Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཨ་ཅག་ཚོ། གཅན་ཡུ་མོ།

Posted on 2013-01-042013-01-04 By ཁ་བརྡ་ 7 Comments on ཨ་ཅག་ཚོ། གཅན་ཡུ་མོ།

________རང་ཉིད་ཀྱི་ཉེ་འགྲམ་གྱི་ནེ་ཙོ་ཁ་ཤས་ལ་ཕུལ།

ཨ་ཅག་ཚོ ང་ཚོའི་ངོ་གདོང་ལ་འཛུམ་མདངས་རྒོད་བཞིན་མིག་ཀོང་ན་ཕྲག་དོག་གིས་འཚོ་འདུག་ཟེར
ལས་དབང་ཞིག་གིས་ང་ཚོ་ལ་འདི་འདྲའི་ཁྱད་པར་ཤོར་བ་ཡིན་ཡང་
རང་ཉིད་རང་གིས་མ་གཅུན་ན་གཞན་གྱིས་དོང་ལ་གཡུག་སྲིད་པས
གང་ལྟར་ཡང  བློ་ཕམ་སྐྱེས་དགོས་དོན་ཅི་ཡང་མེད
དེ་བས  ཁྱེད་ཀྱིས་དེ་ལྟར་ཤོད་དང་  ང་ཚོ་འདི་ལྟར་འགྲོ
ཨ་ཅག་ཚོ  ཁྱོད་བྱེའུ་ནང་བཞིན་དགུང་མཐོ་སར་འཕུར་མི་ཐུབ་མོད
གླག་རྒོད་ཇི་བཞིན་གཞན་ལ་གཤོག་བརྡར་རེ་བྱས་བས་ཆོག
རབ་རིབ་ཀྱི་ཀློང་ནས་ཅི་ཡིན་མེད་པར་འཚོ་དུས
སེམས་པ་གཅེར་བུ་བ་ཞིག་གིས་གང་ས་ནས་ཁྱོད་ལ་སྒུག་འདུག
དེ་བས  ཁྱེད་ཀྱིས་ཇི་ལྟར་སྒུག་ན  ང་ཚོ་དེ་ལྟར་རྒྱང་རིང་དུ་བསྐྱོད་ཆོག
ཨ་ཅག་ཚོ  མནར་གཅོད་ཀྱིས་མུན་པ་རྩུབ་པོས
རྣམ་ཤེས་མང་པོར་སྒུལ་ཤུགས་ཉམས་འདུག་ཟེར་ཡང་
ང་ཚོས་ཇི་དགར་སྤྱོད་ཆོག་པའི་མལ་ས་རུ
ཚེ་སྲོག་ལ་ཡིད་ཚིམ་པའི་དབེན་གནས་ཤིག་མི་འདུག་པ་གོ་དུས
སེམས་ངལ་གྱི་ཕྲག་གོང་ན་ད་དུང་རྫུན་གཏམ་མང་པོ་ཞིག་ལྷག་འདུག་ཟེར
དེ་བས  ཁྱེད་ཀྱིས་རྫུན་གཏམ་དེའི་མཇུག་སྐྱོང་དང་  ང་ཚོས་ཞིབ་ཏུ་ཉན་ཆོག
ཨ་ཅག་ཚོ  ང་ཚོས་ཞོགས་པ་ནས་ས་སྲོད་བར
གནས་ལུགས་ཡོད་པའི་སྐད་ཆ་བཤད་ཀྱིན
འབྲས་བུ་ཡོད་པའི་ལས་སྣེ་ཞིག་ལ་འཇུས་ཡོད་ནའང་
ཕ་རོལ་བའི་སེམས་པ་གཉིད་འདུག་ཟེར
ཚེ་སྲོག་ལ་ཁྱད་པར་མེད་ཀྱང་དུས་སྐབས་འདིའི་མཐོང་སྣང་དུ
འུ་ཅག་འོད་ལམ་ལམ་གྱི་མཆོད་མེ་ཞིག་ཡིན་པ་ཚོར་མཁན་མེད་ལ
དྲོད་ལྷང་ལྷང་གི་མེ་ཕུང་དེ་ཡིན་པ་དེ་བས་ཀྱང་ཤེས་མཁན་མེད
དེ་བས  དུས་རབས་འདིའི་བར་མདོ་ན
ང་ཚོ་རང་ཉིད་ཀྱི་ཆེད་དུ་འཚོ་བའི་སྦྲང་མ་ཞིག་ལའང་མི་དོ་བས
ཁྱེད་ཀྱིས་རྨི་ལམ་ཅི་ལྟར་རྨིས་ན  ང་ཚོས་གཉིད་གཏམ་དེ་ལྟར་བཤད་ཆོག

2013།01།02

སྙན་ངག

Post navigation

Previous Post: བྱང་ཕྱོགས་ཇམ་མུ་མངའ་སྡེ་ནང་ཞུ་གཏུགས་ལས་འགུལ།
Next Post: རང་སྲེག་སྐོར་ལ་རྒྱ་གཞུང་གི་ཡིག་ཆ་ཤོག་ངོས་༡༢ཅན་ཞིག་རེབ་གོང་གི་ས་ཁུལ་གང་སར་བཀྲམས་ཡོད་པ།

Comments (7) on “ཨ་ཅག་ཚོ། གཅན་ཡུ་མོ།”

  1. ཨ་རིག་དགེ་མཐོང་གིས། says:
    2013-01-04 at 8:10 am

    གཅན་ཡུ་མོའི་ཡོད་ཚད་མཐོང་བྱུང་།

  2. གཅན་ཕུག་རོན། says:
    2013-01-04 at 9:07 am

    གཅན་ཡུ་མོས་ཚོར་བ་ཡོད་པའི་སྙན་ངག་ཅིག་བྲིས་འདུག མུ་མཐུད་ནས་ཡིན་དཱ།

  3. གངས་མི says:
    2013-01-04 at 9:27 am

    གཅན་ཡུ་མོས་རང་གཏམ་གཞན་ལ་ཤོར་བ་མ་རེད་དམ

  4. རུ་ཤུལ་བུ་ says:
    2013-01-04 at 10:51 am

    ཡུ་མོ་སེམས་མ་སྡུག བློ་མ་ཕམ། གཞན་གྱིས་ཅི་བཤད་ལ་ཉན་མི་དགོས། ཁོང་ཚོའི་ཅི་བཤད་ལ་བདག་རྒྱག་མི་དགོས། སེམས་ཅན་གྱི་ཁ་སངས་རྒྱས་ཀྱིས་མི་ཆོད།

  5. གནམ་མཚོ་། says:
    2013-01-04 at 11:06 pm

    གཅན་གཡུ་མོ་འམ་དྲུག་དཀར་མཚོ་ལགས།
    མི་གཞན་ཡིན་ཡང་ཆོག་ད་དུག་ཉེ་འཁོར་ཀྱི་ནེ་ཙོ་ཡིན་ཡང་ཆོག
    དེ་ལ་ཡ་ལན་སྤྲོད་དགོས་པའི་རྒྱུ་མཚན་དང་ངོ་གདོང་ལ་བསྟན་དགོས་པའི་འཛུམ་གདངས་དེ་བས་བསྟན་དགོས་དོན་མེད།
    ཨ་ཅག་དེ་འདྲའི་རིགས་ལ་རྒྱང་རིང་ཙམ་བསྡད་ན་རང་སེམས་སྐྱིད་
    དཔེར་ན།་་་་་་་་་་་་་སྐྱག་པ་ལ་ལག་པ་འཆང་ན་རང་ཉིད་ལ་སྐྱག་དྲི་བྲོ།
    ཁག་མེད་ང་ཚོའི་ཉེ་འཁོར་ན་བུད་མེད་དེ་འདྲའི་རིགས་ཧ་ཅང་མང།
    མཚམས་མཚམས་ལ་ང་ཡི་ནང་ལ་ཕེབས་ཞོག།

  6. ཁྲི་རལ་པ། says:
    2013-01-06 at 12:12 am

    གཅན་ཡུ་མོ་ལགས་ཀྱི་རྩོམ་འདི་ངོ་མ་སྙན་པོ་འདུག ད་ཆ་བཙན་བྱོལ་ནང་བུད་མེད་རྩོམ་པ་མོ་གསར་སྐྱེས་ཅིག་ལ་ཕལ་ཆེར་གཅན་ཡུ་མོ་ལས་ལྷག་པ་ཅིག་ངོ་མ་རྙེད་དཀའ་ཚོད་གདའ།ཡུ་མོ་ལགས་ནས་མུ་མཐུད་སྙན་རྩོམ་འབྲི་མཚམས་མི་འཇོག་རྒྱུ་གལ་ཆེན་རེད།

  7. གྲོང་གསེབ་བུ says:
    2013-01-06 at 10:15 am

    ལྟ་བཞིན་ཡོད་ད

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme