེད་ཐུབ་ཀྱིན་འདུག བཙན་བྱོལ་དུ་ང་ཚོ་འགོག་མཁན་ཡོད་པ་མ་རེད་དེ། བོད་ཕྱི་ནང་གཉིས་ལ་བག་ཆགས་འཇོག་ཐུབ་པའི་གླུ་བ་སུ་ཞིག་འདུག ད་དུང་བཙན་བྱོལ་གྱི་གླུ་བ་གསར་སྐྱེས་མང་དག་ཅིག་གི་གླུ་ཚིག་ལ་ལྟོས་དང་། ང་ཚོས་ཕྱོགས་མང་པོ་ལ་ལྟོས་ནས་སྐད་ཆ་བཤད་དགོས་འདུག སོ་སོ་སྐྲག་མི་དགོས་ས་ནས་གཏམ་རིང་འཇལ་མཁན་འདི་དག་དྲང་མོར་བཤད་ན་སུམ་ཅུའི་དུས་དྲན་ལ་ཡང་ཆག་མེད་ཅིག་འགྲོ་གིན་ཡོད་མེད་ཐ་ཚེམ་ཡིན། རྒྱུ་མཚན་ངའི་ཉེ་འཁོར་ནས་མི་འགས་བཙན་བྱོལ་གཞུང་གིས་ཅིག་འགྲིག་མ་སོང་། ༧རྒྱལ་བ་རིན་པོ་ཆེ་ཡིས་ཅིག་གནང་མ་སོང་ཞེས་སྐད་རྒྱག་མཁན་འགའ། ས་གནས་ཞིག་གི་ལས་འགུལ་དང་ལས་དཀར་མངགས་ན་སྤྱི་ལེ་བཅུ་ཕྲག་ཙམ་གྱི་ས་ལ་ཡང་སྤྱི་སྤྱོད་རླངས་འཁོར་གྱི་འཛིན་བྱང་འཁྱེར་ནས་དངུལ་ལེན་དུ་ཡོང་མཁན་འདུག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme