Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཨ་ཅག་ཟླ་བ་སྒྲོན་མར་ཨ་སྒོར་ཆིག་སྟོང་ཐོབ་འདུག

Posted on 2013-01-17 By ཁ་བརྡ་ 19 Comments on ཨ་ཅག་ཟླ་བ་སྒྲོན་མར་ཨ་སྒོར་ཆིག་སྟོང་ཐོབ་འདུག

། བྱང་ཨ་རིའི་རྒྱལ་ས་བྷོསི་ཊོན་ནང་གྲགས་ཆེན་སྐར་མ་ལྔ་ལྡན་གྱི་མགྲོན་ཁང་ཏའཇི་བྷོསི་ཊོན་(Taj Boston) ཞེས་པར་ལས་བྱེད་འཁྱོན་སྡོམ་ལྔ་བརྒྱ་ལྷག་ཡོད་པའི་ནང་བོད་མི་བུད་མེད་དྲུག་ཙམ་ལས་ཀ་བྱེད་མུས་རེད། བུད་མེད་དེ་རྣམས་ནམ་ཞག་རྒྱུན་དུ་༧གོང་ས་མཆོག་གི་བཀའ་སློབ་སྙིང་བཅང་གིས་རང་ལ་འཕྲིས་པའི་ལས་འགན་ཐ་དག་ལྷག་བསམ་རྣམ་དག་གིས་ཞུ་གི་ཡོད་འདུག་ལ།  ཁོང་རྣམ་པའི་འཕྲོད་དུ་ཟླ་བ་སྒྲོལ་མ་ཞུ་བ་ཞིག་གིས་མགྲོན་ཁང་གི་བགྲུལ་པ་སུ་རུང་ལ་རོགས་པའམ་་ལམ་སྟོན་སོགས་སྙིང་རྗེ་བྱང་སེམས་ཀྱིས་གང་ཐུབ་འབད་བརྩོན་ཞུས་པར་མགྲོན་ཁང་གི་ལས་བྱེད་ཁྱོན་བསྡོམ་ལྔ་བརྒྱ་ལྷག་ཡོད་པའི་ནང་ནས་ཟླ་བ་སྒྲོལ་མ་ལགས་ལ་ཟླ་བ་བཞི་བའི་ལས་མི་རྩེ་ཕུད་(employee of the month of April 2012) དང་དེའི་མ་ཟད་ཕྱི་ལོ་ ༢༠༡༢ ལོའི་ལས་མི་རྩེ་ཕུད་(employee of the year 2012) ཀྱི་གཟེངས་རྟགས་དང་ལེགས་བསྐྱེད་ཨ་སྒོར་ ༡༠༠༠། ཆིག་སྟོང་ཐམས་པ་བཅས་གནང་གསོན་བྱུང་འདུག་པའི་གནས་ཚུལ་ཞུ། །

གན་གཏོང་བ་ངག་དབང་།

གསར་འགྱུར།

Post navigation

Previous Post: དམ་པ་སངས་རྒྱས་ཀྱི་ཞལ་གདམས།
Next Post: བུ་མོ་ཞིག་ལ།

Comments (19) on “ཨ་ཅག་ཟླ་བ་སྒྲོན་མར་ཨ་སྒོར་ཆིག་སྟོང་ཐོབ་འདུག”

  1. ལེགས་བཤད། says:
    2013-01-17 at 9:23 pm

    དགའ་བསུ་ཞུ། ཡ་རབས་ཀུན་སྤྱོད་ཀུན་སློང་བཟང་པོ་ལས་བྱུང་ཞེས་སྟོན་པས་གསུངས།

  2. གནམ says:
    2013-01-17 at 9:24 pm

    ཞབས་རྗེས་དང་མིག་དཔེ་ཡག་པོ་རེད། སྤྱིར་བོད་པ་ཚང་མས་ལས་ཀ་ཡག་པོ་ལས་འི་ཡོད་པའི་སྐད་ཆ་ཞིག་གང་ས་གང་ན་འདུག། དེ་མི་སྒོར་མོ་དང་སྙིང་རྗེ་གཉིས་ལ་མཉམ་དུ་ཆགས་པའི་བོད་པ་ཚང་གི་ཡོན་ཏན་རེད། བཀྲ་ཤིས་བདེ་ལེགས་ཡོད།

  3. ས་འཛིན་དཀར་པོ། says:
    2013-01-17 at 10:41 pm

    ཨ་ཅེ་ཁྱོད་ལ་གུས་བསྟོད་ཞུ།

  4. འཇམ་གཅེས says:
    2013-01-17 at 10:50 pm

    ངོ་མ་ཡག་པོ་རེད་་་རང་བདེ་གཞན་སྐྱིད་ཟེར་བ་རེད་་་་ཁྱེད་ལག་ཐོབ་པས་བྱ་དགའ་དེ་བོད་མི་རིགས་དང་ཡང་ན་བོད་མི་མང་ལ་ཐོབ་པ་ངོས་འཛིན་ཆོག་་་་་་་་་་་་་དེ་ནས་ང་ལ་ཨ་སྒོར་༥༠༠ཙམ་གནང་རོགས་་ཧ་ཧ་ཧ་ཧཧ

  5. ཀརྡོ་གཉེར་ཕྱག་པ་ says:
    2013-01-17 at 11:05 pm

    རང་སྐྱིད་གཞན་སྨོན་ཟེར་བ་འདི་ལ་ཟེར།

  6. ཉི་ཟླའི་ཟུང་ཁྲག says:
    2013-01-17 at 11:17 pm

    དངོས་ནས་དགའ་འོས་པ་ཞིག་རེད།

  7. བོད་ལ་ says:
    2013-01-17 at 11:36 pm

    བོད་པའི་གཟི་ལྗིད

  8. རྒྱ་གར་རྨ་བྱ། says:
    2013-01-18 at 12:24 am

    མིག་ལྟ་ཡར་འདྲེན་གྱི་བྱ་འགུལ་བཟང་པོར་བསྔགས་བརྗོད་ཡོད་དོ།།

    འདི་ནི་ང་ཚོ་བོད་མིའི་ལ་རྒྱ་དང་མ་འོངས་བོད་པའི་ལས་སྒོ་ཆེན་པོ་ཞིག་ཕྱེ་པ་རེད་དོ།།

    བཀྲིས་བདེ་ལེགས་ཨ་ཅག་ཟླ་སྒྲོན་ལགས།

  9. གསལ་འབར says:
    2013-01-18 at 2:59 am

    ཨ་ཅག་ཟླ་སྒྲོན་ལགས་ཁྱེད་ཀྱིས་ཕྱི་རྒྱལ་བ་ཚོ་ལ་རོགས་པ་ཡིད་ཚིམས་པོའི་ཞིག་གནང་གི་ཡོང་ཚོད་རེད།དེ་ནས་མགྲོན་བདག་ལ་མཉེས་པོ་མགྲོན་ཁང་དུ་ཞུགས་འདོད་ཆེན་པོ་བྱེད་ཀྱི་ཡོད་པ་ནི་འཇིག་རྟེན་ཀུན་གྱི་སྤྱིི་ལུགས་ཤིག་ལོས་ཡིན་དེར་རྟེན་ཕྱི་གླིང་བ་རྣམས་བདེ་དྲོད་ཀ་་ཀྱིས་ཚོར་སྣང་དེ་ཙམ་སྦྱིན་གཏང་ན་དེ་ལ་དགའ་སྤོ་མེད་པ་ཞིག་སུ་ཡོད་ཡ།

  10. འབྲོག་ཕྲུག says:
    2013-01-18 at 4:03 am

    ཨ་ཅག་ཟླ་སྒྲོན་ལགས། གུས་བསུ་དང་སྣེ་ལེན་ལོས་དགོས། ཁྱོད་རང་གི་ལསའགན་རེད། ད་དུང་བཟི་བོ་འགའ་ཞིག་གིས་ལག་བྲང་ལ་བསྙོབ་པ་དང་། པུས་མོ་འོག་ཏུ་བསྣར་སྲིད་པས་སྐེ་བཅད་སོང་ནའང་ཁས་ལེན་མི་དགོས་ཨ། བོད་པའི་བུ་མོ། བོ་རྒོད་མ། ཨ་སྒོར་ཆིག་སྟོང་ཅི་གང་མ་རེད། གཟུགས་པོ་བདག་པོ་རྒྱག་དགོས་ཨ། ས་དེ་ཚོ་བོང་སྒུར་མང་ས་རེད། རྒྱལ་བ་རིན་པོ་ཆེའི་བཀའ་སློབ་སྙིང་བཅངས་ཀྱིས་མིག་དཔེ་བཟང་པོར་བསྟན་པ་ལེགས།

  11. སྤོབས་པ་མཐའ་ཡས། says:
    2013-01-18 at 4:23 am

    དེ་མི་ཡག་རྒྱུ་མི་འདུག མ་གཞི་བོད་མིས་འདི་འདྲ་བ་དང་འདི་ལས་དྲག་རེ་འཇོན་གི་ཡོད་རེད། ཡིན་ན་ཡང་ང་ཚོར་རང་ལ་དབང་བའི་ཡུལ་ལུང་ཅིག་མེད་སྟབས་ནམ་ཡིན་ཡང་མིས་ཅིག་ཨེ་སྤྲད་ལ་རེ་བ་རྒྱག་དགོས་དུས་ཁག་པོ་ཡོད་རེད། དཔེར་ན།་ངས་ཉེ་ཆར་རྒྱ་གར་ནང་དུ་བོད་མི་དམག་ཁོངས་སུ་ཞུགས་མཁན་སྐོར་ལ་རྒྱུས་ལོན་ཅུང་ཟད་རེ་བྱས་པ་ཡིན། ཁོང་ཚོས་རྒྱ་གར་བའི་དམག་ཁྲོད་དུ་བྱས་རྗེས་མང་པོ་བཞག་འདུག ཡིན་ན་ཡང་རྒྱ་གར་དམག་དཔུང་གིས་བོད་དམག་ཚོར་བྱས་རྗེས་དེ་དང་འཚམས་པའི་གཟེངས་བསྟོད་ཚད་ལྡན་བྱེད་ཀྱིན་མི་འདུག བོད་ནང་ལ་ཡང་དེ་མཚུངས་རེད། བོད་མི་སློབ་མ་ཚོར་གཟེངས་བསྟོད་ཡག་པོ་རག་གི་འདུག ལས་བྱེད་ཚོ་ཡང་དེ་མཚུངས་རེད།

  12. ལུང་རྟོགས། says:
    2013-01-18 at 5:51 am

    བཟང་སྤྱོད་ཀྱི་རིན་ཐང་རེད། ཧ་ཅང་ལེགས།

  13. ལུང་རྟོགས། says:
    2013-01-18 at 5:53 am

    བཟང་སྤྱོད་ཀྱི་རིན་ཐང་རེད། མི་སུ་ཡིན་ཡང་བཟང་སྤྱོད་ཅེས་པ་དེ་མ་བརྗེད་པ་བྱེད་རྒྱུ་གལ་ཆེ། བཀྲ་ཤིས་བདེ་ལེགས།

  14. རེབ་སྐྱིད་མཚོ says:
    2013-01-18 at 8:57 am

    གང་ལ་གོམས་ན་དེ་ལ་གཅེས་ཞེས་པ་ལྟར་ང་ཚོ་བོད་པ་ཚོ་གཞན་ངོར་བསྲུང་རྒྱུ་དེ་ཧ་ཅང་གོམས་
    ཆེ་བས་ཡིན་རྒྱུ་རེད། ངས་རང་ཤ་གཏུབ་ནས་ཁྱི་ངོས་གཡུག་པ་ཅིག་གཏན་ནས་མིན། བྱིས་ཀྱི་བོད་
    པ་ང་ཚོས་གཞན་ལ་བསླབ་བྱ་གནང་ན་རེད། རང་གི་འདོད་དོན་གང་ཡིན་ཀྱང་མི་གཞན་ཁོ་ནར་
    ལྟོས་ཐུབ་མིན་ལ་རྟེན་ནས་གྱོང་དང་ཁེ་བཟང་སོགས་ཡོང་རྒྱུར་སྒུག་སྡད་པ་ལྟ་བུར་ཐོས་གྲངས་
    ཤིན་ཏུ་མང་པོ་བྱུང་སོང་བས།དེར་རྟེན་སྐད་ཆ་འདི་དེ་རིང་བཤད་བཏང་པ་རེད། ཨ་སི་ང་ཚོའི་
    ཁོར་ཡུག་ལ་ཡང་གད་སྙིགས་གཡུག་མཁན་རྒྱ་གར་རྒས་པོ་ཞིག་ཡོད། ནམ་རྒྱུན་ཁོང་ལ་མི་དགའ་
    མཁན་གཅིག་ཀྱང་མེད་པས་མ་ཚད་ཁོར་ར་ཁོར་ཡུག་ཚང་མ་གཙང་མ་གཙང་རྐྱང་བཟོས་ཤག་
    གི་འདུག་ལ། ད་དུང་ཁོས་ཕོ་གསར་འཁྲེབ་ཏོ་འགའ་ལ་ཡང་འདོད་མོས་ལྟར་ཐ་མག་དང་ཨ་
    རག་སོགས་རོགས་པ་ཕོངས་སེམས་མེད་པར་གང་ཐུབ་ཐུབ་གནང་གི་རེད། བྱས་ཙང་ཁོང་ལ་
    ཡང་བྱ་དགའ་ཞིག་གནང་རོགས་ཞུ་གི་ཡིན་ད།

  15. གྲོ་གསར says:
    2013-01-18 at 9:54 am

    བོད་པའི་ཡ་རབས་ཀུན་སྤྱོད་མུ་མཐུད་རྒྱུད་འཛིན་བྱས་ན་ལེགས།

  16. སྐྱུ་རྩི་ནས། says:
    2013-01-18 at 3:28 pm

    དེ་འདྲ་བྱས་ན་གླ་འཕར་གྱི་རེད།

  17. tama says:
    2013-01-18 at 5:39 pm

    ཨ་ཅག་ཚ་པོ་གཅིག་འདུག ངར་མ་ཡིན་ས་རེད། ཞིམ་མདོག་ཁ་པོ་འདུག

  18. དགའ་སྐྱིད་ says:
    2013-01-18 at 5:51 pm

    ཨ་ལྕག་ཟླ་བ་སྒྲོལ་མ་ཨ་སྒོར་ཆིག་སྟོང་རག་པ་ཡག་པོ་རེད་མོ་རང་གི་ལས་ཀ་ཡག་པོ་བྱེད་ཙང་རག་རེད་མ་ཟད་མ་འོངས་པར་བོད་པའི་བུ་མོ་གཞན་ལ་ཡང་ལས་ཀ་རག་སྲིད་ ཡིན་ཀྱང་བོད་སྤྱི་པའི་ལས་དོན་གང་ཡང་མ་རེད་ལ་ངོ་སོ་དང་ཧང་སང་དོགས་མ་བྱེད་ན་ལེགས་ཨ་རི་ནང་དུས་ཚོད་ཚང་མ་དངུལ་ཡིན་ཙང་བོད་སྤྱིའི་ཙ་དོན་སམས་ནས་ཕྱག་ལས་གནང་ན་ཧང་སང་དགོས་བོད་རིགས་སྤུན་ཟླ་ཚོ། མགྲོན་ཁང་དང་྄ཕྲུ་གུ་བསྟས་ནས་དངུལ་མང་པོ་བཟོས་ཙང་། དེང་མི་ཚང་མ་ཨ་རི་ཚང་ཁ་ཤིག་ཤིག་རེད་།།། ཧག ཧག ཧག ཧག ཧག།

  19. བཀྲ་ཤིས་ says:
    2013-01-18 at 11:41 pm

    སྒེར་དོན་ཡག་པོ་རེད་

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (16)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme