Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཨ་མདོ་རྔ་པ་སྔོ་ཤུལ་དགོན་གྱི་གྲྭ་པ་གསུམ་ནས་རང་ལུས་མེར་བསྲེགས་བཏང་བའི་གནས་ཚུལ།

Posted on 2012-11-072012-11-07 By ཁ་བརྡ་ 11 Comments on ཨ་མདོ་རྔ་པ་སྔོ་ཤུལ་དགོན་གྱི་གྲྭ་པ་གསུམ་ནས་རང་ལུས་མེར་བསྲེགས་བཏང་བའི་གནས་ཚུལ།

ཕྱི་ལོ་༢༠༡༢ ཟླ་༡༡ ཚེས་༧ ཉིན་གྱི་ཕྱི་དྲོའི་བོད་ནང་གི་དུས་ཚོད་༣ ཡས་མས་ཤིག་ལ་བོད་མདོ་སྨད་རྔ་པ་རྫོང་རྔ་སྟོད་སྒོ་མང་ཞང་ཚོ་དྲུག་སྡེ་བའི་ནང་ཚན་སྔོ་ཤུལ་ཐང་བ་མའི་ཆུ་ཁ་ཚང་གི་སྔོ་ཤུལ་དགོན་གྱི་གྲྭ་རྡོ་རྗེ། རང་ལོ་༡༥ ། ཕ་མིང་ལ་ཚེ་རིང་དང་། མ་མིང་ལ་གངས་དཀར༼ལོ་སྔོན་མར་གྲོངས་ཟིན་འདུག༽ཡིན་པ་ཁོང་དང་། དེ་བཞིན་སྔོ་ཤུལ་ཐང་བ་མའི་ཐང་ལྷ་ཚང་གི་སྔོ་ཤུལ་དགོན་གྱི་གྲྭ་བསམ་འགྲུབ། རང་ལོ་༡༦ ། ཕ་མིང་ལ་བསོད་དར་དང་། མ་མིང་པ་སངས་ཡིན་པ་ཁོང་དང་། ཡང་སྔོ་ཤུལ་རྨེའུ་སྐྱོང་སྡེ་བའི་ཚེ་རིང་དོན་འགྲུབ་ཚང་གི་སྔོ་ཤུལ་དགོན་གྱི་གྲྭ་རྡོ་རྗེ་སྐྱབས། རང་ལོ་༡༦ ། ཕ་མིང་ལ་ཚེ་རིང་དོན་འགྲུབ་ཡིན་པ་ཁོང་གསུམ་གྱིས་རྔ་སྟོད་སྒོ་མང་ཞང་ཉེན་རྟོག་ཁང་གི་སྒོ་འགྲམ་ནས་རང་ལུས་མེར་སྲེག་བཏང་སྟེ་རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་འཇུག་དགོས། བོད་ལ་རང་དབང་དགོས། ཞེས་ངོ་རྒོལ་སྐད་འབོད་བྱས་ཡོད་པ་དང་། དུས་ཐུང་ནང་ས་གནས་ཀྱི་ཉེན་རྟོག་པ་སོགས་འབྱོར་ཡོད་ཀྱང་། ད་ལྟ་བར་དུ་གནས་ཚུལ་འབྱོར་གསལ་ལྟར་ན་རང་ལོ་༡༥ ཡིན་པའི་གྲྭ་རྡོ་རྗེ་དེ་མ་ཐག་སྐུ་གྲོངས་ཡོད་ཅིང་། བསམ་འགྲུབ་དང་རྡོ་རྗེ་སྐྱབས་གཉིས་སྐབས་ཐོག་དེར་གྲོངས་མེད་པ་དང་རྔ་པ་རྫོང་སྨན་ཁང་དུ་ཁྱེར་འདུག་ཀྱང་རྗེས་སུ་རྔ་པ་རྫོང་མཁར་ཡོངས་ལ་དྲག་ཆས་ཉེན་རྟོག་པ་སོགས་འགྲེམས་འཇོག་གིས་ཕར་འགྲོ་ཚུར་འོང་གི་འགྲོ་ལམ་ཡོངས་རྫོགས་དམ་བསྒྲགས་བཀག་སྡོམ་ནན་མོ་བྱས་འདུག་པ་མ་ཟད། རྔ་སྟོད་སྒོ་མང་ཞང་དང་སྔོ་ཤུལ་དགོན་པ་སོགས་ལ་དམ་དྲག་ནན་མོ་བྱེད་མུས་ཡིན་འདུག་པས། རྗེས་ཀྱི་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་ཐུབ་ཐབས་བྲལ།
རྔ་སྟོད་སྔོ་ཤུལ་དགོན་པ་གྲུབ་མཐའ་དགེ་ལུགས་པ་ཡིན་ཞིང་། དགོན་འདིའི་མིང་ཆ་ཚང་ལ་སྔོ་ཤུལ་དགོན་དགའ་ལྡན་བསམ་གཏམ་གླིང་ཡིན་ཞིང་། སྔོ་ཤུལ་དཔོན་སློབ་ངག་དབང་ཡར་འཕེལ་གྱིས་ཕྱག་བཏབ་པ་དང་། དེང་སྐབས་དགེ་འདུན་པ་ཞལ་གྲངས་༡༣༠ ཙམ་ཡོད་འདུག རྔ་པ་རྫོང་མཁར་ནས་ནུབ་ཕྱོགས་སུ་སྤྱི་ལེ་༡༢ ལྷག་གི་མཚམས་སུ་ཆགས་ཡོད་པ་བཅས།

བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་གཉིས་ཀྱིས། ཕྱི་ལོ་༢༠༡༢ ཟླ་༡༡ ཚེས་༧ ལ།

དེ་སྔོ་ཤུལ་དགོན་གྱི་འདྲ་པར་།

གསར་འགྱུར།

Post navigation

Previous Post: རྟ་མགྲིན་མཚོ་ལགས་ཀྱི་སྐུ་པར་ཁག་ཅིག
Next Post: དཔའ་མོ་རྟ་མགྲིན་མཚོའི་གནས་ཚུལ་ཁ་སྣོན།

Comments (11) on “ཨ་མདོ་རྔ་པ་སྔོ་ཤུལ་དགོན་གྱི་གྲྭ་པ་གསུམ་ནས་རང་ལུས་མེར་བསྲེགས་བཏང་བའི་གནས་ཚུལ།”

  1. སྦྲ་དཔལ་ལྡན། says:
    2012-11-07 at 12:19 pm

    བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་གཉིས་ཀྱིས གནས་ཚུལ་མཁོ་གཏོང་བྱས་པ་ཐུགས་རྗེ་ཆེ། འོན་ཀྱང་ཁོ་ཚོའི་པར་དང་མེ་སྲེག་སྐབས་ཀྱི་པར་རེ་རག་གི་མི་འདུག་གམ།

  2. གངས་སྦལ། says:
    2012-11-07 at 12:33 pm

    སྦྲ་དཔལ་ལྡན་ལགས། ཁོང་རྣམས་ཀྱི་སྐུ་པར་རེ་ཁྱོད་ཀྱིས་མི་རག་གམ། ཁྱོད་ཀྱི་ཕ་ཡུལ་ཡང་རྔ་པ་ནས་མ་རེད་པེ། རྒྱུན་དུ་གཞན་ལ་གཏམ་ཆེན་པོ་ཞིག་བཤད་ནས་མ་འདུག འགན་འདི་མི་གཅིག་གཉིས་ཤིག་ལ་ཡོད་པ་མ་རེད་འདོད། ངས་བསམ་ན་ཁོང་གཉིས་ཀྱིས་འདྲ་པར་རེ་མ་རག་པ་མ་གཏོགས་རག་ན་གཏོང་རྒྱུ་ཧ་གོ་ཀི་རེད་སྙམ།

  3. བསེ་རུ། says:
    2012-11-07 at 12:59 pm

    ཨོྃམཎིཔདྨེཧཱུཾ། ཨོྃམཎིཔདྨེཧཱུཾ། ཨོྃམཎིཔདྨེཧཱུཾ།
    ཨོྃམཎིཔདྨེཧཱུཾ། ཨོྃམཎིཔདྨེཧཱུཾ། ཨོྃམཎིཔདྨེཧཱུཾ།

    ཕྱག་ན་པདྨོའི་ཐུགས་རྗེ་ལས།།
    བདེན་དོན་རང་དབང་རིན་ཐང་ཤེས།།
    བཙན་དབང་མནར་གཅོད་གདུག་རྩུབ་ལས།།
    བདེན་དོན་རྩོད་པའི་བླ་སྲོག་རྙེད།།

    ཡིག་དྲུག་ལན་དྲུག་བཏོན་པ་འདི།།
    ས་ཡ་དྲུག་གི་བསྔོ་སྨོན་ཡིན།།
    དཔའ་བོ་དཔའ་མོའི་རེ་འདོད་རྣམས།།
    མྱུར་དུ་འགྲུབ་པའི་སྨོན་ལམ་འདེབས།།

    གཞིས་བྱེས་བོད་མིའི་སེམས་ཁམས་སུ།།
    རྒྱལ་གཅེས་སྙིང་སྟོབས་མེ་ལྕེ་འབར།།
    བཙན་དབང་མནར་གཅོད་མུན་ནག་ལས།།
    མྱུར་བར་ཐར་བའི་རེ་སྨོན་འདེབས།།

    ནང་དམེའི་དུག་རྩ་བརྩད་ནས་ཕྱུངས།།
    མཐུན་སྒྲིལ་ལག་རྡང་དམ་པོར་སྦྲེལ།།
    རང་མགོ་རང་གིས་རྡུང་མཚམས་ཆོད།།
    དཔའ་བོ་དཔའ་མོར་ཐུགས་བསམ་བཞེས།།

    རང་གིས་ཅི་ཡང་མ་འཇོན་ན།།
    འདི་བྱེད་དེ་བྱེད་ཟེར་མཚམས་ཞོག།
    གཞན་གྱི་མཛད་རྗེས་མཐོང་ཐེངས་རེར།།
    ཧད་དེ་ལུས་མཁན་གཅིག་གཉིས་མིན།།

    བསྔོ་བ་སྨོན་ལམ་བྱས་ཀྱང་འཐུས།།
    ཁྲོམ་སྐོར་སྐད་འབོད་བྱས་ཀྱང་རིགས།།
    རེ་འདུན་སྙན་ཞུ་ཕུལ་ནའང་འགྲིག
    བདེན་དོན་རྩོད་སྟངས་འདི་ཙམ་ཨེ།།

    མིག་ཆུའི་རྦབ་ཆུ་བཞུར་ཡང་ཆད།།
    ཚོར་བའི་མེ་ལྕེ་མཆེད་ཀྱང་ཤི།
    བསྟོད་པའི་མཐེ་བོང་ཀེར་ཡང་འཁུམས།།
    དཔའ་བོ་དཔའ་མོ་ཡིད་ཚིམས་སམ།།

    རང་རང་ཉིན་རེའི་བྱ་གཞག་ཁྲོད།།
    རང་དང་རང་འཁོར་སྐྱོང་བཞིན་དུ།།
    རང་དབང་བདེན་དོན་གླེང་ཙམ་གྱིས།།
    རང་དབང་ཉི་མ་འཆར་ལགས་སམ།།

    ཡ་གིའི་དཔོན་དང་མ་གིའི་འབངས།།
    རྒྱབ་མདུན་ངོ་ལྐོག་མེད་པ་རུ།།
    སྤྱི་དོན་སྔོན་དང་སྒེར་དོན་རྗེས།།
    སྒྲུབ་པའི་ལས་ལ་གཞོལ་ཐབས་མཛོད།།

    ཤ་ཁྲག་རུས་གསུམ་བོད་ཡིན་ན།།
    ཉིན་མཚན་རང་རིགས་ལས་དབང་སོམས།།
    ང་ཁྱོད་ཁ་རྣ་མི་རྩོད་པར།།
    རྒྱ་ཡི་ཉེས་སྐྱོན་ད་གླེངས་ཤིག།
    (དེ་རིང་མེར་སྲེག་བཏང་བའི་སྐོར་གྱི་གསར་འགྱུར་ཁག་གཉིས་བལྟས་རྗེས་བྲེལ་འཚུབ་ཏུ་ཐལ།)

  4. ངོ་ལུག says:
    2012-11-07 at 1:44 pm

    ཨོ། བླ་མ་མཁྱེན། གུ་རུ་པད་མ་འབྱུང་གནས་མཁྱེན། ད་ཕྱི་ནས་ལས་འགུལ་ཆེན་པོ་ཞིག་སྤེལ་ཐབས་ལ་འབད་དགོས་འདུག དཔེར་ན། སྐུ་ལུས་མེ་བསྲེགས་གཏོང་བཞིན་པ་མཚོན་བྱེད་ཀྱི་ཤིང་དང་སྒྱིག་སོགས་ཀྱི་སོབ་ཆེན་པོ་འགའ་བཟོ། དེ་དག་ཨ་རི་གཙོས་པའི་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་མི་འདུ་འཛོམས་ཆེ་ས། ཡུལ་སྐོར་ལྟེ་གནས་ཆེ་ས་ཁག་ལ་བཞག་ནས་བོད་ནང་གི་ཡ་ང་བའི་གནས་ཚུལ་ཁྱབས་བསྒྲགས་བྱེད་དགོས་འདུག སློབ་ཕྲུག་ཚོགས་པ་ཚོ་ད་ཉལ་བའི་དུས་ཚོད་མི་འདུག གཞོན་ནུ་ཚོགས་པ་ཚོ་ད་ལོངས་ཤོག

  5. ཡེ་ཤེས་དཔལ། says:
    2012-11-07 at 2:03 pm

    ཨོྃམཎིཔདྨེཧཱུཾ། ཨོྃམཎིཔདྨེཧཱུཾ། ཨོྃམཎིཔདྨེཧཱུཾ།
    ཨོྃམཎིཔདྨེཧཱུཾ། ཨོྃམཎིཔདྨེཧཱུཾ། ཨོྃམཎིཔདྨེཧཱུཾ།

  6. ཁྱུང་དཀར says:
    2012-11-07 at 2:37 pm

    འདུན་མ་དང་ཆོད་སེམས། སྙིང་སྟོབས་དང་ཚེ་སྲོག
    ཡོད་ཚད་བོད་དམངས་ལ་ཕུལ་བའི།
    རླབས་ཆེ་བའི་རྒྱལ་གཅེས་མི་བོ་རྣམ་པར།
    གདུང་སེམས་མཉམ་བསྐྱེད་དང་མྱ་ངན་གུས་འདུད་ཞུ།

  7. ཁྭ་ཏ་ཁ་ཏ་བ། says:
    2012-11-07 at 3:00 pm

    ཁ་བརྡ་ཚང། དཔའ་པོ་དཔའ་མོ་ལྔ་བྱུང་པ་ལས་གཅིག་དོ་སྣང་དང་གླེང་རིན་མེད་་པ་གང་རེད། ངོ་མ་་ཡ་མཚན་རེད། དཔའ་ཉོ་གཅིག་དེ་བོད་མདོ་ཁམས་འབྲི་རུ་རྫོང་ཁོངས་རྒྱ་ཤོད་བན་དཀར་ནས་རེད་འདུག ཞིབྈཕྲ་ད་ངུང་མ་ངེས། ་

  8. ཚོགས་ཆེན། says:
    2012-11-07 at 3:58 pm

    ཨོྃ་མ་ཎི་པདྨེ་ཧཱུཾ། ཨོྃ་མ་ཎི་པདྨེ་ཧཱུཾ། ཨོྃ་མ་ཎི་པདྨེ་ཧཱུཾ། ཨོྃ་མ་ཎི་པདྨེ་ཧཱུཾ། ཨོྃ་མ་ཎི་པདྨེ་ཧཱུཾ། ཨོྃ་མ་ཎི་པདྨེ་ཧཱུཾ། ཨོྃ་མ་ཎི་པདྨེ་ཧཱུཾ། ཨོྃ་མ་ཎི་པདྨེ་ཧཱུཾ། ཨོྃ་མ་ཎི་པདྨེ་ཧཱུཾ། ཨོྃ་མ་ཎི་པདྨེ་ཧཱུཾ། ཨོྃ་མ་ཎི་པདྨེ་ཧཱུཾ། ཨོྃ་མ་ཎི་པདྨེ་ཧཱུཾ། ཨོྃ་མ་ཎི་པདྨེ་ཧཱུཾ། ཨོྃ་མ་ཎི་པདྨེ་ཧཱུཾ། ཨོྃ་མ་ཎི་པདྨེ་ཧཱུཾ། ཨོྃ་མ་ཎི་པདྨེ་ཧཱུཾ། ཨོྃ་མ་ཎི་པདྨེ་ཧཱུཾ། ཨོྃ་མ་ཎི་པདྨེ་ཧཱུཾ། ཨོྃ་མ་ཎི་པདྨེ་ཧཱུཾ། ཨོྃ་མ་ཎི་པདྨེ་ཧཱུཾ། ཨོྃ་མ་ཎི་པདྨེ་ཧཱུཾ། ཨོྃ་མ་ཎི་པདྨེ་ཧཱུཾ། ཨོྃ་མ་ཎི་པདྨེ་ཧཱུཾ། ཨོྃ་མ་ཎི་པདྨེ་ཧཱུཾ། ཨོྃ་མ་ཎི་པདྨེ་ཧཱུཾ། ཨོྃ་མ་ཎི་པདྨེ་ཧཱུཾ། ཨོྃ་མ་ཎི་པདྨེ་ཧཱུཾ། ཨོྃ་མ་ཎི་པདྨེ་ཧཱུཾ། ཨོྃ་མ་ཎི་པདྨེ་ཧཱུཾ། ཨོྃ་མ་ཎི་པདྨེ་ཧཱུཾ།

  9. ངོ་ལུག says:
    2012-11-07 at 4:46 pm

    འབྲི་རུ་རྫོངས་དེ་བོད་རང་སྐྱོངས་ལྗོངས་ཀྱི་ནང་ཁུལ་དུ་ཡོད་པས་དམ་བསྒྲགས་ཧ་ཅང་ཆེ་བ་ལ་གྲོང་ཚོ་དང་གྲོང་ཚོའི་བར་དུ་ཡང་ཞིབ་བཤེར་བྱེད་མཁན་བཞག་ཡོད་སྐད།

  10. པདྨ་འཕྲིན་ལས་། says:
    2012-11-07 at 7:48 pm

    དཀོན་མཆོག་མཁྱེན། ད་མཚམས་གཞག་ན་ཡག་གི། བོད་ནང་གི་བོད་མི་སྙིང་སྟོབས་ཅན་དང་བོད་མི་རིགས་ཀྱི་ལ་རྒྱ་ཅན་དེ་དག་གི་ཚེ་སྲོག་ལ་ཅི་འདྲིའི་འཕངས་པ་ལ། བཙན་བྱོལ་སྒྲིག་འཛིགས་ལ་ནུས་བ་མེད་བཞིན་དུ་ཏ་དུང་ཁ་ཙུམ་ནས་སྡད་དགོས་དོན་གང་ཡིན་ནམ། ང་ཚོའི་ཤེས་བཞིན་དུ་རྒྱལ་གཅེས་དཔའ་པོ་དེ་དག་གི་ཚེ་སྲོག་འཕྲོག་ལྷག་ལ་གཏོང་དགོས་དོན་གང་ཡིན་ནམ། ད་དུང་བོད་ནང་དང་བཙན་བྱོལ་བར་གོ་བརྡ་ཡག་པོ་ཞིག་སྤྲོད་མི་ཐུབ་པའི་རྒྱུ་མཚན་གང་ཡིན་ནམ། ངོ་མ་ད་ཅི་ཞིག་བྱེད།

  11. ཀརྨ་སྐལ་བཟང་ says:
    2012-11-07 at 10:11 pm

    མཚམས་བཞག་ན་ཡག་པོ་རེད་ཡིན་ཀྱང་ བོད་྄ཕྱིར་ལོག་ལ་ཡོད་པའི་མི་རྣམས་ཀྱིས་གཏམ་འཆམ་འདྲ་པོ་བཤད་པ་དང་དང་བོད་ནང་ལོག་ཡོད་པའི་མི་རྣམས་ཀྱིས་བདེན་པ་གཟུང་ནས་གནས་ཚུལ་འདི་རིགས་་མང་པོ་བྱུང་བ་རེད་་་་བོད་ཀྱིས་བླ་ཆེན་རྣམས་ཀྱིས་བཀའ་སློབ་འདྲ་བོ་གནང་རྒྱུ་ཡོད་ན་དུས་ཚད་རེད་་་་

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme