Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཨ་ཅེ་མཁའ་མོ་ཐར།

Posted on 2019-06-172019-06-18 By འཚོ་བྱེད་བུ 5 Comments on ཨ་ཅེ་མཁའ་མོ་ཐར།

ཆུ་རླངས་འབྲུག་བྱམས།

བརྙན་ཐུང་ཞིག་ནི་ངའི་དྲན་པའི་ནང་ནམ་ཡང་བརྗེད་ཐབས་མི་འདུག དེ་ནི་བོད་ཀྱི་སྐུ་ཚབ་ཚོགས་ཆུང་ཐེངས་དང་པོ་བོད་ལ་བསྐྱོད་པའི་སྐབས་ཀྱི་བརྙན་ཐུང་ཞིག་རེད། བརྙན་ཐུང་དེའི་ནང་དུ་ཨ་མ་རྒན་མོ་ཁག་ཅིག་གིས་ངུ་འབོད་དང་བཅས་སྐུ་ཚབ་རྣམ་གྱི་ལག་པར་འཇུས་ནས་ཞུ་འབོད་བྱེད་བཞིན་པ་དང་ཁག་ཅིག་ས་ལ་འགྱེལ་ཡོད་པའི་གནས་ཚུལ་དེ་དག་མཐོང་ཐུབ། བརྙན་ཐུང་དེ་ཕྲན་བོད་ནས་རྒྱ་གར་ལ་བཙན་བྱོལ་ལ་ཡོངས་སྐབས་བལ་ཡུལ་སྣེ་ལེན་ཁང་དང་རྡ་རམ་ས་ལ་བཅས་ནས་ཐེངས་མང་པོ་བལྟས་པ་ཡིན། བོད་ཀྱི་སྐུ་ཚབ་ཚོགས་ཆུང་ཐེངས་དང་པོ་རེབ་གོང་ལ་ཕེབས་པའི་སྐབས་རེད། རྒྱ་དམར་གྱིས་བོད་ལ་བཙན་འཛུལ་བྱས་ནས་ལོ་ངོ་ཉི་ཤུའི་རྗེས་རེད། སྐབས་དེར་སྐུ་ཚབ་ཚོགས་ཆུང་རེབ་གོང་ལ་མ་ཕེབས་སྔོན་ལ། ལ་ཧྲའུ་ཅི་ཟེར་བའི་རྒྱ་མི་འགོ་ཁྲིད་དེས་རེབ་གོང་མི་དམངས་ལ་གཏམ་བཤད་བྱས་ཏེ། ཁྱོད་ཚོས་ངོ་ལོག་སྐུ་ཚབ་ཚོ་ས་གནས་འདིར་སླེབས་སྐབས་རྡོ་དང་དབྱུག་པ་སོགས་ཀྱིས་གཞུ་མི་ཉན། ཁྱོད་ཚོས་སྒོང་ང་དང་ལྡུམ་སྒོང་༼ Tomatoes༽ གིས་གཞུ་དགོས་ཅེས་མི་དམངས་ལ་སྐུལ་སློང་བྱས།

ལ་ཧྲུའུ་ཅི་ཟེར་བའི་རྒྱ་མི་འགོ་ཁྲིད་དེས་རང་ཉིད་ལ་ངོས་འཛིན་ཡག་པོ་ཞིག་བྱེད་མ་ཐུབ་པར་ཉིན་མོར་རྨི་ལམ་རྨིས། ཉིན་མོའི་རྨི་ལམ་དེ་མངོན་དུ་འགྱུར་བར་རེ་སྒུག་བྱས་ནས་བསྡད། སྐུ་ཚབ་ཚོགས་ཆུང་རེབ་གོང་ལ་སླེབས། རེབ་གོང་མི་དམངས་ཀྱིས་རྡོ་དང་དབྱུག་པའི་ཚབ་ལ་ལག་ཏུ་ཁ་བཏགས་བཟུང་ཤིང་ངག་ནས་མ་ཎི་ཡིག་དྲུག་དབྱངས་སུ་གྱེར་ནས་སྐུ་ཚབ་རྣམ་གཉའ་ལ་འཁུར་ཏེ་རྒྱལ་ཐང་ནས་རོང་པོ་དགོན་ཆེན་བར་དུ་གདན་འདྲེན་བྱས། མི་དམངས་སྟོང་ཕྲག་མང་པོ་རང་འགུལ་གྱིས་གནས་གཅིག་ཏུ་འཛོམས། མི་དམངས་རྣམས་ཀྱི་ཞུམ་པ་མེད་པའི་སྙིང་སྟོབས་བསྐྱེད་ནས་༧རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་གནང་རོགས། ང་ཚོས་༧གོང་ས་མཆོག་ལ་སྒུགས་ནས་བསྡད་ཡོད་ཟེར་བ་སོགས་སྐུ་ཚབ་རྣམས་ལན་བསྐུར། ང་ཚོས་བརྙན་ཐུང་དེའི་ནང་ནས་མཐོང་ཐུབ་པ་དང་ངུ་འབོད་བྱས་ནས་ས་ལ་འགྱེལ་བ་དེ་དག་གི་གྲས་ནས་གཅིག་ནི་ཨ་ཅེ་མཁའ་མོ་ཐར་རེད།

ལ་ཧྲུའུ་ཅི་ཟེར་བའི་འགོ་ཁྲིད་དེས་ཅོག་ཙེའི་སྟེང་དུ་ཁུ་ཚུར་གྱིས་གཞུས་ནས་རེབ་གོང་མི་དམངས་ལ་ལོ་ངོ་ཉི་ཤུ་རིང་སློབ་གསོ་སྤྲད་པ་དག་ཉི་མ་གཅིག་ལ་དགུ་ཆུའི་ནང་དུ་བསྐུར་སོང་ཅེས་མགོ་ལག་པས་སྐྱོར་ནས་ངུས། ལ་ཧྲུའུ་ཅི་མུ་མཐུད་ནས་ངུས།

ཆུང་དུས་ནས་ཨ་ཅེ་མཁའ་མོ་ཐར་གྱི་སྐོར་ཡང་ཡང་ཐོས་མྱོང་མོད། འོན་ཀྱང། མོ་ལ་དངོས་སུ་ཐུག་མྱོང་མེད། ཡིན་ནའང། ད་ལྟའི་བར་དུ་ཨ་ཅེ་མཁའ་མོ་ཐར་ནི་རང་ཉིད་གྱི་སེམས་སུ་བརྗེད་ཐབས་མེད་པའི་མཛངས་མ་ཞིག་ཡིན་པས་ནམ་ཡང་དྲན་བཞིན་ཡོད།

བོད་ཀྱི་ས་ཁུལ་མང་པོ་ཞིག་ཏུ་༡༩༥༨ ལོ་ནི་མི་ནག་གི་ལོ་ཞིག་དང་ཆེས་སྡུག་རྩུབ་ཅན་གྱི་ལོ་ཞིག་ཏུ་ངོས་འཛིན་བྱེད་ཀྱིན་ཡོད། སྐྱེས་པ་མང་པོ་ཞིག་དམར་གསོད་བཏང་བའི་ལོ། གཞན་མང་པོ་ཞིག་བཙོན་དུ་བཅུག་པའི་ལོ། ལྷག་ཡོད་པ་རྣམས་བུད་མེད་དང་བྱིས་པ་ཚོ་རེད། བུད་མེད་དང་བྱིས་པ་ཚོས་ཉིན་ལྟར་མཐོང་པ་དང་ཐོས་པ་ནི་གསོད་པ་དང་འཕྲོག་པ། རིག་གནས་གསར་བརྗེ་དང་གུང་ཁྲན་གྱི་སློབ་གསོ་དག་རེད།

རིག་གནས་གསར་བརྗེའི་སྐབས་བོད་ཀྱི་དགོན་སྡེ་སྟོང་ཕྲག་མང་པོ་གཏོར་ཤིག་བཏང། ལྷ་རྟེན་ཆོས་གསུམ་རྩ་མེད་བཟོས། རྒྱ་དམར་གཞུང་གིས་རེབ་གོང་ནས་དགོན་པ་དག་གཏོར། ལྷ་རྟེན་ཆོས་གསུམ་རྩ་མེད་བཟོ་སྐབས་ཨ་ཅེ་མཁའ་མོ་ཐར་གྱིས་ཞུམ་པ་མེད་པའི་ངང་མཐའ་གཅིག་ཏུ་ངོ་རྒོལ་བྱས། དགོན་པ་དག་གཏོར་བཅོམ་བྱས་ཚར་རྗེས་རིམ་པས་དུད་ཚང་རྣམས་གཏོར་མགོ་བརྩམས། རིམ་བཞིན་ཨ་ཅེ་མཁའ་མོ་ཐར་གྱི་རང་ཁྱིམ་དུ་སླེབས་ནས་གུ་རུའི་སྐུ་འདྲ་ཞིག་ཡོད་པ་དེ་གཏོར་རྩིས་བྱས། ཨ་ཅེ་མཁའ་མོ་ཐར་གྱིས་སེམས་ཐག་རྦད་བཅད་ཀྱིས་གུ་རུའི་སྐུ་འདྲ་གཏོར་ཏུ་འཇུག་པ་ལས་རང་ཉིད་ཤི་ན་དགའ་ཅེས་སྲོག་བསྡོས་ཀྱིས་གུ་རུའི་སྐུ་འདྲ་དེ་གཏོར་དུ་བཅུག་མེད།

མཐར་ས་གནས་སྲིད་གཞུང་གིས་ཨ་ཅེ་མཁའ་མོ་ཐར་མོའི་ཁྱིམ་དུ་བཅུག སྒོ་ལྕགས་བརྒྱབ། བཟའ་བཏུང་ཅི་ཡང་མ་སྤྲད་པར་ཟླ་ཁ་ཤས་རིང་ནང་དུ་བཅུག་པ་རེད། ཟླ་ཁ་ཤས་འགོར་རྗེས་ཨ་ཅེ་མཁའ་མོ་ཐར་ཤི་ཡོད་བསམ་ནས་ལྟ་སྐབས། མོ་སྔར་བཞིན་སྐུ་གཟུགས་བདེ་ཐང་ངང་གནས་ཡོད་པ་རེད། མི་ཚང་མ་ཨ་ཅེ་མཁའ་མོ་ཐར་ལ་དགའ་བ་དང་དུང་བ་ཟབ་དུ་སོང། རྗེས་སུ་ཨ་ཅེ་མཁའ་མོ་ཐར་གྱིས་བཤད་པ་ཡིན་ན། ང་སྒོ་ལྕགས་བརྒྱབ་ནས་ནང་དུ་བཅུག། ངའི་ཉིན་རྟག་པར་གུ་རི་རིན་པོ་ཆེ་ལ་གསོལ་བ་རྩེ་གཅིག་ཏུ་བཏབ་ནས་བསྡད་པ་ཡིན། ཉིན་ཁ་ཤས་རྗེས་སུ་ཙི་ཙི་ཞིག་གིས་གྱང་བར་ནས་སྲན་མ་ནང་དུ་འཁྱེར་ཡོང་གི་འདུག ངས་ཙི་ཙི་དེས་བསྐྱལ་ཡོང་བའི་སྲན་མ་དེ་དག་ཟོས་ནས་བསྡད་པ་ཡིན། ང་སེམས་མ་སྐྱིད་པ་དང་གྲོད་ཁོག་ལྟོགས་པ་དེ་འདྲ་གང་ཡང་བྱུང་མ་སོང་ཅེས་བཤད་ཡོད་པ་རེད།

དངོས་བྱུང་གི་གཏམ་རྒྱུད་འདི་ནི་ཅི་འདྲའི་ཡིད་དུ་འོང་ལ་བརྗོད་ལས་འདས་པ་ཞིག་རེདའང་།རིག་གནས་གསར་བརྗེའི་སྐབས་ཡོད་ཚད་ཚང་མ་དམར་པོའི་སྲིད་གཞུང་ལ་དབང། རྒྱ་གཞུང་གིས་ཧམ་བཤད་དང་འཁྱོགས་བཤད། དབང་ཤུགས་བཅས་ཀྱིས་བོད་མི་ཚོར་རང་ཁྱིམ་ནས་ཆུ་ཚ་བོ་དཀར་ཡོལ་གང་བསྐོལ་བའི་ཐོབ་ཐང་ཡང་མེད། ཉིན་རེ་བཞིན་བོད་མི་བརྒྱ་ཕྲག་མང་པོ་ལམ་ཁ་སོགས་སུ་ལྟོགས་སྐོམ་གྱིས་འཆི་བཞིན་ཡོད་པའི་སྐབས་ཞིག་རེད། རྒྱུ་ནོར་དང་ས་ཞིང་ཚང་མ་རྒྱ་དམར་སྲིད་གཞུང་ལ་དབང། ཨ་ཅེ་མཁའ་མོ་ཐར་རོང་བོ་རོ་ནས་ཡིན། ཁོ་ཚོའི་ཁྱིམ་གྱི་ས་ཞིང་ཧ་ཅང་ཡག་མོད། སྐབས་དེར་ལོ་ཏོག་འདེབས་པའི་དབང་ཆ་མེད། ས་གནས་མི་དམངས་ཀྱིས་སོ་སོའི་ཞིང་ཁ་ནས་འབྲུ་རྡོག་རྐང་གཅིག་ལེན་པའི་དབང་ཆ་ཡང་མེད།

ཞིང་ཁ་ནས་ལས་ཀ་བྱས་ཚར་རྗེས་མི་རྣམས་ཀྱིས་བཀྲེས་ལྟོགས་སེལ་ཆེད་ལམ་བར་དང་ཞིང་ཁ་སོགས་སུ་སོང་ནས་འབྲུ་རྡོག་རྐང་གཅིག་རེ་ཨེ་རག་བལྟས། ས་གནས་སྲིད་གཞུང་གི་མིས་དེ་ལྟར་བྱེད་ཀྱི་ཡོད་པ་ཤེས་ཚེ་བོད་མི་རྣམས་ལ་གཅར་རྡུང་གཏོང་བ་སོགས་ཉེས་ཆད་ལྕི་མོ་གཅོད། ཨ་ཅེ་མཁའ་མོ་ཐར་གྱིས་ཀྱང་འབྲི་རྡོག་རྐང་གཅིག་རེ་ཨེ་རག་ན་བསམ་ནས་རྒྱལ་པོ་སྒང་ཅེས་པའི་སྡེ་བའི་ཞིང་ཁ། རྒྱལ་རིའི་ལ་ཁ་ཅེས་པར་སོང་ནས་འབྲི་རྡོག་རེ་བཙལ་མོད། ས་གནས་སྲིད་གཞུང་གི་མིས་ཤེས་ནས་མོ་ལ་རྡུང་རྡེག་ཚད་མེད་བཏང། མཐར་ཨ་ཅེ་མཁའ་མོ་ཐར་གྱིས་རང་ཉིད་སྨྱོན་པ་ཡིན་མདོག་གིས་སྨྱོ་རྟགས་བསྟན་ནས་བྲོ་འཁྲབས། གླུ་བླངས། མོའི་གླུ་ཚིག་ནང་དུ།
ཆང་བ་ལིའི་ཁ་མདོག་སེར་པོ་རེད། །
གན་སོས་པ་སྐལ་ལྡན་ཕེབས་རྟགས་རེད། །
སིལ་ལི་འགྱན་ཁ་མདོག་དམར་པོ་རེད། །
གན་སོས་པ་གྲྭ་ཚོགས་རྒྱས་རྟགས་རེད་ཟེར།
ད་དུང་འདི་ལ་ཚིགས་བཅད་ཁ་ཤས་ཡོད་པ་འདྲ་མོད། དྲན་སོས་ཀྱི་མི་འདུག་པས་དགོངས་དག་ཞུ།

སྐབས་དེར་ཤར་སྐལ་ལྡན་རྒྱ་མཚོ་མཆོག་རྒྱ་ནག་གི་བཙོན་དུ་བཞུགས་ཡོད་པ་དང་དགོན་པ་རྣམས་གཏོར་བཅོམ་དང་གྲྭ་བ་གཅིག་ཀྱང་ལྷག་མེད་པའི་སྐབས་རེད། ཨ་ཅེ་མཁའ་མོ་ཐར་གྱིས་སྐབས་དེར་རང་ཉིད་སྨྱོན་པ་ཡིན་མདོག་གི་ཤིང་ཏོག་གི་མདོག་ལ་བལྟས་ནས་རང་གི་རྩ་བའི་བླ་མ་བཙོན་ནས་ཕྱིར་ཕ་ཡུལ་ལ་ཕེབས་ནས་སྔར་བཞིན་ཆོས་སྲིད་གྱི་ཐུགས་འགན་བཞེས་རྒྱུ་དང་གྲྭ་བཙུན་གྱི་སྡེ་གནམ་གྱི་སྐར་ཚོགས་བཞིན་སླར་ཡང་རྒྱས་པའི་སྨོན་ལམ་གླུ་རུ་བླངས་པ་རེད། ཨ་ཅེ་མཁའ་མོ་ཐར་གྱི་སྙིང་སྟོབས་དང་ལར་ཞེན། བོད་མི་རིགས་ལ་བཅངས་བའི་བརྩེ་བ་ནི་གསེར་གྱི་ཀ་བ་ཞིག་ནང་བཞིན་བོད་མི་རིགས་ཀྱིས་ལོ་རྒྱུས་ནང་དུ་བཞག་ཡོད། འོན་ཀྱང། ངའི་འདིར་རང་ཉིད་གྱི་དྲན་པ་ཐོར་རེ་བ་ཞིག་བཀོད་པ་ལས་ཨ་ཅེ་མཁའ་མོ་ཐར་གྱི་ལོ་རྒྱུས་རྒྱས་པ་ཞིག་བཀོད་པར་རང་ཉིད་ལ་ཤེས་ཚད་སོགས་ཕྱོགས་གང་ཅིའི་ཐད་ནས་འདང་གི་མེད་པས་བཀོད་ཐབས་བྲལ། ཡིན་ནའང། ངའི་དྲན་པ་ཐུང་ཐུང་འདིས་ཨ་ཅེ་མཁའ་མོ་ཐར་ལ་རྒྱུས་ཡོད་མཁན་དག་ལ་དྲན་སྐུལ་ཞིག་བྱེད་ཐུབ་པ་དང་མ་འོངས་བར་མོའི་སྐོར་ལ་ལོ་རྒྱུས་ཁ་གསལ་ཞིག་འབྲི་རྒྱུའི་རེ་བ་སྙིང་ནས་ཞུ།

ངོ་སྤྲོད།, དྲན་ཐོ།

Post navigation

Previous Post: ཀིརྟི་རིན་པོ་ཆེ་མཆོག་གི་ཉེ་དུས་ཀྱི་གསུང་བཤད།
Next Post: འགལ་འདུ་ཡི་ཕུང་པོ།

Comments (5) on “ཨ་ཅེ་མཁའ་མོ་ཐར།”

  1. བློ་བཟང་། says:
    2019-06-17 at 11:17 am

    སྐབས་དེར་ང་ཚོས་འཇོན་ཡོད་མ་རེད

  2. ཀླུ་སྨྱོན། says:
    2019-06-17 at 2:33 pm

    གཏམ་རྒྱུད་སྙན་གི

  3. ལ་དྭགས་འཇམ་དཔལ།། says:
    2019-06-18 at 2:50 am

    ཆུ་རླངས་འབྲུག་བྱམས་ལེགས་ཀྱིས་རེབ་གོང་ལ། དམར་པོའི་གཞུང་གི་ལས་བྱེད་པས་ཇི་ལྟར་བྱས་པ་དེ་དག་གསལ་པོར་བྲིས་པ་ཀློག་འདོད་བྱུང་། གཤམ་གསལ་རྣམས་ལས། དང་པོ་རྣམས་དིང་སང་གི་ཁ་སྐད་དང་༏ གཉིས་པ་དག། བོད་སྤྱི་ཡི་ཡིག་སྐད་ཡིན་པར་བསམ་མོ།
    འདང་། ལྡང་། ཡོངས་བར། འོངས་པར། མི་དམངས། མི་མངས། བརྙན། ཞེས་གཡར་པའི་དོན། འདིར་སྒྲུང་གི་དོན་ལ་བཀོལ། རོགས། གྲོགས། བཟུང་ཤིང་ངག་ནས་མ་ཎི་ཡིག་དྲུག་དབྱངས་སུ་གྱེར་ནས། བཟུངས་ཤིང་ངག་ནས་མ་ཎི་ཡིག་དྲུག་དབྱངས་སུ་གྱེར་ནས། གྱེར། ཞེས་དོན་དག་བོད་པ་གཞན་གྱིས་མི་གོ་བས་གཞན་གོ་བ་ཞིག་བཅུག་ན་བཟང་། གཞུ༏ མདའ་གཞུ། རྡུང་རྡེགས། ཞེས་ན་ལེགས། ཐེངས་དང་པོ། ལན་དང་པོ། ཡོངས། འོངས། རྡ་རམ་ས་ལ། དྷ་རྨ་ཤཱ་ལཱ།

  4. ནམ་མཁའ says:
    2019-06-18 at 4:29 am

    ཐུགས་རྗེ་ཆེ་འབྲུག་བྱམས་ལགས། སྐབས་དེའི་གནས་ཚུལ་མཐོང་ཐོས་ཅུང་ཙམ་རེ་ཡོད།ཡིན་ཡང་དྲན་ངོགས་སུ་མང་པོ་མི་འདུག་མོད།འོན་ཀྱང་དེ་རིང་དངོས་སྒྲུང་འདི་ཀློག་དུས་ཡིད་ལ་ཅུང་ཟད་རེ་ཤར་གྱི་འདུག གལ་སྲིད་ད་རུང་ཅུང་ཟད་རེ་དྲན་ཚེ་མུ་མཐུད་འབྲི་རོགས།

  5. ཤེས་རབ་རོང་བ། says:
    2019-10-06 at 5:05 am

    ཀློག་བདེ་ལ་སྙན་པའི་སྒྲུང་ཐུང་དོན་སྙིང་ལྡན་པ་རེད་ཡ། བཟང་གི

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (94)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (65)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (35)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme