Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཨ་ཅེ་དབྱངས་ཁོ་མ།། 


Posted on 2016-11-10 By ཁ་བརྡ 3 Comments on ཨ་ཅེ་དབྱངས་ཁོ་མ།། 


སོག་མདའ།

 

རི་བོ་མཐོན་པོའི་སྒང་ལ་་ལབ་ཙེ་སྟོད་པར་ཕེབས་འགྲོ་ཨ་ཅེ་དབྱངས་ཁོ་མ།།།།
བསང་དུད་དགུང་ལ་འཕྱོ་་ན་རླུང་རྟའི་དར་ཁ་ཡར་འགྲོ་ཨ་ཅེ་དབྱངས་ཁོ་མ།།
ལས་དཔལ་ལྷ་ལ་བཅོལ་ཡོད་བསང་དུད་དགོང་ལ་་སྙེགས་སོང་ཨ་ཅེ་་དབྱངས་ཁོ་མ།།
མཐུན་པའི་ཚེ་མདུད་གོར་མོ་དར་མཚོན་སྣ་ལྔའི་མཚོན་ཡོད་ཨ་ཅེ་དབྱངས་ཁོ་མ།།

རྨ་ཆུ་ལི་མའི་རབ་ཁར་ཆུ་བོ་བཅུས་བར་ཕེབས་འགྲོ་ཨ་ཅེ་དབྱངས་ཁོ་མ།།
གཙང་ཆབ་ལན་གསུམ་བཅུས་པ་ཉ་མོ་སྟོང་གིས་མཐོང་སོང་ཨ་ཅེ་དབྱངས་ཁོ་མ།།
མཆོད་པའི་ཟེགས་མ་དཀར་པོ་སྟེང་ཕྱོགས་ལ་ལྷ་ལ་འཐོར་སོང་ཨ་ཅེ་དབྱངས་ཁོ་མ།།
འབྲེལ་ཐག་བཞུར་རྒྱུན་རིང་མོ་ཆུ་བོ་གཞུང་ལ་བསྲིངས་ཡོད་ཨ་ཅེ་དབྱངས་ཁོ་མ།།

ཞིང་ཚུགས་གྲུ་བཞིའི་ནང་ལ་ལོ་ལེགས་བརྔོ་བར་ཕེབས་འགྲོ་ཨ་ཅེ་དབྱངས་ཁོ་མ།།
སྟོན་གྱི་རླུང་གིས་བསྐྱོད་པས་འབྲུ་དྲུག་མགོ་བོ་ལྡེམ་ལྡེམ་ཨ་ཅེ་དབྱངས་ཁོ་མ།།
སྙིང་གཏམ་ཟོར་བའི་་མགུར་དབྱངས་རླུང་བུ་འགྲོགས་ནས་བསྐུར་ཡོད་ཨ་ཅེ་དབྱངས་ཁོ་མ།།
སྙེ་མའི་གཞུང་ནས་སྒུག་རོགས་ལག་ཟུང་འཇམ་པོས་རྒུམ་རོགས་ཨ་ཅེ་དབྱངས་ཁོ་མ།།

ལྷས་རྭར་གྲུ་བཞིའི་གཡང་ར་འབྲི་མོ་བཞོ་བར་ཕེབས་འགྲོ་ཨ་ཅེ་དབྱངས་ཁོ་མ།།།
ཤག་ཤག་འོ་མ་དཀར་མོ་བཞོ་ཟེའུ་ནང་ན་འཁྱིལ་ཡོད་ཨ་ཅེ་དབྱངས་ཁོ་མ།།
འབྲི་མའི་དུང་སེམས་དཀར་བོ་ངུར་སྒྲས་ནང་་ལ་བསྐུང་ཡོད་ཨ་ཅེ་དབྱངས་ཁོ་མ།
སྦྲ་ནག་གྲུ་བཞིའི་ནང་གི་གཞི་འཛིན་བདག་མོ་ཁྱེད་ཡིན་ཨ་ཅེ་དབྱངས་ཁོ་མ།།

སྙན་ཚིག་མེ་ཏོག་ཕྲེང་པ་བརྒྱན་ལ་འདོགས་པར་ཕེབས་འགྲོ་ཨ་ཅེ་དབྱངས་ཁོ་མ།།
ཚོར་འདུ་མར་ལོ་སེར་པོ་ཡ་ཆུང་ཁུག་ལ་འཐིམས་ཡོད་ཨ་ཅེ་དབྱངས་ཁོ་མ།།
རྡོ་ལ་བརྐོས་པའི་ཚིག་གསུམ་ཤ་གསེང་རྐང་ལ་འདྲེས་ཡོད་ཨ་ཅེ་དབྱངས་ཁོ་མ།།
ཚུར་ལ་དལ་གྱིས་ཕེབས་ཤོག་མདུན་ལ་བསུ་མ་ཡོང་ཆོག་ཨ་ཅེ་དབྱངས་ཁོ་མ།།

༢༠༡༦་༡༡་༡༠་ཉིན་རང་ཤག་ནས་བྲིས།

སྙན་ངག

Post navigation

Previous Post: འདབ་ལོ་སེར་པོ།
Next Post: བོན་གྱི་དགེ་བཤེས་དོལ་པོ་ཕུན་ཚོགས་ཉི་མ་ལགས་ཀྱིས་བོན་སྐོར་ལ་དྲིས་ལན་གནང་བ།

Comments (3) on “ཨ་ཅེ་དབྱངས་ཁོ་མ།། 
”

  1. ཨ་འབར་འཇིགས་དབང། says:
    2016-11-11 at 3:08 pm

    ༅༅། བསྟོད་བཞག་དབྱངས་ཁོ་མ་ལ། མིག་དེ་དབྱང་ཁོར་ཟུག་འདུག།
    བརྕེ་བ་སྙིང་ནས་ཤོག་བཞག། དུང་བ་ལུས་ནས་བསྟེར་འདུག།
    ཅི་ཞིག་མཉམ་དུ་མི་སྡོད། བདུད་རྩི་དཀར་པོའི་ཐིགས་པ།
    དབྱངས་ཁོ་མ་ལ་བསྟེར་དང་། འཕྲལ་སེལ་ལུས་ཀྱི་བདེ་བ།
    ཁྱེད་རང་གཉིས་ཀར་ལོའི་ཐོབ། ཧ་ཧ་ཧ་

  2. ཀརྡོ་རབ་འབྱམས་པ་ says:
    2016-11-11 at 11:58 pm

    ཨ་ཅེ་དང་། ཨ་ཆེ། ཨ་ཕྱི་གསུམ་ལ་ཁྱད་པར་ག་རེ་ཡོད་རེད། ལགས།

  3. ཀརྡོ་རབ་འབྱམས་པ་ says:
    2016-11-13 at 12:31 am

    བོད་ཀྱི་ཚིག་མཛོད་ཆེན་མོ་ལས།
    ཨ་ལྕི། ༼ བརྡ་རྙིང་ ༽ རང་ི་ཕའི་མ།
    ཨ་ཆེ། ༼ ཡུལ་སྐད ༽ རང་ལས་རྒན་པའི་སྤུན་མོ།
    ་
    དེ་བཞིན་ཨ་ཅེ་དང་། ཨ་ཅག་ཀྱང་ཡུལ་སྐད་དམ། ཁ་སྐད་ཀྱི་འབྲི་སྟངས་གསར་པ་ཞིག་ཡིན་པ་འདྲ།
    ་
    ཨ་ཕྱི་ནི། བསང་ཡིག་ནང་ལ། ཨ་ཕྱི་ཚེ་རིང་ཆོས་སྒྲོན་འཁོར་བཅས་བསང་། །ལྟ་བུ་ཡོད་སྙམ་མོ།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme