Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཨ་མ་དངོས་གྲུབ་ལགས་ཅུང་ཙམ་གླེང་བ།

Posted on 2020-09-20 By ཁ་བརྡ 1 Comment on ཨ་མ་དངོས་གྲུབ་ལགས་ཅུང་ཙམ་གླེང་བ།

དུར་བྱང་།

འཛམ་གླིང་སྒུལ་བཞིན་པའི་རླབས་ཆེ་བའི་སྐྱེས་བུ་དམ་པ་མང་བོ་ཞིག་གིས་བུད་མེད་ཅིག་དབུ་ཁྲིད་དུ་ཕེབས་པར་སྨོན་པ་བྱེད་བཞིན་ཡོད།དེ་ནི་བྱམས་བརྩེ་ལྡན་པའི་འཛམ་གླིང་ཞིག་བསྐྲུན་པར་ལྷན་སྐྱེས་སུ་མངའ་བའི་ནུས་པ་ཁྱད་འཕགས་ཤིག་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད་པ་ཨ་ཅང་བརྗོད་མེད་རེད། རྒྱུ་མཚན་འགྲེལ་བརྗོད་བྱེད་ག་ལ་དགོས་ཏེ། རང་ཉིད་ཀྱི་ཨ་མ་ལགས་མཚན་དཔེ་རུ་དྲངས་ནས་དཔྱད་པར་བྱ་ཡི་ཁོ་བོས་ཡིག་ཚོགས་བསྐྱུང་ཕྱིར་ཞིབ་ཏུ་བརྗོད་པའི་ངལ་བ་དང་དུ་ལེན་འདོད་མེད།

ཁ་ཅིག་ཨ་མ་དངོས་གྲུབ་ལགས་གོ་ཐོས་བྱུང་མེད་པའང་ཏན་ཏན་ཡོད་སྲིད། ཁ་ཅིག་ཁ་བྱང་མཇལ་མ་ཐག་ཧ་ཅང་རྒྱུས་ཡོད་ཀྱི་མི་སྣ་ཞིག་དྲན་ཡོང་གི་རེད། དེའང་བུད་མེད་མ་ཡིན་པའི་ཨ་མ་ཞིག་གི་སྣང་བརྙན་སྤྱན་ལམ་དུ་མངོན་ཡོང་གི་རེད། ཨ་མ་དངོས་གྲུབ་ནི་བྱིས་པ་དང་དར་མའི་སྐབས་སུ་སློབ་གྲྭའི་ཁོར་ཡུག་ནས་རང་བཞིན་གྱིས་ཁྱབ་པའི་ཁྱད་མིང་ཞིག་ཡིན་པ་ལས་ཁོ་རང་གི་མཚན་དངོས་མིན། ཁོ་བོས་ཁྱད་མིང་འདི་སློབ་དཔོན་ཆེན་མོ་ཟམ་གདོང་རིན་པོ་ཆེའི་ཞལ་གསུང་ནས་ཐོས། ཁོང་གིས་མུ་མཐུད་དུ་འགྲེལ་བརྗོད་གནང་གི་འདུག བཀའ་ཟུར་འབྲོང་ཆུང་དངོས་གྲུབ་ལགས་སློབ་གྲྭ་ན་བཞུགས་སྐབས་དུས་རྟག་ཏུ་སྔ་དགོང་སློབ་གྲྭའི་ཁོར་ཡུག་ཀུན་ལ་ཞིབ་གཟིགས་ཀྱིས་ན་མཉམ་སློབ་གྲོགས་་ཚོས་གཏིང་བརྗེད་དུ་གྱུར་བའམ་སྣང་མེད་དུ་ཤོར་བའི་ལས་རྣམས་རང་ཉིད་ཀྱིས་ཁུར་དུ་བླངས། སློབ་ཕྲུག་ཚོའི་གོན་པ་ཡར་ལེན་མར་སྐམ་ཚུན་ཆད་ནས་གནང་གི་ཡོད། སྐབས་དེར་ཨ་མ་དངོས་གྲུབ་ཅེས་པའི་ཁྱད་མིང་འདི་རང་བཞིན་གྱིས་སློབ་གྲྭའི་ཁོར་ཡུག་ཀུན་ཏུ་ཁྱབ་པར་གྱུར། འདི་ནི་དཔེ་མཚོན་ཆུང་ཆུང་ཞིག་གིས་དོན་དག་ཆེན་པོ་ཞིག་འགྲེལ་བརྗོད་བྱེད་ཐུབ་པའི་མཚན་གཞི་ཡག་པོ་ཞིག་རེད་ཨང་།

ཁོ་བོས་མུ་མཐུད་ནས་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་ལགས་གླེང་རྒྱུ་ཡིན། ལོ་རྒྱུས་ཀྱི་དྲན་པ་ནི་བདེན་པ་ཁོ་ནས་རྒྱབ་དཔུང་དུ་འགྲོ་ངེས་པ་ནི་ཨ་ཅང་ཅང་བརྗོད་མི་དགོས་པ་ཞིག་རེད། དེ་ནི་གོམ་པ་བརྒྱ་སྤོས་པ་ལ་ཉིས་བརྒྱ་སྤོས་སོ་ཞེས་འུར་རྒྱག་པ་དང་གོམ་པ་གཏན་ནས་སྤོས་མི་འདུག་ཅེས་རྫུན་བརྗོད་གཉིས་འཁྱོག་པ་དྲང་ལམ་དུ་འདེད་པའི་ཐབས་ལམ་རྨད་དུ་བྱུང་བ་ཞིག་ཡིན་པར་བདག་འདོད།

ཕྱིར་མིག་དང་ཕྱིར་མིག་ལྟ་བཞིན་ཕ་ས་དང་ཕ་ཡུལ་ཤུལ་དུ་བཞག་སྟེ་དཀའ་སྡུག་གིས་རི་ཚོགས་བརྒལ་བའི་ང་དང་ངའི་འཐབ་གྲོགས་ཚོ་བལ་ཡུལ་སྣེ་ལེན་ཁང་དུ་འབྱོར་བ་དང་དེ་ནས་འཕགས་ཡུལ་དུ་མགྱོགས་མྱུར་ངང་ཕྱིན་པའི་སྐོར་ལ་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་ལགས་ནས་་བཀའ་བཀོད་ཇི་ལྟར་གནང་བ་སོགས་རྗེས་སུ་ཤེས་རྟོགས་བྱུང་། འདི་འབྲེལ་གྱི་གནས་ཚུལ་མང་བོ་ཞིག་གང་བྱུང་དུ་ཞུ་ཆོག་མིན་དོགས་པར་གྱུར་བས་རེ་ཞིག་བསྐྱུངས།

མ་གཞི་ཕྲན་རང་དང་འབྲེལ་ནས་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་ལགས་ཀྱི་ཞིབ་ཚགས་ལྡན་པའི་ཕྱག་ལས་དང་ཐུགས་བཞེས་ཟབ་མོ་འདི་དང་འདིའོ་ཞེས་དཔེ་མཚོན་ཞུ་རྒྱུ་འགའ་ཞིག་ཡོད་དང་ཡོད། འོན་ཀྱང་ཡི་གེ་བ་འགས་དེ་འདྲ་དེ་འདྲར་མང་ཐག་ཆོད་པ་ཞིག་བྲིས་པ་མཇལ་རྒྱུ་བྱུང་བས་སྐྱར་ཟློས་ཀྱི་དོན་སྐྱོན་འབྱུང་བར་དོགས་ནས་དེ་ཙམ་གྱིས་འཐུས་པར་བྱའོ།།

གྲོགས་པོ་ཞིག་ལ་ངག་བཅོལ་ལྟར་མི་ལོ་ཉི་ཤུ་སྔོན་གྱི་གནས་ཚུལ་ཞིག་བདག་ལ་མཁོ་འདོན་གནང་བྱུང་། དེའང་དྲི་བ་དྲིས་ལན་ལྟ་བུ་ཞིག་རེད།གསར་འགོད་པ་ན་རེ། རིན་པོ་ཆེས་སྤྱི་འཐུས་ཚོགས་གཙོ་ནས་འཇོན་པ་མི་འདུག་ཅེས་དགོངས་ཞུ་གནངས། སླར་ཡང་བཀའ་བློན་ཁྲི་པའི་འགན་བཞེས་དོན་ཅི་ཡིན་ནམ། དེ་ཡི་ལན་དུ། ཟམ་གདོང་ན་རེ། སྤྱི་འཐུས་ཚོགས་གཙོ་ནས་འཇོན་པ་མི་འདུག་ཅེས་སྒེར་ངོས་ནས་མི་དམངས་ལ་བཟོད་གསོལ་དང་བཅས་མི་སེར་དཀྱུས་མའི་ལམ་དུ་ཕེབས་རྒྱུ་ཡིན་ཞེས་དགོངས་པ་ཞུས། སླར་ཡང་ཁྱེད་རང་གིས་འཇོན་པ་འདུག་ཅེས་མི་དམངས་ངོས་ནས་ང་ལ་བཀའ་བློན་ཁྲི་པའི་ལས་འགན་ལྕི་མོ་དེ་གནངས་བྱུང་། བཀའ་ལན་དེ་ལྟར་བསྩལ། སྐབས་དེར་ཁོང་ལ་འོས་ཤོག་བརྒྱ་ཆ 91 ལྷག་ཐོབ་བྱུང་བས་ལོ་རྒྱུས་ཀྱི་ཟིན་ཐོར་བཀོད་ཡོད། དེ་ལ་འགལ་བ་འདུག་གམ། དེ་ལ་གོལ་བ་དང་འཛོལ་བ་འདུག་གམ། སྐབས་དེར་གནད་ཡོད་མི་སྣ་དག་བཀའ་བློ་ཁྲི་པའི་སྔོན་འགྲོའི་འོས་མི་ནང་དུ་ཞུགས་ཏེ་དེང་སང་དང་འདྲ་བར་ལས་འཆར། བསྒྲགས་གཏམ། འབོད་སྒྲ་ཟེར་བ་སོགས་གནང་སྲོལ་ཡོད་མེད་ག་ལེར་གཟིགས་དང་མཁྱེན་ངེས་ལ་སོང་། སྔོན་སྲོལ་བཟང་བོ་དེ་བཅའ་ཁྲིམས་རིན་པོ་ཆེའི་དགོངས་པའི་མཐིལ་དུ་ཕྱིན་པ་སྨོས་མེད་ཐོག དེང་གི་ཕེབས་སྲོལ་དེའང་བཅའ་ཁྲིམས་རིན་པོ་ཆེའི་ཟུར་དང་ཕྱོགས་ཙམ་ལའང་འགལ་བ་ཤོར་མེད་པ་སོགས་བཅའ་ཁྲིམས་རིན་པོ་ཆེ་ལ་སློབ་གཉེར་ཟིན་པ་ཞིག་ཡིན་ཕྱིན་ནོར་འཛོལ་ཅི་ཡང་མེད་པར་ཟླ་འོད་གངས་ལ་ཕོག་པ་ལྟ་བུའི་མཛེས་རྒྱན་དུ་གྱུར་ཡོད།

འདི་ནི་འདས་པའི་བྱུང་རབས་ཁྲོད་དུ་གསལ་བའི་དཔེ་མཚོན་ཞིག་ཡིན། དཔེ་མཚོན་འདིས་ད་ཆ་རྨོངས་པའི་རྟུལ་ཞུགས་འཛིན་པའི་ཤོག་ཁག་ཅིག་ལ་བསེད་དགྲོལ་བྱེད་བཞིན་ཡོད། ནམ་རྒྱུན་ཁ་ནས་ཝུ་བ་འཕྱུར་ཡོང་མཁན་ཚོར་ཕན་པའི་རེ་བ་ཏིལ་ཙམ་མེད་ནའང་དཔེ་ཀློག་ཉུང་བའི་བློ་ལྡན་འགའ་ཞིག་ལ་དཔྱད་པའི་སྟོབས་རྒྱས་པའི་སླད་དུ་དཔེ་ཡི་ལམ་ནས་དོན་གྱི་གནད་འབྱིན་པ་ལ་དགེ་བ་མེད་ནའང་ཉེས་པ་གང་ན་ཡོད་ཨང་།

མདའ་གཅིག་གིས་བྱ་གཉིས་བསད་རྗེས་སླར་ཡང་སྣོན་མ་ཞིག་བརྒྱབ་ན་བསམ་བྱུང་།

བརྡ་སྤྲོད་པའི་གཞུང་དག་ཏུ་རྣམ་དབྱེ་གཉིས་པ་ལ་དཔེར་བརྗོད་ག་ཚོད་མང་བོ་ཞིག་བཞག་ཡོད་པ་ཁྱོད་གསལ་ཆ་ཡོད་ལ་ང་ཡང་ངེས་ཆ་ཡོད། དཔེར་བརྗོད་ལས་སྐབས་དོན་རྟོགས་པར་སླ་བའི་རྒྱུ་མཚན་ཡིན་པ་སུ་ཡང་སྨྱོན་དུ་མེད།
ཁོ་བོས་མུ་མཐུད་ནས་དཔེ་ཡི་ལམ་ནས་དོན་གནད་འབྱིན་པར་འབད་བརྩོན་ཞུ་རྒྱུ་ཡིན། གལ་ཏེ། མི་ག་གེ་མོ་ཞིག་ཟླ་གསུམ་གྱི་རྗེས་སུ་གྲྭ་བ་བྱས་ཏེ་བསླབ་སྡོམ་སོགས་ལེན་གཏན་ཁེལ་ཡོད་ན། གྲྭ་བ་མ་བྱས་པའི་ཟླ་གསུམ་གྱི་ནང་ཚུན་དུ་གྲྭ་བའི་ཚུལ་ཁྲིམས་སྲུང་བརྩི་བྱེད་དགོས་སམ།དེ་ག་ལ་དགོས་ཏེ། དངོས་སུ་ངུར་སྨུག་གོས་ཀྱིས་བརྒྱན། བསླབ་སྡོམ་རྒྱུད་ལ་བླངས་པའི་ཉིན་དེ་ནས་བཟུང་ད་གཟོད་འདུལ་བ་ལས་བྱུང་བའི་ཚུལ་ཁྲིམས་ཆ་ཕྲ་མོ་ཙམ་ཡང་འགལ་མེད་དུ་ཉམས་ལེན་བྱེད་དགོས་པ་མ་ཡིན་ནམ།

ཨ་བོ་མི་ནག་ཅིག་གིས་ཀྱང་གོ་སླ་བའི་དཔེ་མཚོན་འདིས་ཡང་སྙིང་ཅི་ཞིག་ཞུ་འདོད་དམ་ཞེ་ན། བཀའ་ཟུར་འབྲོང་ཆུང་དངོས་གྲུབ་ལགས་ད་ལྟ་སྲིད་སྐྱོང་གི་འོས་མི་མ་རེད། སྲིད་སྐྱོང་གི་འོས་མི་མ་ཡིན་པའི་མི་ཞིག་ལ་དེའི་འོས་ཆོས་དང་འགལ་ཡོད་མེད་བརྟག་པ་དང་དཔྱད་པ། གླེང་མོ་དང་དོགས་པ་བྱེད་པ་སོགས་ནི་ཅི་འདྲའི་དགོད་བྲོ་བ་ཞིག་རེད་ཨང་། ཁོང་གིས་དངོས་སུ་གསུངས་དོན། མི་དམངས་ངོས་ནས་ཡིད་ཆེས་དང་རེ་བཅོལ་བྱས་ནས་དངོས་གཞིའི་ནང་ལ་བསླེབས་པ་ཡིན་ན་ཁོང་ཅག་གི་ཐུགས་རེ་ཆུད་ཟོས་སུ་མི་འགྲོ་བའི་སླད་དུ་དངོས་སུ་སྲིད་སྐྱོང་འོས་མི་ནས་ཕྱིར་འཐེན་བྱ་རྒྱུ་མིན། ད་ལྟའི་ཆར་གཞུང་ཞབས་ལས་དགོངས་པ་ཞུས་མེད་ལ། ཞུ་དགོས་དོན་ཡང་མེད་ཅེས་ནན་ཏན་དུ་གསུངས། ཁྱེད་ཅག་གིས་དངོས་གནས་བཅའ་ཁྲིམས་རིན་པོ་ཆེར་གཟིགས་མྱོང་ངམ། དེ་ལས་མཆེད་པའི་འོས་བསྡུའི་སྒྲིག་གཞི་ལ་མཇལ་མྱོང་ངམ། དོགས་པ་མེད་པའི་དོགས་པ་ཞིག་ཀླད་པའི་ནང་དུ་ཇི་ལྟར་འཛུལ་བ་ཡིན་ནམ།

མ་གཞི་སྔོན་འགྲོའི་སྐབས་སུ། མ་འོངས་ལས་འཆར་སོགས་དང་འབྲེལ་ནས་མི་དམངས་ལ་ཁྱབ་བསྒྲགས་བྱེད་དགོས་གཟིགས་ན་

གཞུང་ཞབས་ལས་བྱེད་ཡིན་ན་བཤད་ཆོག་དང་མི་ཆོག་གི་སྒྲིག་གཞི་ལས་བྱེད་ཐུན་མོང་ལ་ཡོད་པ་ལྟར་ངེས་པར་དུ་དགོངས་ཞུ་གནང་དགོས་པ་ལས། སྲིད་སྐྱོང་འོས་མི་རང་ལ་་འཁྲི་བའི་དམིགས་བསལ་སྒྲིག་གཞི་དེ་འདྲ་གང་ཡང་མིན། སོང་ཙང་།དོན་ཚན་དྲུག་ཅུ་རེ་བདུན་པ། སྲིད་སྐྱོང་གི་སྔོན་འགྲོ་དང་དངོས་གཞིའི་འོས་བསྡུ་བྱ་ཕྱོགས། ནང་གསེས།

༣ “ཀ འོས་གཞི་གཏན་འབེབས་གསལ་བསྒྲགས་མ་བྱས་པའི་ཉིན་གྲངས་ ༢༠ ནང་ཚུན་འོས་དམིགས་དྲུག་ལས་མ་མང་བ་སྔོན་འགྲོའི་འོས་གཞིར་གསལ་བསྒྲགས་བྱེད་དགོས།

ག དངོས་གཞིའི་འོས་གཞི་གསལ་བསྒྲགས་ཟིན་པའི་རྗེས་སུའང་འོས་བསྡུ་མ་བྱས་གོང་འོས་གཞི་སུ་རུང་ལ་འོས་ཆོས་ཚང་མིན་གྱི་ཀླན་ཀ་སྤྱི་སྒེར་སུ་ཐད་ནས་བྱུང་བའམ། དབུས་འོས་བསྡུ་ལས་ཁང་ནས་ཤེས་རྟོགས་བྱུང་སྐབས། ཁྲིམས་མཐུན་ཞིབ་འཇུག་གིས་སྒྲིག་དོན་གཞིར་བཟུང་གསལ་བསྒྲགས་ཟིན་པའི་འོས་གཞི་ཆ་ཚང་ངམ། འོས་གཞི་བྱེ་བྲག་པ་སུ་རུང་ཕྱིར་འཐེན་ཆོག་ཅིང༌། འོས་གཞི་ཆ་ཚང་ཕྱིར་འཐེན་བྱས་པ་ཡིན་ན་བསྐྱར་དུ་འོས་བསྡུ་བྱེད་དགོས་པ་དང༌། འོས་གཞི་བྱེ་བྲག་པ་ཕྱིར་འཐེན་བྱས་པའམ་གློ་བུར་འཆི་སྐྱོན་བྱུང་བ་ཡིན་ན། འོས་གཞིའི་གྲངས་འབོར་ལ་གཞིགས་ཏེ་ཐག་གཅོད་བྱ་འཐུས།”

ང་ཚོས་འོས་ཆོས་ཚང་མིན་གྱི་སྐད་ཆ་མཚམས་འདི་ནས་ཡོང་དགོས་པ་ལས་ད་ལྟ་རྦད་དེ་སྔ་དྲགས་འདུག་ཨང།

གླང་ཆེན་སྨྱོན་པས་རལ་གྲི་གཡུག་པའི་སྒྲུང་སྙིང་རྗེ་མོ་ཞིག་ཐོས་མྱོང་ངམ། ཁ་ཅིག དེ་དང་དེ་བཅའ་ཁྲིམས་དང་འགལ་འདུག འདི་དང་འདི་འོས་ཆོས་དང་འགལ་འདུག་ཅེས་མ་བཤད་པའི་སྔོན་དུ་ཁ་ནང་ལ་འཁོར་ནས་བསམ་གཞིག་རགས་པ་ཞིག་བྱེད་འདོད་མེད་པ་ག་རེ་ཡིན་ན།དེའི་དོན་ནི། རང་རང་གིས་འོས་བསྡུའི་དོན་ཚན་ཉེར་བཞི་པ་དང་ཉེར་ལྔ་པར་ངེས་གཟིགས་གནང་རོགས་ཞུ། ང་ཚོས་ཁོང་ཚོ་ཁྲིམས་སྒྲིག་དང་འགལ་འདུག་ཅེས་མ་བཤད་པའི་སྔོན་དུ་རང་ཉིད་ཁྲིམས་སྒྲིག་དང་འགལ་ཡོད་པ་ཤེས་པར་གྱིས།

རྩོམ་ཡིག་འདི་བློ་ལྡན་སྐྱེས་བུ་རྨོངས་པ་དག་གི་ཆེད་དུ་ཡིན་པ་ལས་བསམ་བཞིན་དུ་རྨོངས་པའི་རྟུལ་ཞུགས་འཛིན་པ་དང་གཡབ་རྒྱུགས་རང་ལ་ཕྱོགས་པའི་གླེན་པ་དག་གི་ཆེད་དུ་རྩ་ནས་མིན།

ཞེས་དུར་བྱང་འབོད་པ་དེས་ཨོ་གླིང་ནུབ་ཕྱོགས་གྲོང་ཁྱེར་གྱི་མཚོ་འགྲམ་ནས་ཕྱི་ལོ 2020/9/20 ཉིན་བྲིས་པའོ།།

བསམ་ཚུལ།

Post navigation

Previous Post: བསམ་ཚུལ་ཐད་བྲིས་ཙམ་ཡིན་པས་ནོར་ཡོད་ན་དགོངས་དག་ཞུ།
Next Post: བུད་མེད་ཀྱི་སྐད་སྒྲ་དེ་སྐྱེས་པའི་འཇིག་རྟེན་དུ་ཡལ་བཞིན་ཡོད།

Comments (1) on “ཨ་མ་དངོས་གྲུབ་ལགས་ཅུང་ཙམ་གླེང་བ།”

  1. དུར་བྱང་། says:
    2020-09-20 at 4:54 pm

    མ་གཞི་སྔོན་འགྲོའི་སྐབས་སུ། མ་འོངས་ལས་འཆར་སོགས་དང་འབྲེལ་ནས་མི་དམངས་ལ་ཁྱབ་བསྒྲགས་བྱེད་དགོས་གཟིགས་ན་གང་བྱུང་ཞུ་ཆོག་དང་མི་ཆོག་གི་སྒྲིག་གཞི་ལས་བྱེད་ཐུན་མོང་ལ་ཡོད་པ་ལྟར་ངེས་པར་དུ་དགོངས་ཞུ་གནང་དགོས་པ་ལས། སྲིད་སྐྱོང་འོས་མི་རང་ལ་འཁྲི་བའི་དམིགས་བསལ་སྒྲིག་གཞི་དེ་འདྲ་གང་ཡང་མིན། སོང་ཙང་།
    དོན་ཚན་དྲུག་ཅུ་རེ་བདུན་པ། སྲིད་སྐྱོང་གི་སྔོན་འགྲོ་དང་དངོས་གཞིའི་འོས་བསྡུ་བྱ་ཕྱོགས། ནང་གསེས།
    འདི་ལྟར་རེད་ལགས། གོང་དུ་ཆད་ལྷག་དང་སྒྲིག་སྐྱོན་ཅུང་ཙམ་ཤོར་འདུག་པ་དགོངས་དག་ཞུ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (95)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme