Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཨ་ཕ། སེམས་གཏིང་གི་འབོད་ཚིག

Posted on 2011-12-03 By ཁ་བརྡ་ 3 Comments on ཨ་ཕ། སེམས་གཏིང་གི་འབོད་ཚིག

གཅན་ཡུ་མོ་སམ་དྲུག་དཀར་མཚོས།

ཨ་ཕ་ལགས། མིག་ཟུང་མང་པོས་ལྐོག་ཏུ་བལྟས་ཡོད་པའི་དུས་ཚིགས་དེར། ཁྱེད་ཀྱི་དཀའ་ཚེགས་ལ་མ་འཛེམ་པར་ཁྱིམ་གཞི་འདིའི་གོ་ཁ་རུ་ང་རང་པང་དུ་ཉར་ཏེ་ཐ་མག་ཧུབ་ཀྱི་འཐེན་བཞིན་ཡོད་པ་ངས་ད་རུང་ཡང་བརྗེད་མི་འདུག སྤྱིར་ང་ཚོའི་སྡེ་བ་འདི་རུ་སེམས་གཏིང་གི་སྙིང་གཏམ་ཕོད་ས་མེད་ལ་ཁ་ཡེམས་ཀྱི་མི་སེམས་དཀྲུགས་མཁན་མང་བས་ངའི་ལས་དབང་ཀྱང་དེ་ཚོས་སྒྱུར་སོང་བ་འདྲ། ཨ་མས་བཤད་ན། ཁྱེད་ནི་ཀུན་གྱི་ཡིད་སྨོན་བྱེད་སའི་མི་དྲང་པོ་སེམས་བཟང་ཅན་ཞིག་ཡིན་ཟེར། དེ་ན། ངའི་རེ་ཐག་ཆད་དགོས་དོན་ཅི་ཡིན་ནམ།

ཨ་ཕ་ལགས། ཁྱེད་ཀྱིས་ང་ལ་རིན་ཐང་བྲལ་བའི་ཚེ་སྲོག་ཞིག་སྦྱིན་ཡོད་པ་བདེན་མོད། ཁ་ཐོར་ཡ་བྲལ་གྱི་ཁྱིམ་གཞི་འདིའི་འཚོ་བ་ལ་འགན་མི་ཁུར་དོན་ཅི་ཡིན། ངས་གོ་མྱོང་བ་ནི་ཨ་མའི་གཞོན་དུས་ཀྱི་ལང་ཚོ་ཁྱེད་ཀྱི་ཆེད་དུ་རྫོགས་སོང་བ་དེ་རེད། དེ་ངས་ཀྱང་ལོས་ཤེས། ཁྱེད་ རང་མི་རིགས་ཀྱི་འཁྲུག་རྩོད་ཁྲོད་རྨས་སྐྱོན་ཕོག་ཏེ་ཤི་གསོན་མི་ཤེས་བའི་དུས་ དེར་ལོ་ན་གསུམ་ལས་སོན་མེད་པའི་ནུ་བོ་དང་ངེད་གཉིས་ཨ་ཡེ་རྒན་མོར་བཅོལ་ཏེ། ཨ་མས་ཁྱེད་རང་སྨན་ཁང་དུ་ཁྲིད་སོང་། ཟླ་ གཉིས་ཙམ་ལྷག་འདས་སོང་བའི་དུས་དེར་ང་ཚོའི་རྣ་ལམ་དུ་མཚམས་རེར་ཁྱེད་རང་ཤི་སོང་ ཟེར་བའི་འཆལ་གཏམ་ཀྱང་གོ་མྱོང་བ་ལྟར་ཤི་མཆོད་ཡང་སྒྲུབ་མྱོང་ལ། དེ་དུས་ང་ཡང་ལོ་དགུ་ཙམ་ལས་སོན་མེད་པས་ཁྱེད་རང་ཤི་སོང་བའི་སྐྱོ་སྡུག་གི་མཆི་ མ་འདོན་རྒྱུ་ཡང་ཤེས་ཀྱི་མེད་ཁར་ད་རུང་ངས་ཨ་ཕ་ཤི་ཚར་འདུག་ཞེས་བསྒྲགས་མྱོང་ ཡོད། འོན་ཀྱང་། ཨ་མས་སྨན་པའི་མདུན་དུ་ངོ་ཚ་ལ་མ་འཛེམ་པར་པུས་མོ་ས་ལ་བཙུགས་ཏེ་སྲོག་སྐྱོབ་དགོས་བའི་ཞུ་བ་ཡང་ཡང་ཞུ་རྐྱེན་ད་གཟོད་ཁྱེད་རང་གསོན་ཐུབ་ཡོད་ལ། ཁྱེད་རང་སྨན་ཁང་དུ་ལྷག་པའི་དུས་སྐབས་དེར་ཨ་མའི་འདུག་ས་ཤི་བོས་བེམ་པོ་འཇོག་སའི་ཁང་འཁྱགས་དེ་ཡིན་ ལ། ཨ་མའི་ཁ་ཟས་བག་ལེབ་སྐམ་པོ་ཡིན་པར་བརྗོད།

ཨ་ཕ་ལགས། ཁྱེད་རང་ཡང་བསྐྱར་འཇིག་རྟེན་འདིའི་སྤྲོ་སེམས་ལ་རོལ་ཐུབ་པ་དེ་ནི་ཨ་མའི་བཀའ་དྲིན་ཡིན་ལ། ཁྱེད་ ཀྱི་ཡང་བསྐྱར་རྐུབ་སྟེགས་ཐོག་རྫིག་ཉམས་སྟོན་ཐུབ་པ་དེའང་ཨ་མས་ཚེ་སྲོག་འབེན་ ལ་བཙུགས་ཏེ་གཤིན་རྗེའི་འཇིགས་ཕྲེང་ལས་ཕྱིར་སྐྱོབ་ཡོང་པའི་ཁྱེད་ཀྱི་ལས་དབང་ ཡང་ཡིན་སོང་། ཏག་ཏག་ལོ་ངོ་བཅུ་གྲངས་རིང་དུ་ཁྱེད་ཀྱིས་ཁ་ཡག་དང་ཧུར་བརྩོན་བྱས་ཏེ་ཁྱིམ་གཞི་འདི་རེ་ཞིག་བསྐྱངས་མྱོང་ཡོད་པ་བདེན་མོད། རྒྱ་ ནག་གིས་བོད་པ་ལ་དངུལ་སྒོར་གྱི་བསླུ་མྱོང་ཡོད་པའི་དུས་དང་བསྟུན་ཏེ་ཁྱེད་ཀྱི་ ལག་ཁུག་ཡང་ལྗིད་རུ་སོང་བས་གཞི་ནས་ཁྱིམ་གཞི་འདིར་སྐྱིད་པའི་གནས་ལ་འཇོག་འདོད་ ཀྱི་དམིགས་འདུན་བྱ་སྒྲོ་ལྟར་ཡང་རུ་འགྲོ་སོང་། འདི་ངས་ཁྱེད་ཀྱི་ལྐོག་ཟ་བྱས་སོང་དང་བོད་པ་བཙོང་སོང་ལབ་མེད་མོད། ཁྱེད་ཀྱི་གླ་ཕོགས་ཡར་སྤར་བ་དེའི་མཇུག་འབྲས་ལ་འཁོན་སེམས་བཅངས་བ་ཡིན།

ཨ་ཕ་ལགས། ཤི་དུས་རོ་བདག་མི་བྱེད་པའི་ཁྱེད་ཀྱི་སྤུན་མཆེད་དེ་ཚོས་གསོན་པའི་རྒྱུ་ནོར་ལ་ རྔམ་ཏེ་ཚུར་ཡོང་དུས་ཨམ་ཁུག་སྟོང་པ་དང་ཕར་འགྲོ་དུས་ཕྲག་ལ་མི་ཆོག་པའི་ཁུར་བོ་ ཁུར་བཞིན། མི་ཚེ་འདི་ཁྱེད་ལ་ཕ་མ་དང་སྤུན་མཆེད་མཁོ་ཚུལ་གྱི་གཡོ་སྒྱུའི་གཏམ་སྣ་ཚོགས་མྱུལ་ལི་ལི། ཡིན་ཡང་། ཨ་ཕ་ལགས། ཁྱེད་ཀྱི་ཤེས་ཨེ་ཡོད། ཤི་དུས་བེམ་པོ་མི་མཁོ་ཞིང་གསོན་དུས་རྒྱུ་ནོར་ལ་ཧམ་ཏེ་བཟའ་ཞུགས་བྱེད་མཁན་གྱིས་ཁྱེད་ཀྱི་སྤུན་མཆེད་དག ཁྲུས་ན་དག་ཐབས་མེད་པའི་ངའི་ཁྲག་དང་འདྲེས་པའི་ཉེ་བོ་ཡིན་ཡང་། ང་ལ་མཚོན་ན་དེ་ནི་ངའི་ཤ་ཁྲག་དང་འདྲེས་ཡོད་པའི་དགྲ་བོ་ཁོ་ན་རུ་གྱུར་སོང་།
དུས་ཀྱི་འཁོར་ལོ་མདུན་དུ་བསྐྱོད་པའི་འགྲོས་དང་བསྟུན་ནས་ཁྱེད་ཀྱི་བརྩེ་སེམས་དེ་ང་ཚོ་དང་ཐག་ཇེ་རིང་ནས་ཇེ་རིང་དུ་གྱུར་བཞིན། གཡོ་བསླུ་ལ་མཁས་བའི་གདོན་མོ་ཞིག་དང་གསོན་ན་འབྲལ་ཐབས་མེད་པའི་མི་ཚེ་འདིའི་བསྐྱལ་རོགས་དུ་བཀོད་སོང་། སྐབས་ དེར་ཨ་མས་སྡུག་གི་མིག་ཆུ་བྲང་གཞུང་དུ་བཞུར་ཤོར་ང་ཚོའི་སྒོ་འགྲམ་དུ་ཁྱེད་ ཀྱི་རྐང་པར་འཐམས་ཏེ་བུ་ཕྲུག་ལ་བསམ་བློ་གཏོང་རོགས་ཞེས་ཞུ་བ་ཡང་ཡང་རྒྱབ་ལ། ཨ་ཡེ་རྒན་མོས་ཁྱེད་ཀྱི་འགྲོ་ལམ་བཀག་ཏེ་ཁྱིམ་ཚང་འདི་ཁྱེད་ཀྱི་ཚེ་སྲོག་གིས་ མྱུ་གུ་ཡང་བསྐྱར་འབུས་ས་ཡིན་ལབ་ཀྱང་། ཁྱེད་ ཀྱིས་དེ་ལས་ལྡོག་ཏེ་ངས་ཁྱེད་ཚོར་མཛོ་རི་འདྲ་བ་ཞིག་དང་ཁྱིམ་གཞི་འདིའི་ཡོད་ ཚད་སྐྱུར་ཡོད་ཟེར་བཞིན་ཕྱིར་མིག་ཐེངས་གཅིག་གིས་ཡང་མི་ལྟ་བར་བག་ལྷོད་ལྷོད་ ངང་ཆས་སོང་ཟེར།
དུས་དེ་ནས་བཟུང་། སྡེ་མིའི་འཆའ་མོད་དང་ཕྲག་ དོག་ཁྲོད་ཨ་མ་འགྲོ་སའི་ལམ་ཁ་དང་འདུག་སའི་ས་མེད་པར་ཆགས་ཏེ་རྟག་ཏུ་མིག་ཆུ་ འབྱིན་བཞིན་ཤར་བའི་ཉི་མ་འཁྱགས་རློམ་ལྟར་གྱུར་ཡོད་ལ་ནུབ་ཁའི་ཉི་མ་སྙིང་ཁར་ ཟུག་པའི་རྣོ་གྲི་ལྟ་བུར་ཆགས་སོང་ཟེར།

ཨ་ཕ་ལགས། གནས་ཚུལ་དེ་དག་ས་མཐའ་ན་འཁྱམ་པོའི་འཚོ་བ་རོལ་བཞིན་པའི་བུ་མོའི་རྣ་ལམ་དུ་ཐོས་རྗེས། ངས་ཁྱེད་ལ་ཁོམ་སེམས་བཅངས་རྒྱུ་བརྗེད་དེ་ངའི་སྙིང་ནས་བརྩེ་བའི་ཨ་མའི་ཁེར་རྐྱང་གི་འཚོ་བའི་བདེ་སྡུག་ལ་སེམས་ཁུར་ཤོར་སོང་། ད་དུང་ངའི་ནུ་བོས་ཤེས་རིག་གི་སློབ་གླིང་ན་སློབ་རྩད་འབུར་ཏུ་ཐོན་པའི་འཚོ་བ་ཡང་ཁྱེད་ཀྱི་བཅོམ་སོང་བ་ཤེས་ཨེ་ཡོད། སྤྱིར་ཁྱེད་ཀྱི་བརྩེ་དུང་གི་རྟ་ཕོ་གསར་བར་ཞོན་རྒྱུའི་དབང་ཆ་ལོས་ཡོད་དེ། ་དེ་ལ་ངས་ནམ་ཡང་ཁོམ་སེམས་བཅངས་མ་མྱོང་མོད། ཡིན་ཡང་། ཨ་ཕ་ལགས། ཁྱེད་ཀྱི་མིག་ཞར་ཏེ་མགོ་རྨོངས་ཡོད་པ་ད་རུང་ཡང་མི་ཤེས་དོན་ཅི་ཡིན། ངས་ཁྱེད་ལ་ཁ་པར་གཏོང་ཐེངས་རེར་ཁྱེད་ཀྱི་ཞང་མོ་དེའི་ཕྲུ་གུའི་ལག་ཏུ་འཇོག་བཞིན་ངེད་གཉིས་ཀྱི་འབྲེལ་ལམ་བཟོ་ཐབས་བྱས་མོད། ཁག་མེད། གལ་སྲིད་དེ་ཁྱེད་ཀྱི་ཤ་ཁྲག་ངོ་མ་ལས་བྱུང་བའི་གཅེས་ཕྲུག་ཅིག་ཡིན་ཕྱིན་ངས་ཡང་དང་ལེན་བྱེད་ལོས་ཐུབ། འོན་ ཀྱང་དེ་མིན་པར་དེ་ནི་ཁྱེད་ཀྱི་ཞང་མོ་དེའི་གཡོ་འོག་ཏུ་ཚུད་པའི་ཟློས་གར་ཁྲོད་ འཇིག་རྟེན་འདིར་ཡོང་བའི་རྣམ་ཤེས་ལྡོམ་པོ་ཞིག་ཡིན་ཕྱིན་ངས་ནམ་ཡང་དེའི་མིད་པ་ ནས་བཙིར་བ་ལས་ཐབས་གཞན་མ་མཆིས།

ཨ་ཕ་ལགས། ང་རང་ཕ་ཡུལ་དུ་ལོག་པའི་ལོ་དེར་ནུ་བོས་ཁྱེད་ལ་བལྟ་རུ་འགྲོ་དགོས་བའི་འབོད་སྐུལ་འོག ངེད་གཉིས་རླངས་འཁོར་ལ་བསྡད་དེ་ཆུ་ཚོད་དྲུག་ལྷག་གི་ལམ་ཁར་བསྙེགས་འགོ་བརྩམས་མོད། དུས་དེར་འབྲོག་པའི་རྩྭ་ཐང་གི་མཛེས་སྡུག་ལ་ཡིད་སྨོན་སྐྱེས་རྒྱུར་བཞག་ཏེ་ཁོང་ཁྲོ་དང་སྐྱོ་གདུང་གང་ཡིན་མི་ཤེས་པའི་སེམས་པ་ཅིག་ཁུར་ཏེ་ སོང་། དགོང་མོ་དེར། ཁྱེད་ ཀྱི་རང་ཉིད་ཀྱིས་ཨ་མ་དང་བྲལ་དགོས་བའི་འཆལ་གཏམ་སྣ་ཚོགས་དང་གཡང་ལོ་བཟང་ཚུལ་ གྱི་སྐྱུག་བྲོ་བའི་གཏམ་རྒྱུད་དེ་ཚོས་ང་ལ་སྔར་ལས་ལྷག་པའི་སྐྱོ་སེམས་ཀྱིས་ མིག་ཆུ་ཤོར་བ་དྲན་སོང་ངམ། རྒྱུ་མཚན་ངའི་ཨ་མས་སྒྲུབ་པའི་ལོ་ངོ་ཉི་ཤུ་ཡིས་བརྩེ་དུང་གི་འཚོ་བར་ཕྱིར་དྲན་མེད་པར་རྩྭ་ཐང་དེའི་ཞང་མོ་ཅིག་གི་མཛེས་སྡུག་ཁོ་ནར་ཤོར་འདུག ཡིན་ཡང་། སྐབས་དེར་ཨ་མས་ད་དུང་ང་ལ་ཁྱེད་ཀྱིས་ཨ་ཕར་སྙན་མོ་ཚིག་གི་སྐྱོར་དགོས་ཚུལ་དང་སེམས་ཀྱི་བརྩེ་བས་བཏུམས་དགོས་ཚུལ་གསུངས་སོང་། དེ་ ཡང་ཨ་མས་ཁྱེད་རང་ས་མཐའ་དེར་གཡང་ལོའི་གཡོ་འོག་ཏུ་སྡུག་གི་འཚོ་བ་མྱངས་བཞིན་ པའི་སེམས་ཁུར་འོག་ཁྱེད་ལ་གནང་བའི་བསམ་པའི་འདུ་ཤེས་ཞིག་རེད། འོན་ཀྱང་ཐང་ཆད་པ་ཞིག་ལ་ཁྱོད་དེའི་མིག་མདངས་ཁྲོད་བཟི་འདུག

ཨ་ཕ་ལགས། བུ་མོའི་སེམས་གཏིང་ནས་རེ་ཐག་ཆད་སོང་བས་དུས་དང་རྣམ་པ་ཀུན་ཏུ་འཆར་བཞིན་པ་ནི། རང་ཉིད་ལ་ཤ་ཚ་བའི་ནུ་བོ་དང་མི་ཚེ་འདི་བདེ་སྐྱིད་ཀྱི་འཚོ་བ་རོལ་མྱོང་མེད་པར་མིག་ཟུང་ཞིག་ཁྱིམ་གཞི་ལ་འཐིམས་ཡོད་པའི་ཡུམ་ཆེན་ལས། ཁྱེད་ནི་འཇིག་རྟེན་འདི་དང་གཏན་དུ་བྲལ་ཟིན་པའི་ཚོར་སྣང་ཞིག་གིས་ཁེངས། ད་ནི་ཁྱེད་ཀྱི་མནའ་བཅད་དང་སྤུན་མཆེད་ཚོ་ཁྱེད་དང་རེ་རེ་བཞིན་གྱེས་སོང་བ་གོ་དུས་ངའི་སྙིང་ཁར་ཡང་བསྐྱར་ན་ཟུག་ཅིག་རྒྱབ་སོང་མོད། འདི་ ཁྱེད་ཀྱིལས་དབང་ཡིན་ཕྱིན་ལྡོག་ཐབས་བྲལ་སོང་ཡང་། ཁོང་ཚོའི་གཡོ་འཁྲུལ་ཏེཡིན་ཕྱིན་རྒྱུ་འབྲས་འཁོར་ངེས་ཡིན་ཞེས་ངས་ནམ་རྒྱུན་ མིག་ཟུང་ཕྱེས་མ་ཐག་ན་ཟུག་ཁྲོད་སྨོན་ལམ་རེ་རྒྱབ་མྱོང་ཡོད།

ཨ་ཕ་ལགས། མིག་རྡེབ་དབང་ ཙམ་ལ་ང་ཡང་ཁྱེད་དང་འདྲ་བར་འཚོ་བའི་གས་ཆག་ཁྲོད་ལྷུང་སོང་ལ་ཨག་གསར་ཁྲོད་ གྲོགས་སྒྲིག་པའི་སྐྱེས་དམན་ཚོའི་ཁ་ལྕེ་སྡར་ས་རུ་ཡང་ཆགས་སོང་། དེ་ལྟར། ངའི་ཚོར་བ་ལ་འཇིག་རྟེན་འདིར་མཁོ་དུས་གཡོག་ལ་བཀོད་མཁན་དང་སེམས་གཏམ་ གྲོང་དུ་སྒྲག་མཁན་ཞིག་མ་གཏོགས་ཡིད་ཆེས་བྱེད་སའི་བློས་ཀྱི་གྲོགས་ཤིག་སྒྲིག་ དཀའ་སོང་། ཨ་ མས་བཤད་པ་བདེན་དེ་འཇིག་རྟེན་འདིར་ཁྱོད་ལ་ཕ་མ་དང་རང་ཉིད་ཀྱི་ཚེ་གྲོགས་མ་ གཏོགས་སེམས་གཏམ་བཤད་ས་མེད་ལ་བཤད་ཡང་སང་ཉིན་གྲོང་ན་གྲགས་ཡོད་ཟེར་བ་ལྟར། མིག་ལམ་དུ་མངོན་ཡོང་བ་ནི་གདོན་འདྲེ་རེད་ལ་རྣ་ལམ་དུ་གོ་ཡོང་བ་དེ་ཡང་ཕྲག་དོག་ རེད་འདུག ང་འདི་ལྟར་གཞན་གྱི་ལས་དབང་གི་སྨུག་ལོང་ཁྲོད་མགོ་འཁོར་ཡོད་པ་ཤེས་བ་ནས་བཟུང་ཡང་བསྐྱར་རང་ཉིད་ཀྱི་ཆེད་དུ་མིག་ཆུ་ཞིག་ཤོར་སོང་།
དེ་བས་ངའི་འདུ་ཤེས་ཀྱི་འགལ་འདུ་ཁྲོད་ཚོར་བ་དམིགས་བསལ་བ་ཞིག་གིས་རེ་སྒུག་སླེབས་ཡོད་སྙམ་པས། ཨ་ཕ་ལགས། འཁྱགས་སིབ་སིབ་ཀྱི་མིག་ཆུ་ ཕྱིས་ཏེ་ངས་ཁྱེད་ལ་ཡང་བསྐྱར་སེམས་གཏིང་ནས་ངག་འཇམ་པོའི་”ཨ་ཕ་”ཞེས་འབོད་ཤོར་ སེམས་བསམ་པའི་སྡུག་བསྔལ་འདི་བརྗོད་ན་འདོད།
ཕྱི་ཟླ་༡༠པའི་ཚེས་༢༥ཉིན།

རྩོམ་རིག

Post navigation

Previous Post: ཛ་དྲག་གི་ལས་འགུལ་གཞི་རྒྱ་ཆེན་པོ་ཞིག་སྤེལ་བའི་དུས་ལ་སླེབས་འདུག
Next Post: སྙན་ངག་གྲོག་རོང་ནང་གི་མི་ཚེའི་གདངས་གླེང་བ།

Comments (3) on “ཨ་ཕ། སེམས་གཏིང་གི་འབོད་ཚིག”

  1. མིག་གསུམ་པ། says:
    2011-12-03 at 6:42 pm

    བདག་གི་ལམ་གྲོགས་བུ་མོ་དེ་ཉིད་ཡིན་པར་སྙམ། གང་ལྟར། སེམས་ཚོར་གྱི་རྩེ་ཟིན་པའི་སྐྱོ་གཏམ་དགུན་གྱི་ཆུ་མོ་འདྲ་བ་ཞིག་བརྗོད་འདུག་པས། དོན་དངོས་དང་མི་མཐུན་པའི་སེམས་ཀྱི་རྟོག་སྒྲུང་ཞིག་ཡིན་པར་སྨོན།

  2. གཅན་བཟོད་རྒྱམ། says:
    2011-12-04 at 7:04 am

    དྲུག་དཀར་མཚོའི་རྩོམ་ཡིག་མཐོང་བ་ཐེངས་དང་པོ་ཡིན། སེམས་ཚོར་ཡག་པོ་ཞིག་བྲིས་འདུག་ན་དགའ་སྤྲོའི་ངང་ནས་བཀའ་དྲིན་ཆེ་ཞུ་རྒྱུང་དང་། ད་དུང་མུ་མཐུད་ནས་འབད་པ་གནང་རོགས་སྙིང་ནས་ཞུ།

    ཁ་བྱང་གི་འོག་ཏུ་གཅན་ཡུ་མོ་(སམ་)ཞེས་པ་(མོའམ་)ཞེས་འབྲི་དགོས་པ་ནོར་འདུག་ན། འདི་ཙམ་ཞིག་ནི་ཁ་བརྡ་དྲ་བའི་ཞབས་ཞུ་བ་ཚོས་ཀྱང་བཟོ་བཅོས་རེ་བྱས་དང་ན་ལོས་ཆོག འདི་རེ་བ་ཙམ་ཞུས་པ་ཡིན།

  3. སྒོ་སྲས། says:
    2011-12-06 at 2:12 pm

    ཨ་རོགས་དྲུག་དཀར་མི་ཞིག་དངོས་གནས་བཤད་ན་དགའ་སྐྱོ་ལ་རྫོགས་མཐའ་བྲལ། ཡིན་ཡང་དགའ་ན་དགའ་བ་དང་སྐྱོ་ན་སྐྱོ་བ་བཤད་ཕོད་པ་དང་ངུ་ཕོད་པ་ནི་མི་ངོ་མ་ཞིག་ཡིན། རྩོམ་ཡག་པོ་འདུག་

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme