Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཨ་དཀོན་རིན་པོ་ཆེ་རྐྱེན་ངན་ཆག་སྒོའི་འོག་ཏུ་སྐུ་འདས་པར་སྙིང་གི་གཏིང་ནས་མྱ་ངན་ཞུ།

Posted on 2013-10-09 By སྤོབས་པ་མཐའ་ཡས། 7 Comments on ཨ་དཀོན་རིན་པོ་ཆེ་རྐྱེན་ངན་ཆག་སྒོའི་འོག་ཏུ་སྐུ་འདས་པར་སྙིང་གི་གཏིང་ནས་མྱ་ངན་ཞུ།

སྤོབས་པ་མཐའ་ཡས།

ད་ནང་ཞོགས་པ་BBCགསར་འགྱུར་དྲ་བར་སློབ་དཔོན་ཨ་དཀོན་རིན་པོ་རྐྱེན་ངན་ཆག་སྒོའི་འོག་ཏུ་སྐུ་བཀྲོངས་པའི་གཏམ་ངན་མ་རུང་བ་ཞིག་ཐོས་ནས་བཟུང་ཉིན་གང་བོར་སེམས་མི་བདེ་བ་ཞིག་བྱུང་། ཨ་དཀོན་རིན་པོ་ཆེས་འདས་པའི་བཅུ་ཕྲག་ཟུང་གི་ནང་དུ་བོད་ཁུལ་སྤྱི་དང་ཁྱད་པར་མདོ་ཁམས་ཁུལ་དུ་སྐད་ཡིག་དང་། ཆོས་ལུགས། ཆས་གོས། གནའ་དཔེ། གནའ་ཤུལ་སོགས་སྲུང་སྐྱོབ་ཀྱི་ལས་དོན་ལ་འགྲོ་གྲོན་གྱི་མཐུན་རྐྱེན་སྦྱར་བ་དང་། ལམ་སྟོན་གྱི་སྒྲོན་མེ་བཏེགས་པའི་བཀའ་དྲིན་བསམ་གྱིས་མི་ཁྱབ།
འཆི་བདག་གིས་ཁོང་ང་ཚོའི་ལག་པ་ནས་འཕྲོག་ཤོར་བ་དེ་ནི་ཉམ་ཆུང་ཞིང་ཉག་ཕྲ་བའི་མཐོ་སྒང་བོད་མི་རིགས་སྤྱི་ལ་གྱོང་གུད་ཚད་ལས་འདས་པ་ཞིག་ཡིན། ཁོང་ནི་སྐུ་ན་དེ་ཙམ་མི་བགྲེས་ཤིང་ལུས་སྟོབས་དར་བའི་ཕོ་རྒོད་ཅིག་ཡིན་པས་རྐྱེན་ངན་འདི་མ་བྱུང་ན་ད་དུང་ཡང་ལོ་བཅུ་ཕྲག་དུ་མར་བོད་མི་རིགས་འདིའི་ཤེས་ཡོན་གོང་འཕེལ་གྱིས་མཚོན་པའི་བོད་མི་མང་གི་ཕན་བདེའི་ཆེད་དུ་བྱས་རྗེས་ཆེས་མང་པོ་ཞིག་འཇོག་རྒྱུ་ཡིན་པར་ཐག་ཆོད་ན་ཡང་ང་ཚོའི་བསོད་བདེ་ཡིས་མ་ལྕོག་པ་རེད། བོད་མི་མང་གི་དོན་དག་ཅིག་ཡིན་ཕྱིན་ཨ་དཀོན་རིན་པོ་ཆེས་དཀའ་བའི་ཚེགས་དང་དཀོན་པའི་རྒྱུ་ནོར་གང་ལ་ཡང་འཛེམས་ཟོན་སྤུ་ཙམ་ཡང་མི་བྱེད་མཁན་ཞིག་ཡིན་པས་ད་བར་དུ་ཁོང་གི་གཏོང་ཕོད་འོག་ཏུ་སློབ་གསོའི་གོ་སྐབས་ཐོབ་པའི་ན་གཞོན་སྟོང་ཕྲག་མང་པོ་བྱུང་ཡོད། རྐྱེན་ངན་འདི་ལ་བརྟེན་ནས་ཁོང་ཚོ་ཚང་མ་མྱ་ངན་གྱི་ནང་དུ་ཚུད་བཅུག་པའི་སྡིག་ཉེས་འདི་འདག་ཐབས་ཤིག་ག་ལ་སྲིད།
འདི་ནི་རྒྱ་དམར་གཞུང་གི་ཇུས་འགོད་བྱས་པ་ཞིག་ཡིན་སྲིད། གང་ན་བོད་མི་མང་ལ་ཕན་པའི་མི་ཞིག་ཡོད་ན་དེ་ཉིད་རྒྱ་དམར་གཞུང་གི་དགྲ་བོར་བརྩི་བ་དེ་ནི་རྒྱུན་ལྡན་ཡིན་པས་འདི་དང་འདི་ལྟ་བུའི་རྐྱེན་ངན་ཆེས་མང་པོ་བྱུང་ཟིན་ན་ཡང་ང་ཚོས་སྡུག་སེམས་ལ་སྦས་ནས་འདུག་པ་ལས་ཐབས་མེད། རྐྱེན་ངན་འདི་ཡང་སྡུག་གི་མཆི་མ་ཁོག་ཏུ་མིད་ནས་འདུག་པ་མ་གཏོགས་ཐ་ན་བཀྲོང་རྐྱེན་གྱི་བརྒྱུད་རིམ་ཁ་གསལ་པོ་ཞིག་ཀྱང་གོ་མི་ནུས་པ་ནི་སྡུག་གི་ཐོག་ལ་སྡུག་བརྩེགས་པ་ཞིག་རེད།
ཨ་དཀོན་རིན་པོ་ཆེ་ནི་ངའི་སེམས་གཏིང་ནས་དགའ་གུས་ཚད་མེད་ཡོད་པའི་སྐྱེས་བུ་དམ་པ་ཞིག་ཡིན་ལ། ཁོང་གི་མཛད་པ་འཕྲིན་ལས་དག་ནི་ངས་རྗེས་སུ་ཡི་རང་ཆེས་ཆེ་བ་ཞིག་ཡིན། སྤྱིར་ཨ་དཀོན་རིན་པོ་ཆེ་ནི་དཀའ་བའི་ཚེགས་དང་དཀོན་པའི་རྒྱུ་ནོར་ཡོད་ཚད་མི་མང་གི་ཆེད་དུ་བློས་གཏོང་ནུས་པའི་སྐྱེས་བུ་དམ་པ་ཞིག་ཡིན་པས་ཐེངས་འདིའི་གཅེས་པའི་སྲོག་ཀྱང་མི་མང་གི་བདེ་དོན་གྱི་ཆེད་དུ་ཤོར་བ་དེ་ཕྱོགས་གཅིག་ནས་གུས་པ་དང་ཆེ་བ་གོང་དུ་འཕེལ་བ་ཞིག་ཀྱང་རེད། ཡིན་ན་ཡང་། དམ་པའི་མགོན་གྱིས་མ་ཟིན་པར་རྩིད་རྐུད་མགོ་བྲེགས་པ་ལྟ་བུར་གྱུར་པའི་བོད་མི་མང་ལ་བལྟས་ན་སེམས་ཁྲལ་ཆེ་ཤོས་ཤིག་ནི་ཁོང་གི་བྱམས་བརྩེ་ཡི་འོད་སྣང་ཁྲོད་དུ་འཚོ་བཞིན་པའི་བོད་མི་སློབ་གྲྭ་བ་འདི་དག་ལ་ཁོང་དང་མཚུངས་པར་ལྟ་རྟོག་བྱེད་མཁན་ཞིག་ཡོད་མེད་དེ་རེད།
ཨ་དཀོན་རིན་པོ་ཆེ། མུན་ནག་གི་ཁྲོད་ན་སྐར་མདའ་ལྟ་བུར་བཞུད་པའི་ཤེས་རབ་ཀྱི་འོད་སྣང་། མུན་ཁུང་གི་ནང་ན་ཉི་ཐིག་ལྟ་བུར་འཚེར་བའི་བྱམས་བརྩེ་ཡི་བདག་པོ། ཁྱེད་ནི་ང་ཚོ་བོད་མི་མང་གི་སྙིང་གི་དབུས་སུ་ཇི་སྲིད་བར་དུ་གནས་ངེས་ཡིན།

རྩོམ་རིག

Post navigation

Previous Post: བཙན་བྱོལ་ནང་གི་གསར་འགོད་པ་ཚོས་དོན་གྱིས་གཞིས་ལུས་མི་མང་ལ་སེམས་ཁུར་བྱེད་ཀྱི་ཡོད་དམ།
Next Post: ཨ་དཀོན་རིན་པོ་ཆེར་བསྔགས་པའི་ཀ་རྩོམ།

Comments (7) on “ཨ་དཀོན་རིན་པོ་ཆེ་རྐྱེན་ངན་ཆག་སྒོའི་འོག་ཏུ་སྐུ་འདས་པར་སྙིང་གི་གཏིང་ནས་མྱ་ངན་ཞུ།”

  1. མངའ་རིས་འཕྲིན་ལས། says:
    2013-10-09 at 8:42 am

    ཨ་དཀོན་རིན་པོ་ཆེ་མཆོག་ནི་ཕྱི་རྒྱལ་བོད་རིགས་བཙན་བྱོལ་པའི་བླ་དཔོན་ནང་ནས་གཞིས་ལུས་བོད་མི་རིགས་ལ་ཁ་ཡོད་ལག་ཡོད་ཕན་པ་བསྐྲུན་པར་མཛད་ཅིང་། དེ་ཡང་ཁའི་དབུ་མ་དང་རྒྱ་བོད་མཉམ་གནས་ཀྱི་ཁ་བདེ་དང་ལྕེ་བདེ་བཤད་ཤེས་པ་ཙམ་མ་ཡིན་པར། བསྟུན་མཁས་ཐབས་མཁས་ཀྱིས་རྒྱ་ནག་གཞུང་དང་འབྲེལ་བ་དམ་ཟབ་འོག་བོད་མི་རིགས་ལ་བླ་ན་མེད་པའི་ཕྱག་རྗེས་འཇོག་མཁན་གྱི་སྐྱེས་བུ་དམ་པ་ཞིག་ཡིན་པས་ཁོང་གློ་བུར་དུ་གཤེགས་ཤོར་བ་ནི་ཆེས་བློ་ཕམ་དང་། བོད་མི་རིགས་སྤྱི་ལ་བརྗོད་པར་དཀའ་བའི་གྱོང་གུན་ཚབ་ཆེན་ཞིག་རེད། ཁོང་སྐུ་བཀྲོངས་པ་དེ་རྒྱ་ནག་གཞུང་གིས་བཀོད་བྱུས་ཡིན་སྲིད་ཟེར་བ་ནི་བཙན་བྱོལ་བོད་པའི་བཤད་སྲོལ་ཞིག་རེད། མིང་སྙན་དང་སྐུ་དབང་ཆེ་བའི་བླ་དཔོན་དག་གིས་མགོ་འབུལ་ལུས་འབུལ་ཞུ་ས་རྒྱ་ནག་གཞུང་ལ་བྱེད་ཅིང་། བོད་ནང་རྐྱེན་ངན་ཆེ་ཆུང་ཚང་མ་རྒྱ་ནག་གཞུང་གིས་བྱས་པར་བསམ་པ་དང་བརྗོད་པ་ནི་དྲངས་པོ་ཞིག་མིན་ལ། རྒྱ་བོད་མཉམ་གནས་དབུ་མའི་ལམ་དང་ཡོངས་སུ་འགལ་བ་ཞིག་རེད། སྤོབས་པ་ལགས་ལ་ཆེད་དུ་ཞུས་པ་མིན་ང་ཚོ་བཙན་བྱོལ་པའི་གོམས་གཤིས་ལ་བཤེ་བ་ཡིན།

  2. རིན་ཆེན། says:
    2013-10-09 at 11:36 am

    མངའ་རིས་གསུང་པ་དེ་ཤིན་ཏུ་ནས་བདེན་གནས་ཚུལ་སྡུག་པོ་ཞིག་བྱུང་བ་དང་རྒྱ་མི་རེད་ཟེར་སྲོལ་དེ་ནི་བོད་མི་མང་ཤེས་གི་ཁ་ལ་འཇག་པ་ཞིག་རེད་ཡིན་ནམ་་་ང་ཚོའི་ཡིག་ཆེས་དང་བདེན་འཇོག་ཏོག་ཙམ་ཐོབ་མཁན་རྩོམ་ཡིག་འདྲི་མཁས་སྤོབ་པ་ལྟ་བུས་དེ་འདྲ་གསུང་ན་ལན་པོ་མི་འདུག་ལགས་་་་ཁོ་རང་གིས་ཁོང་མར་འཐེན་ཡ་རང་རེད།

  3. ཨ་ནུ་ཐང་བསོད་ནམས། says:
    2013-10-09 at 4:45 pm

    སེམས་པ་ཧ་ཅང་སྐྱོ། མི་ངན་དེ་དག་ཐར་བ་མེད་པ་ཤོག

  4. མིག་བརྒྱད་པ། says:
    2013-10-09 at 6:56 pm

    བླ་མ་ཁོང་གི་མཚན་ཡང་ད་བར་གོ་མ་མྱོང་མོད། དཀྲོངས་རྐྱེན་ལ་གཞིགས་ན་སེམས་སྐྱོ་བ་ཞིག་རེད། སྤྱི་སེམས་ཡོད་པའི་མི་སྣ་གལ་ཆེན་དེ་ཚོ་རེ་རེ་བཞིན་བོད་པའི་མིག་མདུན་ནས་གར་སོང་ཆ་མེད་གྱུར་འགྲོ་གི་ཡོད་པ་རེད། །གནས་ཚུལ་རྣམས་ལ་བསམ་གཞིག་རེ་བྱེད་དུས་བོད་པ་ཟེར་བ་འདི་འཛམ་གླིང་འདིའི་ཐོག་ག་ཚོད་བར་དུ་གནས་ཐུབ་བམ་སྙམ་པའི་དོན་མེད་ཀྱི་སེམས་ཁྲལ་ཡང་སླེབ་འོང་གི་འདུག །དོན་རྐྱེན་དེའི་རྒྱབ་ལྗོངས་ན་ཅི་ཞིག་ཡོད་པ་ནི་སུས་ཀྱང་བཤད་དཀའ་ནི་རེད། ཕྲག་དོག་དང་འགྲན་སེམས་ཀྱིས་འཚོས་བའི་ལག་དམར་བ་ནི་རྒྱ་བོད་མི་རིགས་གང་རུང་ཞིག་ཡིན་པ་ལས་ཁ་ཆེ་དྲག་སྤྱོད་པ་མིན་པ་ནི་གཏན་འཁེལ་རེད།།

  5. སྤོབས་པ་མཐའ་ཡས། says:
    2013-10-09 at 8:36 pm

    སྤྱིར་ན་མདོ་ཁམས་ཀྱི་ཡུལ་ལུང་སྤྱི་ཚོགས་ལ་ལར་ནང་འཁྲུགས་དམར་གསོད་ཀྱི་སྲོལ་ངན་དེ་ཚབ་ཆེན་པོ་རེད། ཡིན་ན་ཡང་བླ་མ་སྤྲུལ་སྐུའི་མིང་ཅན་ལོ་ན་བདུན་ཅུ་ཅན་དེ་འདྲ་གསོད་པ་མི་སྲིད་པ་ལྟ་བུ་རེད། ངས་འདི་མ་གཏོགས་གོ་ཡང་མ་མྱོང་། ལྷག་པར་ཡང་མདོ་ཁམས་ཀྱི་སྲོལ་རྒྱུན་ལྟར་ན་མི་ལྐོག་གསོད་བྱེད་སྲོལ་གཏན་ནས་མེད་པ་རེད། གསོད་སེམས་ཡོད་པའི་མི་ཞིག་བསད་ན་དེ་མ་ཐག་ཏུ་ངས་བསད་པ་ཡིན། དོན་འདི་མ་འགྲིགས་པ་རེད་ཟེར་ནས་བསྒྲགས་སྲོལ་ཡོད་པ་རེད། ཏན་ཏན་འདི་ཆབ་སྲིད་ཀྱི་རྒྱབ་ལྗོངས་ཅན་ཞིག་རེད་བསམ་པ་དེ་ངའི་དོག་གཞི་ཆེ་ཤོས་ཤིག་ཡིན།

  6. ཨ་ཕྱི་ཆོས་སྒྲོན says:
    2013-10-09 at 8:51 pm

    རང་ངོས་ལ་རྒྱ་སྒོར་གཅིག་གིས་རོགས་དན་གནང་མྱོང་མེད་ཀྱང་། རྒྱལ་གཅེས་པ་འགོ་ལོག་སྤྲུལ་སྐུ་བསོ་པ་འདི་ཚོས་བོད་སྤྱི་དང་དྭ་རྒན་ལ་སྲི་ཞུ་མཁན་ཡིན་པས་མྱ་ངན་ཞུ།

  7. རིན་ཆེན་དར་རྒྱས། says:
    2013-10-09 at 9:31 pm

    མྱ་ངན་ཞུ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (80)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (39)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (14)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (8)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme