Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཨ་མདོ་སྟག་ཚང་ལྷ་མོའི་ཞང་ཐོག་ནས་དམེ་བྱས་ནས་མི་གཅིག་བསད་འདུག

Posted on 2008-11-09 By དབང་ཕྱུག་ 12 Comments on ཨ་མདོ་སྟག་ཚང་ལྷ་མོའི་ཞང་ཐོག་ནས་དམེ་བྱས་ནས་མི་གཅིག་བསད་འདུག

ཐེ་བོ་ཤེས་རབ་རྒྱ་མཚོ།
རྒྱ་ནག་གཞུང་གིས་འཆར་གཞི་ལྡན་པའི་ཐོག་ནས་བོད་མི་གཞོན་སྐྱེས་རྣམས་ཀྱི་མི་ཚེ་འཕྲོ་བརླག་གཏོང་ཐབས་སུ་བོད་ཁུལ་གང་སར་ཆང་ཁང་དང་ཤོ་ཁང༌། གཞང་ཁང་སོགས་བཙུགས་ཡོད་པར་བརྟེན་འདས་པའི་ལོ་འདི་དག་གི་རིང་བོད་ནང་ཁུལ་གྱི་ན་གཞོན་བསམ་མེད་རེ་ཟུང་གིས་ནང་དམེ་བྱས་དང་བྱེད་མུས་ཡིན། དེར་བརྟེན་བོད་མི་ན་གཞོན་གང་མང་ཞིག་གི་མི་ཚེ་མདུན་ལམ་ལ་གནོད་པ་ཧ་ཅང་འཚབ་ཆེན་ཐེབས་ཀྱིན་ཡོད།
ད་ལོ་བོད་ནང་གསུམ་བཅུའི་དུས་དྲན་ནས་བཟུང་རྒྱ་གཞུང་ལ་ངོ་རྒོལ་བྱེད་སྐབས་ཀ་ཆ་ཁར་ནང་དམེའི་དོན་རྐྱེན་བྱུང་ཡོད་པ་དང༌། མདང་དགོང་བོད་ནས་ཁ་པར་བརྒྱུད་རྒྱུས་ལོན་བྱུང་བ་ལྟར་ན་བཞག་སྡོམ་རྫས་ཧོར་སྡེ་བའི་ཨ་ཀར་གྱིས་ཧུ་ར་སྡེ་བའི་བསམ་གྲུབ་དར་རྒྱས་ལ་གྲི་བརྒྱབ་ནས་སྟག་ཚང་ལྷ་མོའི་ཞང་ཐོག་གི་ཆང་ཁང་ཞིག་གི་ནང་དུ་བསད་ཡོད་འདུག ཁོང་གཉིས་ཆ་རུ་སྡེ་ཕན་ཚུན་ཐག་ཉེ་ཡིན་འདུག འདས་པོ་བསམ་གྲུབ་དར་རྒྱས་ནི་སྔོན་མ་སྟག་ཚང་ལྷ་མོའི་ཀིརྟི་དགོན་པའི་ནང་གྲྭ་བ་བྱས་མྱོང་ཡོད་འདུག ད་ཆ་རུ་ཧུ་ར་སྡེ་བས་འདས་པོ་བསམ་གྲུབ་ཀྱི་རོ་སྐྱིན་ལེན་རྒྱུར་གྲ་སྒྲིག་བྱེད་ཀྱིན་ཡོད་ནའང༌། རྒྱ་ནག་གཞུང་གིས་དེའི་ཐད་ཅི་ཡང་བཤད་ཀྱི་མེད་སྟབས་སྟག་ཚང་ལྷ་མོའི་ཀིརྟི་དགོན་པའི་གྲ་བ་ཚོ་རུ་སྡེ་གཉིས་ཀྱི་བར་བུད་ནས་གྱོད་དོན་འདི་ཞི་འཇགས་སུ་གཏོང་རྒྱུ་ཡིན་ཚུལ་བཤད་བྱུང༌། སྤྱིར་བཏང་ད་ལོ་བོད་ཁུལ་གྱི་ཕྱོགས་གང་ས་ནས་བོད་མི་ཚོས་རྒྱ་ནག་གཞུང་ལ་ངོ་རྒོལ་བྱེད་སྐབས་བཞག་སྡོམ་པ་ཡང་རྒྱ་ནག་གཞུང་ལ་ངོ་རྒོལ་བྱེད་མཁན་གཙོ་གྲས་ཡིན་སྟབས། དེ་གའི་རུ་སྡེ་ནང་གི་རྒད་པོ་དང་ཕོ་གསར་བསམ་ཡོད་འགས། འདི་ད་ལོ་རྒྱ་ནག་གཞུང་ལ་ངོ་རྒོལ་སྐབས་བསད་ཡོད་རྒྱུ་ན་འུ་ཚོ་ཚང་མའི་མི་རབས་ནས་མི་རབས་བར་གཟི་བརྗིད་རེད་ཅེས་འགྱོད་པ་ཤུགས་ཆེན་བྱེད་ཀྱིན་ཡོད་པར་མ་ཟད། བོད་ཕྱི་ནང་གཉིས་ལ་ཡོད་པའི་རང་རིགས་སྤུན་ཟླ་བསམ་ཡོད་ཅན་ཚོས་རུ་སྡེ་འདི་གཉིས་ལ་མགྱོགས་མྱུར་ཁ་ཏ་བསླབ་བྱ་རེ་གནང་རོགས་ཞེས་ཁ་པར་བརྒྱུད་ནས་རེ་སྐུལ་ཤུགས་ཆེན་ཞུ་བཞིན་འདུག་ན་རྣམ་པ་ཚོས་འདིའི་ཐད་ལ་སེམས་བརྩེ་བས་ཀུན་བསླངས་ཏེ་ཁ་ཏ་བསླབ་བྱ་རེ་གནང་རྒྱུ་མཁྱེན།

སྣ་ཚོགས།

Post navigation

Previous Post: ༄༅།། བདེན་དོན་འཐབ་རྩོད།
Next Post: འཆམ་འཆམ་ལས་བཏུས་པའི་སྙན་ངག

Comments (12) on “ཨ་མདོ་སྟག་ཚང་ལྷ་མོའི་ཞང་ཐོག་ནས་དམེ་བྱས་ནས་མི་གཅིག་བསད་འདུག”

  1. རིག་པའི་རྡོ་རྗེ། says:
    2008-11-09 at 11:30 pm

    དོན་དག་འདི་ངོ་མ་སེམས་སྐྱོ་བའི་གནས་ཚུལ་ཞིག་རེད།   གྲོགས་པོ་ཐེ་བོ་ཤེས་རབ་རྒྱ་མཚོ་ལགས་ཀྱིས།   འབྲེལ་བ་བྱེད་ཡུལ་གྱི་ཁ་པར་ཨང་གྲངས་འདིར་བཞག་ན་འགྲིག་གམ།    འོན་ཀྱང་དགོས་པ་ལས་དགག་བྱ་ཆེ་ན་འཇོག་མི་དགོས་ལགས།   འདིའི་རིགས་ལ་གཟབ་གཟབ་གནང་དགོས།    གནས་ཚུལ་འདི་བརྒྱུད་སྒྲོག་གནང་བར་བཀའ་དྲིན་ཆེ་ཞེས་ཞུ་བ་ཡིན།   རེ་ཞིག་དེ་ཙམ་མོ།།   

  2. ཐེ་བོ་ཤེས་རབ་རྒྱ་མཚོ། says:
    2008-11-10 at 12:42 am

    གྲོགས་རིག་པའི་རྡོ་རྗེ་ལགས་ཀྱི་རེ་སྐུལ་ལྟར་བོད་ནང་གི་འབྲེལ་ཡོད་ཀྱི་ལག་འཁྱེར་ཁ་པར་ཨང་གྲངས་འདིར་འཇོག་དགོས་ངེས་སུ་མཐོང་ནའང་། ཁོང་གི་བདེ་འཇགས་ལ་བསམས་ནས་འཇོག་མ་ཐུབ་པར་བརྟེན་གྲོགས་ཉིད་ལ་དགོངས་འགལ་མེད་པར་ཞུ།

  3. ལྕགས་རྒྱ་འགྲམ་ནག says:
    2008-11-10 at 3:13 pm

    རྒྱ་མཚོའི་ཁ་ནས་གོ་གྱོང་མཆུ་མས་མ་སྦང་ཟེར་བ་ཁྱོད་གཉིས་ལ་བཤད་ཀྱི་ཡོད་པ་འདྲ། ཨེས་མེལ་ཁ་བྱང་བཞག་པ་ཙམ་གྱིས་ཁ་པར་ཨང་གྲངས་ཕན་ཚུན་མི་འཕྲོད་དམ། གསར་རུ་འདི་ཚོ་ཧོན་ལོག་མ་རན་གོང་ལ་འཐོམ་འཐོམ་བྱེད་པ་འདི་ཅི་མ་འགྲིག་པ་རེད།

  4. གཡག་ལྡོམ says:
    2008-11-18 at 4:53 pm

    ཨ་ཁུ་ལྕགས་རྒྱ་ལགས་། སྐད་འཇམས་པོ་བྱས་ནས་ཤོད་ད་། དོན་མེད་ལ་སྤོ་མ་ལངས། ཨུ་གོས་་་་་་

  5. གཡག་ལྡོམ says:
    2008-11-18 at 4:54 pm

    ནོར་བཅོས་་་་་་ སྐད་ཆ

  6. ལྕགས་རྒྱ་འགྲམ་ནག says:
    2008-11-18 at 5:22 pm

    རིག་རྡོར་ལྟ་བུ་ཁ་ནས་སྐམ་བཤའ་རྒྱུ་ཡིན་ཚུལ་བཤད་དེ་ལག་ནས་ཤིག་ཙམ་ཡང་མི་སོད་པ་མཐོང་དུས། ༧རྒྱལ་བ་རིན་པོ་ཆེས་འཚེ་མེད་ཞི་བ་གླེང་བ་དེའི་རིན་ཐང་ཇེ་ཆེ་ནས་ཇེ་ཆེར་གྱུར་སོང་།

  7. མགོན་པོ་ཕྱག་གཉིས་པ། says:
    2008-11-18 at 6:38 pm

    མི་གཅིག་ནང་དམེ་བྱས་བསད་པ་དེ་ཅང་མ་རེད། མདོ་ཁམས་ཀྱི་ལུང་པ་ཁུག་ཅོག་དེ་ཚོར་མི་བཅུ་གྲངས་ལྷག་ནང་དམེ་བྱས་གསོད་རེས་བྱེད་པ་དེ་ཚོ་གོ་ན་མཚན་གསུམ་གཉིད་མི་ཁུག ཁམས་གོ་འཇོ་གཅིག་པོའི་ནང་བྱུང་བའི་ལོ་རྒྱུས་དེ་ཚོ་རྒྱུས་ལོན་ཞིག་བྱོས་དང་། གཞན་ཨ་མདོའི་ནང་ཡང་དེ་འདྲ་མང་པོ་ཡོད་པ་རེད།

  8. ÇtôzÅ-q- says:
    2008-11-18 at 7:26 pm

    ལྕགས་རྒྱ་འགྲམ་ནག། ད་རིག་རྡོར་གྱི་ཆེད་རྩོམ་དེའི་སྐོར་ལ་སྐྱོན་བརྗོད་བྱས་པར་ཁོའི་སྐུ་འཁོར་ཚོས་ང་རྩད་གཅོད་བྱེད་དགོས་ཚུལ་དང་སྒེར་གྱི་སྙིང་ནད་ཡོད་ཚུལ་སོགས་ཅོལ་ཆུང་གི་སྐད་ཆ་མང་པོ་བཤད་སོང་། མི་འདི་དགེ་བཤེས་ྐླད་དམར་ཞིག་རེད་ཟེར་མཁན་འདུག དེ་བདེན་ངེས་རེད། དགེ་བཤེས་ྐླད་དམར་འདི་ཚོའི་གྲས་མང་པོ་ཞིག་རང་ཉིད་གང་དུ་འགྲོ་མི་མཁན་ཤ་སྟག་གི་རྗེས་སུ་དགེ་ཕྲུག་དང་སྦྱིན་བདག་ཟེར་བའི་བླུན་པོ་ལུང་པ་གང་རེ་འབྲངས་ཡོད་རེད། མི་འདིའི་རང་གི་གང་བརྗོད་པ་དེས་ཁུངས་སྐྱེལ་བྱ་རྒྱུ་ལས་ལྡོག་སྟེ་གཏོར་བཤིག་མང་ཐག་ཆོད་རེ་བཤད་དེ་ག་ཤེད་ཅིག་ཏུ་ཡིབས་འགྲོ་མཁན་དེ་འདྲ་ཞིག་རེད་འདུག ཁོས་དེ་སྔོན་རྒྱ་རི་བློ་གྲོས་ཀྱིས་བོད་བཙོང་ཚུལ་དང་ཟམ་གདོང་སྤྲུལ་སྐུ་སྨྱོས་ཚུལ་སོགས་ཀྱི་སྐད་ཆ་དེ་ཚོར་གསེད་འགྲོལ་ཡག་པོ་མ་བྱས་བར་དུ་ངས་ཁོ་ལ་ཁབ་བཙག་འབིགས་བཙག་བྱ་རྒྱུ་མཚམས་འཇོག་ཐུབ་ས་མ་རེད། དགོང་དག

  9. kunchok says:
    2008-11-18 at 7:44 pm

    ནང་ཁུལ་བསོད་རེས་གཏུབ་རེས་གཏོང་དགོས་ན་ཁམས་པ་དང་ཨ་མདོའི་དགའ་མ་དགའ་ཅང་ཡོད་མ་རེད། ད་ལོ་དགྲ་བོས་རང་རིགས་དམར་བསོད་ཆེན་མོའི་སྐབས་རེ་སྐོང་ཡིན་ན་ཅིག་གི་སློབ་གྲའི་ནང་དུ་ཡང་ནང་ཁུལ་མ་འགྲིག་པ་རེད་ཟེར། དེ་འདྲ་ཡིན་ན་ད་རེ་བ་ཞིག་ཡོད་ས་རེད་པས། སྟབས་ཡག་ནས་དབུས་གཙང་དྲིན་ཆེན་འདི་བས་ཁོག་ན་མེ་འབར་རུང་བསོད་གཏུབ་ད་གང་ནས་གཅིག་བྱེད། ཁ་ནས་དུ་བའང་དགའ་ཞིག་ཐོན་འཇུག་གི་མ་རེད།

  10. ལྕགས་རྒྱ་འགྲམ་ནག says:
    2008-11-18 at 8:03 pm

    དགེ་བཤེས་ཀླད་དམར་གྱི་རྗེས་སུ་ཨ་ཕྲུག་ཚོ་ཇི་ལྟར་འབྲངས་སྟངས་ལ་གླེན་པ་ལུག་གིས་འགྲེལ་བཤད་སྙན་ཐག་ཆོད་ཅིག་བརྒྱབས་པ་ལུག་རྫིའི་སྙན་ངག་གི་མཆན་དུ་གསལ་ཞིང་། དེ་ནས་བཟུང་འདིའི་རིགས་ལ་ངས་ནི་ཁ་བརྡའི་ཐོག་གི་སྦལ་བ་གླུ་ལེན་ཞེས་འབོད་བཞིན་ཡོད།

  11. ÇtôzÅ-q- says:
    2008-11-18 at 8:09 pm

    འགྲམ་ནག་ཁྱོད་ཀྱིས་དུས་བབ་ཟིན་བྲིས་བེད་སྤྱོད་ཡག་པོ་བྱེད་ཐུབ་པ་དེར་སྤྲོ་བ་བརྟས། ངས་ནི་ཨུ་ཚུགས་མང་ཐག་ཆོད་ཅིག་བརྒྱབ་པ་ཡིན་མོད་ཞུགས་ཐུབ་མ་སོང་།

  12. མགོན་པོ་ཕྱག་གཉིས་པ། says:
    2008-11-18 at 9:12 pm

    ད་དགེ་འདུན་དཀོན་མཆོག་ལ་ནང་འཁྲུག་ཡོང་གི་ཡོད་པ་མ་རེད་པ། མ་ཡོང་བར་ཤོག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (94)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (65)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (35)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme