Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཨ་མདོ་རྔ་པ་ནས་ཡང་བསྐྱར་རང་ལུས་མེར་བསྲེགས།

Posted on 2013-02-26 By ཁ་བརྡ་ 23 Comments on ཨ་མདོ་རྔ་པ་ནས་ཡང་བསྐྱར་རང་ལུས་མེར་བསྲེགས།

ཕྱི་ལོ་༢༠༡༣ ཟླ་༢ ཚེས་༢༥ ཉིན་གྱི་བོད་ནང་གི་སྔ་དྲོའི་དུས་ཚོད་༡༠ ཙམ་ལ་བོད་མདོ་སྨད་རྔ་པ་རྫོང་སྤྲོ་ཚིགས་ཡུལ་ཚོའི་རྡོ་བ་སྡེ་བའི་དར་ཁོ་ཚང་གི་དྷཱི་ཕུ་དགོན་པའི་གྲྭ་གསང་བདག་ལགས་ཀྱིས་རྔ་པ་རྫོང་མཁར་གྱི་ལྷོ་ཕྱོགས་སུ་འགྲོ་སའི་གཞུང་ལམ་ནས་རང་ལུས་མེར་སྲེག་བཏང་སྟེ་རྒྱ་གཞུང་ལ་ངོ་རྒོལ་སྐད་འབོད་བྱས་འདུག་ལ། གནས་ཚུལ་བྱུང་མ་ཐག་རྒྱ་གཞུང་གི་ཉེན་རྟོག་པ་འབྱོར་ནས་ཁོང་གི་སྐུ་ལུས་ལ་འབར་བཞིན་པའི་མེ་བསད་དེ་རྔ་པའི་སྨན་ཁང་དུ་ཁྱེར་འདུག་ཀྱང་། དེ་གར་ཡུན་རིང་མ་བཞག་པར་ས་གནས་གཞན་ལ་ཁྱེར་འདུག སྐབས་དེར་ཁོང་གི་ཤི་གསོན་གྱི་གནས་ཚུལ་དང་། རང་ལུས་མེར་སྲེག་སྐབས་འབོད་ཚིག་ག་རེ་བསྒྲགས་མིན། དེ་བཞིན་ནང་མིའི་གནས་ཚུལ་སོགས་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་མ་བྱུང་། གནས་ཚུལ་དེ་བྱུང་མ་ཐག་རྔ་པའི་རྫོང་མཁར་ཡོངས་ལ་དྲག་ཆས་ཉེན་རྟོག་པ་སོགས་འགྲེམས་འཇོག་གིས་དམ་དྲག་ཆེན་པོ་བྱས་འདུག་ཀྱང་ཡུན་རིང་མ་སོང་བར་ཕྱི་བསྡུ་བྱས་ཏེ་མངོན་གསལ་དོད་པོའི་དམ་དྲག་གི་གནས་སྟངས་མེད་པར་བྱས་འདུག

དྷཱི་ཕུ་དགོན་པའི་མིང་ཆ་ཚང་ལ་དྷཱི་ཕུ་དགོན་དགེ་ལེགས་གཏེར་མཛོད་གླིང་ཞེས་པ་ཡིན་ཞིང་། དྷཱིཿཕུ་ཆོས་རྗེས་ཕྱག་བཏབ་གནང་མཛད་པ་དང་། ཆོས་བརྒྱུད་ས་སྐྱ་པ་དང་། དེང་སྐབས་དགེ་འདུན་ཞལ་གྲངས་༥༠༠ ཙམ་ཡོད་འདུག་པ་བཅས།

བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་གཉིས་ཀྱིས། ཕྱི་ལོ་༢༠༡༣ ཟླ་༢ ཚེས་༢༦ ལ།

གསར་འགྱུར།

Post navigation

Previous Post: རི་བོ་མཆོག་རབ་ཅེས་པའི་རི་ཆེན་པོ་ཞིག་ཡོད་པར་འདོད་པའི་སྐོར།
Next Post: སྙན་ངག་པ་ལྷ་བྷེ་ལ་མྱ་ངན་ཞུ་ཚིག

Comments (23) on “ཨ་མདོ་རྔ་པ་ནས་ཡང་བསྐྱར་རང་ལུས་མེར་བསྲེགས།”

  1. མེ་ཏོག་དཀར་པོ says:
    2013-02-26 at 2:34 am

    ང་ཚོ་བོད་མི་མེར་སྲེག་པ་འདི་བྱ་ཤ་སྲེག་པའི་ཚོད་དུ་རེད་འདུག ཅི་ཡིན་ན།

  2. དགེ་འདུན་རྒྱ་མཚོ says:
    2013-02-26 at 2:57 am

    ཨོྃ་མ་ཎི་པདྨེ་ཧཱོུཾ།
    སྤྱན་རས་གཟིགས་ཀྱིས་རྗེས་སུ་འཛིན་པར་ཤོག

  3. བོད། ཤ་ཁྲག་རུས་གསུམ། says:
    2013-02-26 at 4:52 am

    ཞི་བའི་མེ་ལྕེ་འབར་ཤུགས་ཆེ་རུ་སོང་།།
    རེ་བའི་འབོད་པ་གངས་ཅན་བོད་ལ་བཞག།
    འཚིག་པའི་སྐུ་ཕུང་གར་སོང་མི་ཤེས་པའི།།
    ཕྱི་ནང་ལུས་ཀྱི་ན་ཟུག་དྲག་པོ་སྟེ།།
    ཞི་ནས་ཐར་བའི་ལམ་དུ་འདྲེན་པར་ཤོག།

  4. རང་དབང་ཨ་རྡུ་མན་ says:
    2013-02-26 at 6:05 am

    དེང་རབས་ཀྱི་བསམ་བློ་འཁོར་མ་ཐུབ་མཁན་འདས་པོ་དེ་སྙིང་རྗེ་ཨང་།
    འདི་ཕྱི་གང་ལའང་ལྟ་ས་མེད་པ་ཆགས་སོང་བ་རེད།

  5. མེ་ཏོག་དཀར་པོ says:
    2013-02-26 at 6:25 am

    སྲོག་བློས་གཏོང་ཐུབ་ལ་བསམ་བློ་གཏོང་མ་ཐུབ་པ་ཟེར་ན་རྣ་བར་གཟན་པའི་སྐད་ཆ་རེད།

  6. ཁྱུང་དཀར says:
    2013-02-26 at 6:46 am

    ཨ་རྡུ་མན་ལགས། ཁྱེད་ཀྱི་སྐད་ཆ་འདི་ལ་འགྲེལ་བཤད་ཅིག་བསྐྱོན་རོགས

  7. རང་དབང་ཨ་རྡུ་མན་ says:
    2013-02-26 at 9:11 am

    རེད་ཡ་བློ་སྟོབས་དང་ལྷག་བསམ་ཡོད་ཀྱང་།
    རྣམ་དཔྱོད་ཀྱི་ཤེས་རབ་མེད་ན་དེ་འདྲ་རེད།།

  8. རང་དབང་ཨ་རྡུ་མན་ says:
    2013-02-26 at 9:22 am

    ཞུ་འདོད་པ་ཞིག་ལ་་་་་་་ནང་པའི་ཆོས་བྱེད་མཁན་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བ་ཞིག་གིས་དལ་འབྱོར་གྱི་མི་ལུས་རིན་པོ་ཆེ་དེ་དོན་མེད་ཆུད་ཟོས་སུ་བཏོང་པ་མ་ཟད་་་་་རང་ཤི་བརྒྱབ་པ་དེ་ནི་ནང་པའི་ཡོངས་ཀྱི་ཞབས་འདྲེན་དང་རང་ཉིད་དམྱལ་བར་སྐྱེ་བའི་ལས་ངན་འཚབ་ཆེན་པོ་གསོག་པ་རེད་ཞུ་རྒྱུ་ཡིན།།

  9. ཁྱུང་དཀར says:
    2013-02-26 at 11:14 am

    བློ་སྟོབས་དང་ལྷག་བསམ་མེད་མཁན། རྣམ་དཔྱོད་དང་ཤེས་མཁན་ཡོད་མཁན་ཨ་རྡུ་མན།
    བཅོམ་ལྡན་འདས་ཀྱི་གསུང་གང་ཞིག་ན་རང་གཞན་གཉིས་ཀའི་ཆེད་དུ་ཚེ་སྲོག་བློས་བཏང་བྱས་པར་སངས་རྒྱས་པའི་ཞབས་འདྲེན་དང་དམྱལ་བ་སྐྱེས་བར་ཟེར་བའི་གསུང་ཚིག་འདི་དག་གང་ན་གསུང་ཡོད་ཀི རེ་རེ་བཞིན་འོག་ཏུ་བྲི་རོགས་གནང་།

  10. མེ་ཏོག་དཀར་པོ says:
    2013-02-26 at 11:37 am

    ཆོས་ཕྱོགས་ནས་རང་སྲེག་གི་དོན་རྐྱེན་འདི་དགེ་སྡིག་གང་ཡིན་དོ་བདག་གི་ཀུན་སློང་ལ་རགས་ལས་པ་ལས་ག་གེ་མོས་ལེགས་ཉེས་ཐག་གཅོད་དཀའ།
    ཆབ་སྲིད་ཀྱི་ཐོག་ནས་བསམ་ན་བླ་ན་མེད་པའི་བྱས་རྗེས་ཅན་དང་བློས་གཏོང་ཆེན་པོ་རེད།
    ཁ་སང་ཞིག་ལ་ཨོ་རྒྱན་ཉི་མས། བོད་པས་གང་བྱས་དགེ་བ་དང་། རྒྱ་མིས་གང་བྱས་སྡིག་པར་འདོད་པ་མི་འགྲིག་རབས་བཤད་སོང་བ་དེ་བདེན་པ་རེད།

  11. ཁྱུང་དཀར says:
    2013-02-26 at 1:16 pm

    རླབས་ཆེན་གྱི་སྐྱེས་བུ་མང་དག་ཅིག་གིས་འུ་ཚོ་ཚང་མའི་འཚོ་གནས་ཆེད་དུ་རང་གི་གཅེས་པའི་ཚེ་སྲོག་ཀྱང་དམར་བོ་མེ་རུ་བསྲེགས་ནས་བདེན་དོན་གྱི་རང་དབང་རྩོད་དུས་རང་རེའི་ཁ་བདེ་ལྕེ་བདེ་འགས་ད་དུང་དགེ་སྡིག་ཅིག་གི་དབྱེ་བ་དགར་བཞིན་པ་ཇི་འདྲའི་བློ་ཕམ་སྐྱེ་གཞི་ཞིག་མ་རེད་དམ། འཚོ་གནས་ལ་ཉེན་ཁ་འཕྲད་ནས་མི་རིགས་རང་སྐྱོབ་ཀྱི་ལམ་ཁར་ཞི་དྲག་གི་སྦྱོར་བ་ཇི་ལྟར་བརྩམ་ཀྱང་ནང་བསྟན་བཤད་པའི་དགེ་སྡིག་གི་སྐད་ཆ་འཁྱེར་མ་ཡོང་། སྐུ་མཁྱེན།

  12. འདྲེ་རྐང་ཐོ། says:
    2013-02-26 at 1:31 pm

    ཆོས་དང་སྲིད་ཟོག་་་འདྲེ་ངས་མི་ཤེས་་་་་གང་ལྟར་ཡང་མདོ་དབུས་ཁམས་གསུམ་ནས་དཔའ་བོ་བརྒྱ་ལྷག་ཅིག་ང་ཚོའི་ཆེད་དུ་མེ་ལ་འབར་སོང་། བཙན་བྱོལ་ནས་ཀྱང་མཆོད་འབུལ་ཡང་གང་ཡོང་ཡོང་གནང་སོང་། དཀོན་མཆོག་མཁྱེན་ནོ།

  13. མེ་ཏོག་དཀར་པོ says:
    2013-02-26 at 7:39 pm

    ཅིའི་ཕྱིར་དགེ་སྡིག་གི་སྐོར་མི་གླེང་། འགའ་ཞིག་གིས་དབང་བོ་ཁོང་ཚོར་བྱང་ཆུབ་སེམས་དཔའང་སྒྲོགས་གི་འདུག དེས་ན་ཆོས་སྲིད་ཤན་འབྱེད་ནས་ལྟ་སྟངས་དགོས་པ་རེད། འདི་འདྲ་བཤད་ཁོང་རྣམ་པར་མཐོང་ཆུང་ལྟ་བུར་འཛིན་མི་རུང་། ངེད་ཅག་མེ་ཚག་ཆུང་ངུའི་ཞིག་ཀྱང་མི་བཟོད་པ་དག་གིས་ཁོང་རང་མི་རིགས་ཆེད་རང་ལུས་མེ་རུ་སྒྲོན་པ་ནི་ཧ་ལས་དགོས་པའི་བློས་གཏོང་ཆེན་པོ་རེད། བོད་མི་རིགས་གནས་ཀྱི་རིང་དཔའ་བོ་ཁོང་ཚོ་གླེང་གི་རེད། གསེར་གྱིས་འབྲི་འོས་པའི་ལོ་རྒྱུ་རེད།

  14. མེ་ཏོག་དཀར་པོ says:
    2013-02-26 at 7:41 pm

    ཁྱོད་ཚོ་སེམས་ཤུགས་ཆེ་མདོག གཞན་དག་ཚོ་གང་ཡང་མིན་འདུག་བཤད་མཁན་འདི་ཚོ་སྐྱུག་བྲོ་བ་ལ།

  15. རང་དབང་ཨ་རྡུ་མན་ says:
    2013-02-26 at 9:03 pm

    ཁྱུང་དཀར་ལགས་་་་་ཁྱེད་ཀྱིས་མཁྱེན་གསལ་རེད་་་་བསྟན་པའི་རྩ་བ་དམ་ཆོས་འདུལ་བ་ནང་བཅས་ལྡན་དགེ་སློང་ཞིག་ནས་རང་སྲོག་བཅད་པ་ཡིན་ན་ཕམ་པ་མི་འབྱུང་ཡང་ཕམ་པའི་སྦོམ་པོ་འབྱུང་བར་གསུང་པ་དེས་ཤེས་ནུས་སོ།།

  16. རང་དབང་ཨ་རྡུ་མན་ says:
    2013-02-26 at 9:05 pm

    ཁྱུང་དཀར་ལགས་་་་་ཁྱེད་ཀྱིས་མཁྱེན་གསལ་རེད་་་་བསྟན་པའི་རྩ་བ་དམ་ཆོས་འདུལ་བ་ནང་བཅས་ལྡན་དགེ་སློང་ཞིག་གིས་རང་སྲོག་བཅད་པ་ཡིན་ན་ཕམ་པ་མི་འབྱུང་ཡང་ཕམ་པའི་སྦོམ་པོ་འབྱུང་བར་གསུང་པ་དེས་ཤེས་ནུས་སོ།།

  17. གངས་རི། says:
    2013-02-26 at 11:34 pm

    རང་དབང་ཨ་རྡུ་མན་ནས་ཡག་པོ་གསུང་ཤག་་་་་་་བརྒྱབ་སྐྱོར་ཡོད།

  18. སྙིང་དཀར། says:
    2013-02-27 at 1:30 am

    རང་དབང་ཨ་རྡུ་མན། ཁྱོད་ཀྱིས་བསྟན་པའི་རྩ་བ་དམ་ཆོས་འདུལ་བ་ཡིན་པར་ཤེས་ན། དམ་ཆོས་འདུལ་བ་བསྟན་མཁན་སྟོན་པ་སངས་རྒྱས་དང་ངེས་དོན་གྱི་བླ་མར་སྐྱབས་སུ་མི་འགྲོ་བར་དེ་ལས་གཞན་ཞིག་སྐྱབས་འཚོལ་དོན་ཅི་ཡིན།

  19. སྙིང་དཀར། says:
    2013-02-27 at 1:37 am

    ཁྱོད་རང་ཚོས་ཉོན། ང་ཚོ་གངས་ཅན་པས་བོད་སྐད་རྣལ་མ་ཞིག་བཤད་ཤེས་པ་དང་བོད་ཡིག་ཅུང་ཙམ་རེ་འབྲི་ཤེས་པ་ཙམ་གྱིས་བོད་མི་ཚད་ལྡན་ཞིག་ལ་ངོས་འཛིན་ནམ་ཡང་བྱེད་མི་སྲིད།

  20. རང་དབང་ཨ་རྡུ་མན་ says:
    2013-02-27 at 11:39 am

    སྙིང་དཀར་ལགས་་་་་་་རང་ག་རེ་ལབ་ཀྱི་ཡོད་་་་་ངས་ད་བར་དུ་སྟོན་པ་བཅོམ་ལྡན་འདས་ཀྱི་ཆོས་ལུགས་དང་དེ་འཛིན་གྱི་སྐྱེ་བུ་དམ་པ་བསམ་གྱིས་མི་ཁྱབ་པ་དང་དེ་ཡིས་བསྟེན་པའི་ཡི་དམ་ཆོས་སྲུང་བཅས་བསྟེན་ནས་ཡོང་པ་ཡིན། དེ་ལས་གཞན་སྐྱབས་སུ་འཚོལ་དགོས་དོན་མི་འདུག་་་་་་་ལོ།

  21. རང་དབང་ཨ་རྡུ་མན་ says:
    2013-02-27 at 11:43 am

    སྙིང་དཀར་ལགས་་་་་ཁྱེད་བདེན་པ་རེད་་་་་བོད་སྐད་ཤེས་པ་དང་བོད་ཡིག་འབྲི་ཤེས་པ་ཙམ་གྱིས་བོད་མི་ཚད་ལྡན་དུ་ཕར་བཞག་་་བོད་པ་ཙམ་ཡང་ཡིན་པའི་ཁྱབ་པ་དེ་མེད། དཔེར་ན་་་་་་ཕྱི་རྒྱལ་མགོ་སེར་དེ་ཚོ་དེ་འདྲའི་ཤེས་མཁན་དཔེ་མང་པོ་ཡོ་རེད་དའོ།

  22. རང་དབང་ཨ་རྡུ་མན་ says:
    2013-02-27 at 11:45 am

    སྙིང་དཀར་ལགས་་་་་ཁྱེད་བདེན་པ་རེད་་་་་བོད་སྐད་ཤེས་པ་དང་བོད་ཡིག་འབྲི་ཤེས་པ་ཙམ་གྱིས་བོད་མི་ཚད་ལྡན་དུ་ཕར་བཞག་་་བོད་པ་ཙམ་ཡང་ཡིན་པའི་ཁྱབ་པ་དེ་མེད། དཔེར་ན་་་་་་ཕྱི་རྒྱལ་མགོ་སེར་དེ་ཚོས་དེ་འདྲའི་ཤེས་མཁན་དཔེ་མང་པོ་ཡོ་རེད་དའོ།

  23. ལུང་རྟོགས། says:
    2013-02-28 at 7:47 am

    ཨ་རྡུ་མན་ཞེས་པའི་རྒྱ་འདྲེ་དེ་ཡང་སླེབས་འདུག་ག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (76)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (39)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme