Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཨ་ཁུ་སྒོ་ཤེར་དང་། ཁོང་གི་བློ་གྲོས་ཀྱི་གྲིབ་གཟུགས།   ་

Posted on 2018-08-272018-08-27 By ཁ་བརྡ No Comments on ཨ་ཁུ་སྒོ་ཤེར་དང་། ཁོང་གི་བློ་གྲོས་ཀྱི་གྲིབ་གཟུགས།   ་

ཨ་འདུས་སྐལ་བཟང་རྒྱ་མཚོས།
 
—སྒོ་ཤེར་གྱི་བརྩམས་ཆོས་ཐོག་མ་ << ང་ཚོ་སད་རན >> མཇལ་བའི་སྔ་རྗེས་ཀྱི་འཆར་ཡན།

རྒྱ་གར་གྱི་ཡུལ་དབུས་དག་ན། ཚ་དྲོད་ཀྱིས་མི་ཚོགས་བསྣད་ཀྱིན་པའི་དུས་དེར་ཡང་། བསིལ་འཇམ་གྱི་རླུང་བུ་ངང་གིས་རྒྱུ་ཞིང་། ལྷིང་ལྷིང་དུ་གྱེར་བཞིན་པའི་གཙང་པོའི་གླུ་སྐད་ཉིན་མཚན་གཉིས་ཀར་ཉན་ཐུབ་པའི་དུས་དེར། ང་རྒྱ་གར་བྱང་ཕྱོགས་ཧི་མ་ཅལ་མངའ་སྡེའི་ཀུ་ལི་མཱ་ན་ལིར་ཡོད། ཉིན་དེར་སཱ་ར་མཐོ་སློབ་ཏུ་སློབ་གཉེར་བྱེད་བཞིན་པའི་ངའི་ཆུང་གྲོགས་ཨ་འདུས་མིག་ཆུས་ཁ་པར་སླེབས་བྱུང་། ཁོང་གིས་དེ་རིང་ཁོ་བོར་དེབ་གསར་པ་ཞིག་ཀློག་རྒྱུ་ཡོད་པས། ཁ་ཁུ་སིམ་པའི་རྡ་སའི་རི་སྒང་ཞིག་ཏུ་གཅིག་པུར་དཔེ་ཀློག་བྱས་ཏེ་བསྡད་ཡོད་ཟེར། འོན་ཀྱང་སཱ་ར་མཐོ་སློབ་ཏུ་དེབ་དེ་འགའ་ཞིག་ལས་འབྱོར་མེད་ཅིང་། དོ་སྣང་ཅན་གྱི་སློབ་གཉེར་བ་མང་པོ་ཞིག་གིས་དཔེ་དེབ་དེ་ཉིད་བསྐྱར་དཔར་ཡང་དཔར་བྱས་ཏེ་ཀློག་གིན་འདུག་ཅེས་བཤད་བྱུང་། ལྷག་པར་དུ་དེབ་དེའི་ཚིག་བརྗོད་སྤེལ་སྟངས་དང་སྐབས་ཀྱི་བསྒྲུབ་བྱར་བཀོད་པའི་གཏན་ཚིགས་ཀྱང་ཤིན་ཏུ་རྣོ་བས་ཁོ་བོའི་ད་བར་དེ་འདྲའི་དཔེ་དེབ་བྲོ་བ་ཅན་ཞིག་མཐོང་མ་མྱོང་ཚུལ་དང་། དཔེ་དེབ་དེའི་བསམ་བློའི་གཞུང་ཤིང་། དགག་སྒྲུབ་ཀྱི་ལྟ་བའི་ལང་ཕྱོགས་ཀྱིས་ཁོ་བོའི་ཡིད་དབང་འཕྲོག་ཚུལ་སོགས་ཁ་བརྡ་མང་པོ་ཞིག་བྱས་བྱུང་། ངས་དེབ་དེ་སུས་བརྩམས་པ་རེད་ཅེས་དྲིས་པ་ན། ཁོས་སྒོ་ཤེས་རབ་རྒྱ་མཚོ་ཟེར་བ་དེས་བརྩམས་པ་རེད་ལ། ཁོང་ནི་ཨ་མདོ་རྔ་བ་ཀིརྟི་དགོན་གྱི་གྲྭ་བ་ཞིག་ཡིན་སྐད་འདུག་ཚུལ་སོགས་རྩོམ་པ་པོ་དང་འབྲེལ་ཡོད་ཀྱི་སྐད་ཆ་འགའ་རེ་ཡང་གླེང་བྱུང་། སྒོ་ཤེས་རབ་རྒྱ་མཚོ་ཞེས་བརྗོད་པ་གོ་དུས་ངའི་སེམས་པར་ལོ་བཅུའི་སྔོན་དུ་རང་ཉིད་རྔ་བ་ཀིརྟིའི་སློབ་ཆུང་དུ་ཡོད་སྐབས་ཀྱི་རིག་གནས་འཚོ་བར་ཕྱིར་དྲན་ཞིག་མི་ཕྱེད་ཀ་མེད་བྱུང་། དེ་དུས་ང་ཚོ་ལོ་ན་ཆུང་བས་སྒོ་ཤེར་ལ་དམིགས་བསལ་གྱི་འབྲེལ་འདྲིས་གང་ཡང་མེད་ནའང་། ཁོང་དང་ང་ཚོའི་གྲྭ་ཤག་ཅུང་ཐག་ཉེར་ཡོད་པས། ང་ཆུང་དུས་ནས་སྒོ་ཤེར་གྱི་སྐོར་མང་པོ་ཞིག་གོ་མྱོང་ཡོད། མ་ཟད་ཁོང་དང་ངའི་ཨ་ཞིང་འདས་པོ་གཉིས་རྒྱ་གར་ནས་མཉམ་འགྲོགས་བྱས་པའི་འདྲ་དཔར་འགའ་རེ་ཡང་མཐོང་མྱོང་ཡོད་པས། ཕན་ཚུན་སྐད་ཆའི་འབྲེལ་བ་གང་ཡང་མེད་ནའང་། ཁོར་ཡུག་གིས་དབང་གིས་སྒོ་ཤེར་ནི་རང་དང་སེམས་ཐག་ཉེ་བའི་མི་ཞིག་ཡིན་པའི་ཚོར་སྣང་བྱུང་། སྒོ་ཤེར་ཁོང་ཆུང་དུས་ནས་ཐུན་མིན་གྱི་རྣམ་དཔྱོད་ཅན་ཞིག་ཡིན་པ་ངས་ཀིརྟི་དགོན་གྱི་སློབ་གཉེར་བ་རྒན་གྲས་ཚོའི་གླེང་མོལ་ཁྲོད་ནས་ཡང་ཡང་ཐོས་མྱོང་སྟེ། དེ་དུས་ང་ལོ་བཅུ་གྲངས་ལས་མིན་ནའང་། ང་ཚོོའི་སློབ་གྲྭས་རྩོམ་རིག་དུས་དེབ་ཅིག་བཏོན་པ་དེ་དང་། དེའི་རྗེས་སུ་ཀིརྟི་དགོན་པའི་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་མོ་ཨ་ཁུ་བློ་བསྟན་ཚང་སྐུ་ཞི་བར་གཤེགས་པར་རྗེས་དྲན་གྱི་དུས་དེབ་ཅིག་བཏོན་པ་གཉིས་ལ་དོ་དབྱིངས་ཅུང་ཟད་རེ་བྱས་ཡོད་པ་འདྲ། སྐབས་དེའི་ངའི་ཕ་ཡུལ་ཨ་མདོ་རྔ་བ་ལ་མཚོན་ནས་བཤད་ན། དུས་དེབ་དེ་གཉིས་ནི། བོད་ཀྱི་རྩོམ་རིག་རིག་གནས་ཀྱི་གར་སྟེགས་ཤིག་ཨ་མདོ་རྔ་བའི་སྤྱི་ཚོགས་ཁྲོད་བསྐྲུན་པ་ཐོག་མའི་གྲས་རེད་ཅེས་བཤད་ཆོག་སྙམ། དུས་དེབ་དང་པོའི་མིང་ལ་ << ཆོས་དུང་ >> དང་། ཕྱི་མར་ << དད་པའི་མཆོད་སྤྲིན >> ཟེར། དུས་དེབ་དེ་གཉིས་ཀྱི་རྩོམ་འབྲི་བ་ཕལ་མོ་ཆེ་སློབ་གྲྭའི་དགེ་སློབ་རྣམས་ཡིན་ཞིང་། རྔ་ཡུལ་གྱི་དགོན་པ་གཞན་ནས་ཀྱང་རྩོམ་རིག་སྒྱུ་རྩལ་ལ་དོ་སྣང་ཅན་གྱི་སློབ་གཉེར་བ་འགའ་རེའི་རྩོམ་ཡིག་བཀོད་ཡོད་པ་ངས་གསལ་པོར་དྲན་གྱི་འདུག ཕྱི་མ་དེའི་ནང་དུ་ངས་མི་ལོ་བཅུ་ཕྲག་རིང་གོ་ཐོས་མ་མྱོང་བའི་སྒོ་ཤེས་རབ་རྒྱ་མཚོ་ལགས་ཀྱིས་ << ཉི་མ་མ་ཡིན་པའི་ཉི་མ་ >> ཞེས་པའི་རྩོམ་ཡིག་ཅིག་བཀོད་ཡོད་པ་དེར་ང་དང་དགེ་རྒན་གཅིག་པའི་གྲྭ་རྒན་པ་ཚོས་བསྟོད་བསྔགས་ཆེན་པོ་བྱེད་ཀྱིན་འདུག མ་ཟད་སྒོ་ཤེར་ཁོང་ནི། ཆུང་དུས་ནས་ལྷན་སྐྱེས་ཀྱི་ཤེས་རབ་ཧ་ཅང་མྱུར་བས། ཉིན་ཞིག་གྲྭ་བ་རྒན་པ་འགས། ཡ་ཁ་སྣབ་ཀྱིས་ཁེངས་པའི་ཤེས་རབ་ལ། ཡ་ཁྱོད་ཀྱིས་ཨ་ཁུ་ཐབས་མཁས་ཚང་གི་མཚན་བཀྲམ་ཡོད་པའི་བསྟོད་ཚིག་ཅིག་ཕྲིས་དང་ཞེས་བསྐུལ་བ་ན། ཁོང་གིས་དེ་མ་ཐག་ས་ཐོག་ཏུ་ཤར་ཤར་འབྲི་ཐུབ་ཅིང་། གང་བྲིས་པ་རྣམས་ཀྱང་ཚིག་དོན་གང་ཐད་ནས་འབྲེལ་ཆགས་པ་སོགས་མཁས་པ་མགུ་བའི་གནས་ཏེ། གོ་སླ་ཞིང་སྙན་འཇེབས་དང་ལྡན་པ་ཞིག་རེད་ཅེས་བཤད་པ་ངས་གོ་མྱོང། ང་རྒྱ་གར་དུ་མ་སླེབས་སྔོན་ཁོང་ལ་ཆབ་སྲིད་ཀྱི་ཉེས་པ་བཀལ་ཏེ། ལོ་འགར་བཙོན་ཁང་དུ་འདུག་དགོས་བྱུང་ཡོད། ངས་གོ་ཐོས་ལ་ཁྲིམས་ཁང་ནང་གི་ཁྲིམས་རྩོད་པ་ཚོས། སྐུ་ཞབས་ཁོང་ལ་ཉེས་པ་འགེལ་སྐབས་རྒྱུ་མཚན་ཅི་ཡོད་ལ་ཁོང་གིས་མོ་ཙེ་ཏུང་གི་ལྟ་གྲུབ་གཞི་རྨང་གཞིར་བྱས་པའི་ཁྲིམས་ལུགས་རིག་པར་བསྟུན་ནས་གཏན་ཚིགས་རྣོ་ངར་ཅན་གྱི་རྩོད་ལན་སྤྲད་པས། དེར་ཡོད་ཁྲིམས་རྩོད་པ་དག་ཅི་བྱ་གཏོར་མེད་དུ་གྱུར་ཚུལ་སྐབས་དེའི་རྔ་བའི་སྤྱི་ཚོགས་ཁྲོད་ཡོངས་སུ་གྲགས་ནའང་། སྨྲ་བརྗོད་རང་དབང་གིས་སྟོང་ཞིང་སྒེར་གཅོད་རིང་ལུགས་དར་ཆེ་བའི་ཁོར་ཡུག་དོགས་མོ་དེ་འདྲ་ཞིག་ནས། ཆབ་སྲིད་བཙོན་པའི་མིང་ཅན་རྣམས་ལ་རང་དབང་ཐོག་ཁྲིམས་རྩོད་བྱ་ཆོག་པའི་སྐོར་དེར་བདེན་མིན་ཅི་ཆ་སྟེ། ཁོང་གི་འགྲན་ཟླ་བྲལ་བའི་རྣམ་དཔྱོད་ལ་ནི། སུ་ཡང་ཡ་མཚན་པའི་གནས་སུ་གྱུར་བ་བདེན་ཤས་ཆེ་ཨང་། གང་ལྟར་འདི་ནི་ལས་དབང་གིས་བཀོད་པའི་ཁོར་ཡུག་ཅིག་ནས། ངས་ཁོང་གི་སྐོར་རྣ་བར་ཐོས་ཤིང་། ཡིད་ཀྱིས་མྱོང་བའི་སྐད་ཆ་གཤའ་མ་དག་རེད། དེ་ནས་ཡུན་རིང་མ་སོང་བར་ཀིརྟིའི་བྱེས་པ་གྲྭ་ཚང་གི་གྲོགས་པོ་ཞིག་བརྒྱུད་ནས་སྒོ་ཤེར་གྱི་སྒེར་དེབ་ཐོག་མ་ << ང་ཚོ་སད་རན། >> མཇལ་ཞིང་། ཉིན་གཉིས་ཀྱི་དུས་ཚོད་སྤྱད་དེ་རགས་ཙམ་བཀླགས་རྒྱུ་བྱུང་ནའང་། དུས་ཚོད་ཀྱི་དབང་གིས་ནཱལེནྡྲའི་སྐོར་ཙམ་ལས་ནུབ་བྱང་མི་རིགས་སློབ་ཆེན་དུ་གཏམ་བཤད་བྱས་པའི་སྐོར་སོགས་མང་པོ་ཞིག་ཞིབ་ཀློག་ཐུབ་མ་སོང་། འོན་ཀྱང་དུས་ཚོད་མང་པོ་ཞིག་འདས་ཟིན་པའི་དེ་རིང་སླར་ཡང་ཁོང་གི་བརྩམས་ཆོས་དེ་སློབ་གྲོགས་རྙིང་པ་ཞིག་བརྒྱུད་ནས་སྐྱེས་སུ་ཐོབ་པས། ད་ལམ་བསྐྱར་དུ་དེབ་དེ་ཞིབ་བཀླགས་ཐེངས་ཤིག་བྱེད་རྒྱུ་བྱུང་བར་དགའ་ཚོར་ཆེན་པོ་བྱུང་། རྒྱུ་མཚན་ནི། རང་ཉིད་སྤྱིར་དཔེ་དེབ་བཀླག་རྒྱུར་དགའ་མོས་ཆེ་བ་དང་། གཉིས་ནས་གཞུང་ལུགས་ཆེན་མོར་བལྟ་བ་ལས་ཀྱང་དཔེ་དེབ་བཀླག་རྒྱུར་སྤྲོ་སྣང་ཆེ་བས་ཡིན་སྲིད། དེབ་ཆུང་དེའི་ནང་དུ་ཡིད་འཕྲོག་པའི་བསམ་བློ་གཏོང་ཕྱོགས་མང་པོ་ཡོད་ལ། ལོ་རྒྱུས་ཀྱི་རུལ་སུང་མི་ཚེའི་ཉམས་མྱོང་ལ་བཞག་སྟེ། གངས་ཅན་པའི་བདག་པོར་གྱུར་པའི་མི་རབས་གསར་པ་ཚོས་དྲི་མ་མེད་པའི་ཤེས་རབ་ཀྱིས་མིག་སྔའི་གནད་དོན་གང་ཞིག་ཐག་གཅོད་དགོས་པ་དང་། དེའི་ཐབས་ལམ་ཇི་ལྟར་འཚོལ་དགོས་པ། མདོར་ན། རང་ཉིད་ཇི་ལྟར་རྟོགས་པ་སད་དགོས་པའི་བསླབ་བྱ་དང་། དྲན་སྐུལ་གྱི་ཅོང་བརྡ་མང་པོ་ཞིག་ནི། སེམས་གཏིང་ན་དབང་མེད་དུ་ཉལ་དགོས་བྱུང་། ད་དུང་རང་བློར་དེ་ཙམ་མི་འབབ་པའི་ལྟ་ཚུལ་འགའ་རེ་ཡོད་ནའང་། དཔེ་ཀློག་གིས་རང་ཉིད་ཀྱི་ཤེས་བྱ་རྒྱ་བསྐྱེད་གཏོང་བར་འདོད་པའི་མི་ཞིག་ལ་མཚོན་ན། དེབ་དེའི་བརྗོད་གཞི་བྱིངས་རང་གི་ལྟ་ཚུལ་དང་མཐུན་མིན་ལ་མ་ལྟོས་པར་གཙོ་བོ་དེའི་རྗོད་ཚུལ་ཁྱད་པར་བ་དག་ལ་དོ་སྣང་དང་། བགྲོ་གླེང་བྱས་པའི་བརྒྱུད་རིམ་ཁྲོད་ནས། རང་གི་མི་ཚེའི་ཁྲོད་བདེན་པའི་ཆ་ཤས་གཅིག་ཇེ་མང་དུ་གཏོང་ཐབས་བྱ་རྒྱུ་དེ། ང་ཚོས་ནམ་ཡང་འདོར་མི་རུང་བའི་སེམས་བསྐྱེད་གལ་ཆེན་ཞིག་ཏུ་འདོད་ཅིང་། མཐའ་དོན་རླབས་ཆེན་གྱི་རྩོམ་པ་པོ་ཁོང་གི་ངོ་མཚར་གྱི་རྨི་ལམ་ལ་རང་དབང་གི་གཤོག་ཟུང་ཐོག་པར་ཤོག

ཨ་འདུས་སྐལ་བཟང་རྒྱ་མཚོས་མ་ན་ལིའི་རང་བྱུང་ཆུ་ཚན་འགྲམ་དུ་བྲིས་སོ།།

ལྷུག་རྩོམ།

Post navigation

Previous Post: དྲན། དྲན། དྲན་གྱི་སྙམ་ངག་ལ་ཕྲན་བཤད།
Next Post: མཚན་རླུང་ནག་པོ།       

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme