Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཨ་ཁུས་ཁྱེད་གཉིས་ལ་དགོངས་དག་ཞུ།

Posted on 2013-06-222013-06-22 By ཁ་བརྡ་ 6 Comments on ཨ་ཁུས་ཁྱེད་གཉིས་ལ་དགོངས་དག་ཞུ།

འབའ་སྲས།

སོང་ན་ལམ་ཁ་མི་བདེ་ཀྱག་ཀྱོག་གི་འཇིག་རྟེན།།
དྲིས་ན་དྲང་བོར་མི་བརྗོད་རྫུན་གཏམ་གྱི་མི་ཡུལ།།
ཆུང་བ་ཆུང་སར་མི་འཇོག་ཁྲེལ་མེད་ཀྱི་དུས་རབས།།
འདི་འདྲ་ཞིག་ནས་ཁྱེད་གཉིས་སྐྱེས་པ་དེ་ནོར་སོང་།།

འཁྱུད་འདོད་ལག་པའི་སེན་མོ་ཚེར་མ་ལྟར་སྐྱེས་མེད།།
མཆུ་སྦྱོར་ཁ་སྒོ་འཛུམ་པ་མེ་ཏོག་བཞིན་གད་མེད།།
འོ་བྱེད་ཆགས་སྤྱོད་བ་སྤུ་ར་རྩི་ལྟར་གཟིངས་མེད།།
མ་ཉེས་ཁ་གཡོག་འདྲ་པར་སུ་ཞིག་གིས་བླངས་སོང་།།

ཕན་ཚུན་འཁྱུད་ན་བདེ་བའི་ཚོར་བ་དེ་མི་ཤེས།།
ཁ་དང་ཁ་གཉིས་སྦྱར་བའི་བྲོ་བ་དེ་མི་རྙེད།།
མ་གཞི་མཇེ་དང་གཉའ་མའི་དོན་དག་ཀྱང་མི་གོ།
ཁྱེད་གཉིས་འོ་བྱོས་ཟེར་མཁན་གཏེ་རྒན་དེ་སུ་རེད།།

ཆུང་ཆུང་ལུས་ལ་བོད་ལྭ་དམར་དམར་ཞིག་གཡོགས་ཏེ།།
ལག་པའི་མཐིལ་ཆུང་ཕན་ཚུན་བྲང་ཁ་ལ་སྦྱར་ནས།།
དམ་པོས་འོ་ཞིག་བྱོས་དང་ཀ་ར་ཡི་བརྔན་པ།།
སྟེར་ཞེས་ལྟད་མོར་ལྟ་མཁན་འདྲེ་ནག་དེ་སུ་རེད།།

བྱིས་པ་བསམ་མེད་ཡིན་ཡང་དྭངས་གཙང་གི་སེམས་པ།།
ཨ་མའི་ནུ་ཞོ་འཇིབ་ལས་དྲན་རེག་གིས་རྣོག་མེད།།
འོན་ཀྱང་ཁྱོད་གཉིས་འདི་ལྟར་འཁྱུད་དོ་ཞེས་བཤད་དེ།།
བྱིས་པའི་སེམས་ཁམས་བཅོམ་པའི་ལག་དམར་དེ་སུ་རེད།།

བྱིས་པ་ཆུང་ཆུང་མེ་ཏོག་ཆུང་ཆུང་གི་འདབ་མ།།
ཉི་ཟེར་རྡུལ་ཕྲེང་ཟེགས་པའི་རྩེད་དགའ་ལ་བསྟིམས་ཀྱང་།།
རོ་ནག་འབུད་རྒྱུ་སྲིན་པོ་སྒྲ་སྒྲོགས་ཀྱི་སྐྱག་གྲོགས།།
མགོ་དགུ་དག་གིས་བྱིས་པའི་ལང་ཚོ་དེ་བཅོམ་སོང་།།

ད་ནི་གཅེས་ཕྲུག་གཉིས་ཀྱིས་མིག་ཆུ་དེ་མ་ཕོད།།
ཀ་ཁ་ག་ང་སྦྱོང་ཕྱིར་སློབ་གྲྭ་རུ་ཆས་དང་།།
འདྲེ་ལག་པར་ལེན་དྲ་ལམ་རྒྱུད་འགོད་ཀྱི་ལག་དམར།།
དེ་ཚོའི་ཚབ་ཏུ་ཨ་ཁུས་དགོངས་དག་ཅིག་ཞུ་ཆོག །

༡༨/༠༦/༡༣

སྙན་ངག

Post navigation

Previous Post: ང་དང་ཨ་ཅེ།
Next Post: ༼བཙན་པོའི་སྙིང་སྟོབས་༽ལས། བོད་ཀྱི་རྩོམ་རིག་དང་པེ་ཅིན་སྲིད་གཞུང་།

Comments (6) on “ཨ་ཁུས་ཁྱེད་གཉིས་ལ་དགོངས་དག་ཞུ།”

  1. མེ་ཏོག་དཀར་པོ says:
    2013-06-22 at 1:45 am

    ཅི་རེད། ཅི་བྱུང་།

  2. གཞོན་ནུ་ཟླ་མེད། says:
    2013-06-22 at 7:44 am

    ཡག་པོ་བྲིས་འདུག རྗེས་སུ་ཡི་རངས་ཞུ།

  3. གཡག says:
    2013-06-22 at 8:52 am

    འབའ་སྲས་འབའ་འབའ་ལུག་གི་འབའ་སྐད་དང་མཚུངས་པའི།།
    མ་སྐད་རློན་པའི་ལམ་ནས་སྙན་ཚིག་གི་སྡེབ་སྦྱོར།།
    རིགས་ཞེན་དུངས་པ་ཟབ་མོའི་ཟུངས་ཁྲག་དང་འདྲེས་ནས།།
    རིགས་མཐུན་སྤུན་ཟླའི་ཚོགས་ལ་སྤྲིངས་པ་དེ་ཡི་རངས།།

  4. འདྲེ་རྐང་ཐོ། says:
    2013-06-22 at 10:24 am

    ཆུང་ཡང་འོ་བྱས་མི་ཆོག་སུ་དང་གང་གི་ལུགས་རེད། །
    ཆུང་ཡང་འདོད་ཆགས་མེད་པ་སུ་ཞིག་གིས་གླེང་ཐུབ། །
    ཆུང་ཡང་མཇེ་སྟུ་ལངས་རྒྱུ་མེད་པ་གང་ན་སྐྱེས་འདུག །
    ཆུང་ཡང་ཆུང་བའི་ཚོད་ཀྱི་འདོད་ཆགས་དེ་ནི་ལོས་ཡོད། །

  5. བན་དེ་བ། says:
    2013-06-22 at 1:32 pm

    ཨ་ཁུ་ནི་ཨ་མདོའི་སྐད་དུ་གྲ་བ་ལ་ཟེར། དེས་ན་ཨ་ཁུས་ཕྲུག་གུ་དེ་གཉིས་ས་འོག་གི་དར་ཐག་གི་བརྒྱུད་ནས་ཟོས་པར་ཕ་རྒན་ཅེས་བཤད་ན་མི་འགྲིག ད་ཨ་ཁུས་ཁྱེད་གཉིས་ལ་དགོངས་དག་མ་ཞུས་རང་ཞུས་རང་རེད། ནང་དོན་གོ་རྒྱུ་དེ་ཡིན་པ་འདྲ།

  6. ཏི་སི། says:
    2013-06-22 at 2:32 pm

    འདི་གཉིས་འཇིག་རྟེན་བྱིས་པ་ཡིན་ཀྱང་བྱིས་ཕྲུག་མིན།།
    འདི་གཉིས་མིའུ་ཆུང་ཡིན་ཀྱང་ལོ་གཞོན་ཡིན།།
    དགུ་གཉིས་རྩལ་རྫོགས་ཟིན་ཏེ་ཁྲིམས་མཐུན་ལྡན།།
    ཨ་ཁུ་ཀླུ་སྨྱོན་ཞེ་ཁྲེལ་མ་རན་དལ་བོ་རེམ།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme