Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཨ་མ་ལགས། ཁྱེད་དྲན་པའི་ལོ་ཟླ།

Posted on 2011-10-01 By ཡེ་ཤེས་ No Comments on ཨ་མ་ལགས། ཁྱེད་དྲན་པའི་ལོ་ཟླ།

(ཀླུ་སྨྱོན་རྩོམ་རིག་འགྲན་བསྡུར་གྱི་ཆེད་རྩོམ།)
མུ་ཏོ་བ།
ཀ
ཡོད་ཚད་དྲན་གདུང་དང་བརྩེ་རླབས་ཁྲོད་བཞུར་ཞིང་།
ཐམས་ཅད་སྡུག་ཡུས་དང་ན་ཟུག་ལ་འཐིམ།
ཨ་མ་ལགས། ཁྱེད་ཉིད་དྲན་ཐེངས་རེར།
རྨི་ལམ་མོད་པོ་ཁ་བ་བཞིན་འབབ་ཅིང་།
དྲན་གདུང་ལྕི་མོ་ན་བུན་བཞིན་འཐིབ་པའི་འཇིག་རྟེན་ཞིག་ནས།
སེམས་པ་འདི་ དྲན་སྣང་གི་གཟེབ་ལས་ཤོར་བའི་བྱེའུ་ཆུང་ཇི་བཞིན།
རི་ཆུ་སྟོང་ཕྲག་གི་མཁའ་དབྱིངས་བརྟོལ་ནས།
དྲོད་ཁོལ་གྱིས་གཏམས་པའི་ཁྱེད་ཀྱི་སྦྲ་ནག་གི་ཆོན་རྩེར།
འཇམ་ལྷོད་ལྷོད་ཀྱིས་བབས་པ་ཐེངས་གཅིག་ག་ལ་ཡིན།

འདིར་ལྟར་ཞིབ་འདང་རེ་བརྒྱབ་ན། རྔོན་ལྟ་བུའི་གྱེས་བྲལ་གྱི་གཡབ་མོས
མ་བུ་ལྷན་འཛོམས་ཀྱི་དགོད་སྒྲ་གཏོར་ཡང་།
འཇིག་རྟེན་འདིར།
བཟློག་མེད་ཆོས་ཉིད་ཀྱི་ལམ་དབང་ཟབ་མོར།
ལེ་བདའ་དང་འཁང་ར་བྱས་པས་ཅི་ལ་ཕན།
འོན་ཀྱང། མ་བུའི་བརྩེ་འདང་འཁྱིལ་བའི་འདས་སོང་གི་ལོ་ཟླའི་མངར་ཁ་ལྡག་བཞིན།
འཇགས་མི་སྲིད་པའི་འཁྲེང་ཞེན་གྱི་སེམམ་པ་གཉོམ་པོའི་ན་ཟུག་བསམ་བསྒོམ་ནས།
འཚོ་བ་རྣལ་མའི་གཏམ་རྒྱུད་ལ་གླེང་སློང་མི་་བྱེད་ཀ་མེད་བྱུང་།

༢
ཨ་མ་ལགས། ཕུ་བོས་བཤད་ན། ང་རང་ཁུ་སིམ་མེར་ཁྱོད་དང་ཁ་བྲལ་རྗེས།
ཁྱེད་ཀྱི་དྲན་གདུང་ཟབ་མོ་མེ་རི་བཞིན་འབར་ཏེ།
མིག་ཀོང་གི་མཆི་མའི་བཞུར་རྒྱུན་འཇགས་མྱོང་མེད་ལ།
སེམས་པའི་ན་ཟུག་ཡོད་ཚད་རླབས་རྒྱུན་ལྟར་འཕྱོ་བཞིན་འདུག་ཟེར།
ངོ་མ། བུ་ཆུང་ངས།
ཁྱོད་ཀྱི་རེ་བཞག་དྲོན་མོ་སྡོང་ལོ་བཞིན་སྤུར་ཏེ།
འདི་ལྟར། ཕུགས་འདུན་གཞན་ཞིག་གི་སྣེ་མོར་འཇུས་ནས།
ཡུལ་གྱར་བའི་གཏམ་རྒྱུད་ཀྱི་དབུ་འཁྱུད་བྲིས།
ད་ལྟ་ ཅི་ཡང་མེད་པའི་མི་ཡུལ་གཞན་ཞིག་གི་གནས་ཚང་ནས།
ཁྱེད་ཀྱི་ལྷད་མེད་པའི་བྱམས་བརྩེ་དང་།
ཟོལ་མེད་པའི་འཛུམ་མདངས་དྲན་ཐེངས་རེར།
ཁྱེད་དང་མཇལ་འདོད་ཀྱི་འདུན་པ་མཚོ་སྔོན་པོའི་རླབས་ཕྲེང་བཞིན་དྲག་ཏུ་འཕྱོ།

༣
ཨ་མ་ལགས། ཞོགས་པའི་ཉི་གཞོན་དབང་ཕྱོགས་ཀྱི་མཁའ་དབྱིངས་ནས་འཛུམ་ཐེངས་རེར།
ཁྱོད་ཀྱི་སྤྱོད་ལམ་གྱི་སྣང་བརྙན་གསོན་པོ་དག་དྲན་ལ།
ཤ་ཚ་བའི་བསླབ་བྱ་རེ་རེ་རྡོ་བརྐོས་ཀྱི་རི་མོ་བཞིན་གསལ་འོང་།
ནམ་རྒྱུན། སེར་གས་གཡོག་པའི་ལག་ཟུང་གིས།
བདག་གི་མགོ་བོར་བྱིལ་བྱིལ་བྱེད་བཞིན“་ཨ་མའི་གཅེས་ཕྲུག་ཡིན་”ཟེར་བའི་སྐད་ཆ་དེ་
ད་དུང༌། ངའི་སེམས་ཀྱི་ཟབ་ས་ནས། ཧ་ཅང་གསལ་ལྷང་ལྷང་གིས་དྲན་གྱིན་འདུག

ནམ་ཡང་རྫོགས་རྒྱུ་མེད་པའི་ཁྱིམ་ལས་ཙག་ཙིག་དེའི་ཁྲོད་ནས།
ཁྱེད་ཀྱི་ངོ་གདོང་སྣུམ་པོ་རྔུལ་ཆུས་བརྫིས་ཏེ།
སེམས་ཚགས་དང་སྐྱོ་ངལ་ཀྱི་སྡུག་ཡུས་རི་རབ་བཞིན་ལྕི་ནའང།
ཁྱེད་ཀྱི་བྱམས་བརྩེ་ཁོ་ནས་འུ་ཚང་གི་ཁྱིམ་གཞི་འདིའི་འཚོ་བར།
བདེ་སྐྱིད་དང་དགོད་སྒྲ་གཞན་ཞིག་གི་མངར་ཁ་སྟེར་བཞིན།
བདག་གི་མི་ཚེའི་དབྱང་གཞུང་ལ་ཆེས་མཛེས་སྡུག་གི་ཁ་དོག་བྱུགས་སོང།

དེ་བས། ད་ལྟ་རྒྱང་རིང་རྒྱང་རིང་གི་བས་མཐའ་དེ་ནས།
ཨ་མ་ཁྱེད་བདག་གི་མི་ཚེའི་ལམ་ཁར་ཆེས་དྲན་སླ་བའི་གཉེན་ཉེ་དང་།
ཆེས་བརྗེད་དཀའ་བའི་དྲན་ཤིང་ཁོ་ན་ཡིན་པ་སེམས་ཀྱིས་རྟོགས་སོང༌།
བྱིས་དུས་ཀྱི་སུན་སྣང་་མཐུག་པོའི་གཏམ་རྒྱུད་རེ་རེས།
ཨ་མ་ཁྱེད་ལ་མི་འོས་པའི་འོ་བརྒྱལ་གྲངས་མེད་བཟོས་ཡོད་པས།
ད་ལྟ་ཕ་ཡུལ་དང་ཨ་མར་རྒྱང་ཐག་རིང་བའི་གཞན་ཡུལ་ནས།
ད་གཟོད་ ངས་འགྱོད་གདུང་དང་ལྷན་དུ་ ཁྱེད་ཀྱི་སེམས་པ་དང་རིན་ཐང་སྙིང་ནས་ཚོར་སོང༌།

༤
ཨ་མ་ལགས ཁ་སང༌། ཕུ་བོས་བསྐུར་བའི་འཕྲིན་ཡིག་དང་ལྷན་དུ་ཁྱེད་ཀྱི་འདྲ་པར་བདག་ལ་འབྱོར་དུས།
ངོ་མ། ང་སེམས་བསམ་པའི་གཏིང་ནས་ངུ་སྙིང་སྐྱེས་སོང༌།
རྒྱུ་མཚན་ནི། ཡུན་རིང་བྲལ་བའི་ལོ་ཟླ་དེ་དག་གི་རིང་ལ།
ཨ་མ་ཁྱེད་ཀྱི་ཞལ་ཁྱིམ་དྲོན་མོ་འདྲ་པར་དེ་བརྒྱུད་ནས་ཐོག་མར་མཐོང་དུས་
ཁྱེད་ཀྱི་དཔྲལ་ངོས་ཀྱི་རྒས་གཉེར་རེ་རེ་ཟབ་ནས་ཟབ་ཏུ་ཕྱིན་འདུག་ལ།
ལྷག་བསམ་དང་དྲན་གདུང་གི་ཁ་བའི་དབུ་སྐྲ་ཇེ་དཀར་ནས་ཇེ་དཀར་དུ་གྱུར་འདུག་པ་མཐོང་སོང༌།

ད་དུང༌། རེ་སྒུག་གི་སྤྱན་ཟུང་རྣོན་པོར་འོད་མདངས་སྟོང་བའི་སྣང་ཚུལ་ཞིག
བདག་གི་མཐོང་སྣང་ཁྲོད་དབང་མེད་དུ་འཁོར་འོང་དུས།
སྨྲ་བརྗོད་བྲལ་བའི་སེམས་འཚུབ་ལྷག་མ་ཞིག་གིས་
བདག་གི་རྒྱབ་ནས་འདེད་ཀྱིན།
གནོན་ཐབས་བྲལ་བའི་སྡུག་བསྔལ་འཕར་མ་ཞིག་གིས་
བདག་ལ་སྙིང་རླུང་བསླངས་བྱུང་བས།
སེམས་པ་འདི་གཏན་ནས་བདེ་མ་མྱོང༌།

༥
ཨ་མ་ ངའི་བརྩེ་བའི་ཨ་མ།
གཏམ་རྒྱུད་མང་བའི་འཇིག་རྟེན་འདིར
ཁྱེད་ཁོ་ན་ཁྱིམ་གཞི་འདིའི་ཆེས་རླབས་ཆེན་གྱི་མི་སྣ་ཡིན་ལ།
བདག་གི་མི་ཚེའི་ལམ་ཁར་ཆེས་བརྩེ་བའི་གཉེན་ཉེ་ཡིན་པས།
ཁྱེད་དྲན་པའི་མཚན་མོར་སྐར་ཚོགས་ཀྱི་མཆི་མ་འཐོར་ཞིང་།
ཆུ་ཕྲན་གྱི་གླུ་སྒྲ་འཇགས།

ངོ་མ་ བདག་གི་མི་ཚེའི་ཉིན་སྲིབ་ན་རྫི་བོ་བཞིན་འགྱིངས་བའི་ཨ་མ
བྱམས་བརྩེ་ཡི་བདག་མོ་ཡཱ
རྒྱང་རིང་རྒྱང་རིང་ནས་འཕུར་འོང་བའི་ཁྲུང་ཁྲུང་གི་གཤོག་རླབས་ཁྲོད།
ངས་ཁྱེད་ཀྱི་རྒྱབ་གཟུགས་དང་འཛུམ་མདངས་སྒོམ་བཞིན
ངས་ཁྱེད་ཀྱི་དྭངས་གཙང་དང་བརྩེ་བ་དྲན་བྱུང༌།

དྲང་མོར་བཤད་ན ད་ལྟ་ གཞི་ནས་ཁྱེད་ཀྱི་ཕྱི་ནང་ཡོད་ཚད་
ཁ་བ་བཞིན་དཀར་གཙང་ཡིན་པ་ཚོར་སོང་།
ཨ་མ་ལགས་ ད་ལྟ་ང་ཁྱེད་དང་ཧ་ཅང་ཐག་རིང་མོད
ངས་ད་དུང་ཕ་ཡུལ་གྱི་ཁ་བ་དཀར་པོ་དང་
ཁ་བ་བཞིན་གཙང་བའི་ཨ་མ་ཁྱེད་སྙིང་ནས་དྲན་བཞིན་ སེམས་ཀྱིས་གླེང་གིན་ཡོད།
དྲན་གདུང་དེའི་དབང་གིས་ རྨི་ལམ་དེའི་དབང་གིས་ བྱམས་བརྩེ་དེའི་དབང་གིས་
ངོ་མ ང་མྱུར་ཏུ་ཕྱིར་ལོག་ན་འདོད།
ཧ་ཅང་ཁུ་སིམ་མེར་ཁྱེད་ཀྱི་པང་དུ་ཕྱིར་ལོག་ན་འདོད།

སྙན་ངག

Post navigation

Previous Post: རྒྱ་ནག་འབུམ་རམས་པས་བོད་རྒྱའི་འབྲེལ་གཏུག་གླེང་བ།
Next Post: འདོད་ཁམས་ཀྱི་རྨི་ལམ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (71)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (38)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme