Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཨ་ཁ་ཁ་་་་་ངའི་སྡེ་བ་ཚར་ཐལ་་་་་ཚར་ཐལ་་་་་མེ་་་་་མེ་་་་་མེ་་་་།

Posted on 2012-12-11 By ཁ་བརྡ་ 4 Comments on ཨ་ཁ་ཁ་་་་་ངའི་སྡེ་བ་ཚར་ཐལ་་་་་ཚར་ཐལ་་་་་མེ་་་་་མེ་་་་་མེ་་་་།

              རྔ་བ་བརྒྱད་གསུམ་གཅིག་དྲུག་ནས།

གཉའ་ཁྲིའི་གྲོང་སྡེ་ནི་སྟོབས་འབྱོར་མངའ་ཐང་ཕུན་སུམ་ཚོགས་པ་ཞིག་ཡིན་པར་མ་ཟད་རྒྱུ་འབྲས་བློ་མིག་དང་། དཀོན་མཆོག་ལ་དད་གུས་ཆེ་བའི་གྲོང་སྡེ་ཁ་དྲོ་བཀྲ་ཤིས་ཤིག་རེད། ད་དུང་ཞི་བདེ་དང་གུ་ཡངས་ལ་དགའ་བའི་ཉིན་སྲིབ་གོང་འོག་གི་གྲོང་པ་ཁྱིམ་མཚེས་དག་ཀྱང་ཡ་རབས་སྤྱོད་བཟང་རྐྱང་རྐྱང་ཡིན་སྟབས། ཨ་མ་རྒན་མོ་ཞིག་གིས་གསེར་སླེ་བོ་གང་ཁུར་ནས་གྲོང་སྡེ་དེའི་སྟོད་སྨད་བར་གསུམ་ལ་ཉུལ་ཡང་བཅོམ་འཕྲོག་གིས་ལས་ལ་རྩོལ་བའི་མི་བུ་ཞིག་རི་བོང་གི་རྭ་བཞིན་རེད།

ཡིན་ནའང་། ཉིན་ཞིག་ལ་གློ་བུར་དུ་སྦྲང་ཚང་དུ་རྡོ་ཡིས་གཞུས་པར་ལྟར་གཉའ་ཁྲིའི་གྲོང་སྡེ་འུར་སང་ངེ་བཏང་། ཕར་བལྟས་ཚོད་ལ་གྲོང་སྡེ་དེའི་ཨ་ཕ་བསམ་དཀར་ཀྱིས་འུར་ཟིང་ལངས་སོང་སྙམ་པ་ཞིག་ཏུ་མཐོང་། གང་ལགས་ཤེ་ན། ཕྱི་ཟླ་ ༠༧ ཚེས་ ༡༥ འཛམ་གླིང་སྤྱི་བསང་གི་ཉིན་དེར། གྲོང་སྡེ་དག་གི་ན་གཞོན་ཕོ་མོ་ཚོས་བསང་མཆོད་ཀྱི་ལས་ལ་ཞུགས་ཏེ་དུད་བསང་གི་མེ་ལྕེ་དགུང་ལ་འཕྱུར་བཞིན། ཀི་ཀི་བསྭོ་བསྭོ་ལྷ་རྒྱལ་ལོ་ཞེས་རང་རང་སོ་སོས་ཁ་གཡང་ལ་བྲེལ་བཞིན་ པའི་སྐབས་དེར།

གློ་བུར་དུ་ངུ་སྐད་འདྲེས་པའི་ཨག་རིང་ཞིག་བཏབ་པ་ཚང་མས་གོ་མ་ཐག་དལ་ཅག་གེར་ཡུད་ཙམ་ལུས་ཏེ་གཅིག་གིས་གཅིག་ལ་ལག་བརྡས་དྲི་བ་བྱས། ཅང་མ་འགོར་བར་གཡོན་ཕྱོགས་ཀྱི་རྐང་ལམ་ཆུང་ཆུང་ཞིག་དུ་ཨ་ཕ་བསམ་དཀར་ འཁར་རྒྱུག་ལ་བརྟེན་ནས་གོག་མ་ཁྱར་ཁྱོར་གྱིས་ཁྱེད་ཅག་གིས་ག་རེ་བྱེད་རྩིས་ཡོད། མེ་སོད། མེ་སོད་ཅེས་དངངས་སྐྲག་གིས་གདོང་མདོག་དམར་ནག་ལ་འགྱུར་བཞིན་ཚུལ་འོང་སྟེ།

ཁྱེད་ཅག་སྨྱོས་སོང་བ་མིན་ནམ། ད་རང་མེ་སོད། མེ་སོད། མེ་འདིས་ངའི་སྡེ་བ་ཚར་རྒྱུ་རེད། ངའི་མི་དམངས་ཚར་རྒྱུ་རེད། ཁྱེད་ཚོས་ག་རེ་བྱེད་རྩིས་ཡོད་ཅེས་མེ་ལ་མཛུབ་མོ་སྟོན་བཞིན་སར་འགྱེལ། མཐའ་འཁོབ་ཀྱི་ཡུལ་མི་ཚོ་ཡང་མེར་སྐྲག་ནས་ལྟ་མ་ཕོད་པར་དངངས་སྐྲག་གིས་ངོ་གདོང་འགེབས་བཞིན་ཨ་ཕ་བསམ་དཀར་སར་བརྒྱུགས། གསར་བུ་འགས་ཨ་ཕ་བསམ་དཀར་པང་ལ་ལེན་བཞིན། ཨ་ཕ་བསམ་དཀར། ཁ་གྲག་དང་། མེ་བསད་ཡོད། ཁ་གྲག་དང་། མེ་བསད་ཡོད་ཅེས་གདོང་ལ་ཆུ་གཏོར་བཞིན་འདུག

ཡུད་ཙམ་ཞིག་ནས་ཨ་ཕ་བསམ་དཀར་གྱི་དྲན་པ་ཕྱིར་སོས་ནའང་། མདུན་ན་ཡོད་པའི་དུད་བསང་གི་མེ་ལྕེ་སྔར་བཞིན་འབར་གྱིན་པ་རིག་སྐབས། ཨ་ཕ་བསམ་དཀར་གྱི་གདོང་ལ་ཆེས་ཕངས་སེམས་ཆེན་པོ་ཞིག་ཤར་བཞིན་ཨ་ཁ་ཁ། ཨ་ཁ་ཁ། ངའི་སྡེ་བ་ཚར་ཐལ། ཚར་ཐལ། མེ་་་་མེ་་་་་མེ་་་་ཞེས་འཇིགས་སྐྲག་གིས་སྐད་ངག་ཇེ་དམའ་ནས་ཇེ་དམར་གྱུར་ཏེ་འཇིག་རྟེན་ལ་གཏན་བྲལ་བྱས།

སྡེ་མི་དག་ཨ་ལགས་ཚུལ་ཁྲིམས་ཚང་གི་འཁྲིས་ལ་སོང་ནས་ཨ་ལགས་རིན་པོ་ཆེ་ང་ཚོ་མེ་ལ་སྐྲག་གི། མེ་ལ་སྐྲག་གི། ༸རྒྱལ་བ་རིན་པོ་ཆེའི་མཁྱེན་རྒྱུ་ཨེ་རེད། མཁྱེན་རྒྱུ་ཨེ་རེད་ཞེས་ངུ་འབོད་བྱས། ཨ་ལགས་ཚང་ཡང་འཇིགས་དངངས་སྐྱེས་ནའང་། མདུན་དུ་ལྷག་པའི་མི་ཚོགས་ཀྱི་ངོ་གདོང་དེ་མཐོང་བས། ཐམས་ཅད་ལ་སེམས་གསོ་ཞིག་གཏོང་འདོད་ཀྱིས་ཕར་ལྟ་ཚུལ་ལྟ་ཞིག་བྱས་ནས། ༸རྒྱལ་བ་རིན་པོ་ཆེ་མཁྱེན་ནི་རེད། མཁྱེན་ནི་རེད། ༸རྒྱལ་བ་རིན་པོ་ཆེས་རྟག་ཏུ་འུ་ཚོར་གཟིགས་བསྡད་ཡོད་ནི་རེད། གསོལ་བ་ཐོབ། གསོལ་བ་ཐོབ། ཁྱེད་ཚོ་མ་ངུ་། མ་ངུ་། མེ་མ་གླེང་། མ་གླེང་། མེ་གླེང་ན་ཇག་ཚོགས་ཡོང་རྒྱུ་རེད་་་་ཇག་ཚོགས་ཡོང་རྒྱུ་རེད་་་་་ཇག་ཚོགས་ལ་སྙིང་རྗེ་མེད་་་་འུ་ཚོའི་སྡེ་བ་ཚར་རྒྱུ་རེད་་་་མ་ངུ་་་མ་ངུ་་་་་ལབ་བཞིན་ཁོ་རང་གི་མིག་མཐའ་མཆི་མས་ཁེངས་སྟེ་ཧད།

ཨ་ཕ་བསམ་དཀར་ནི་སྡེ་བ་འདིའི་ཆེས་རྒན་རབས་པ་ཞིག་ཡིན་པ་མ་ཟད་སྡེ་བའི་སྤྱི་གཞུང་ལ་དོ་ཁུར་ཡོད་པའི་མི་བུ་གཞུང་དྲང་ཞིག་ཡིན་སྟབས་ཚང་མས་ཨ་ཕ་བསམ་དཀར་ཞེས་འབོད་ལ་ཨ་ལགས་ཚུལ་ཁྲིམས་ཚང་ནི་སྡེ་བ་འདིའི་ཆོས་ཕྱོགས་ཀྱི་འགན་ཚང་མ་ཁུར་ཡོད་པར་མ་ཟད་སྡེ་བ་འདི་ལ་བློ་དཀར་གཞུང་དྲང་གི་ཨ་ལགས་ཚུལ་དང་མཐུན་པ་ཞིག་ཡིན་སྟབས་ཚང་མས་ཨ་ལགས་ཚུལ་ཁྲིམས་ཚང་ཞེས་དད་གུས་ཀྱི་རྟེན་གཞི་ཡིན།                         

                                     ཕྱི་ལོ་ ༢༠༡༢ ཟླ་བ་ ༡༢ ཚེས་ ༡༠ ཉིན།

དཔྱད་རྩོམ།

Post navigation

Previous Post: ཚེ་སྲོག་བརྒྱ་བོ། ཨ་རིག་འགྱུར་མེད།
Next Post: ཝཱར་ཎའི་ལས་འགུལ་དང་འབྲེལ་བའི་དཔྱད་གཏམ། ཨ་རིག་དགེ་མཐོང་།

Comments (4) on “ཨ་ཁ་ཁ་་་་་ངའི་སྡེ་བ་ཚར་ཐལ་་་་་ཚར་ཐལ་་་་་མེ་་་་་མེ་་་་་མེ་་་་།”

  1. ཨ་རིག་དགེ་མཐོང་གིས། says:
    2012-12-11 at 7:33 am

    དག་གསལ་དོན་ཟབ་འཛོམས་པའི་རྩོམ་བླ་མེད་ཅིག་བྲིས་འདུག་པས་དགའ་བསུ་ཞུ། ཁ་བྱང་མཐོང་མ་ཐག་གློག་བརྙན་ཞིག་གི་ནང་དུ་༼ ཀྲུང་གོའི་སྙན་ངག་ཚར་ཐ༽ཞེས་པ་ཞིག་ཡོད་པ་དེ་དྲན་བཅུགས་སོང་ལ། དེ་ནི་མཚོ་སྔོན་རྒྱངས་བསྒྲགས་ཁང་ནས་སྐད་བསྒྱུར་བ་གྲགས་ཅན་བཞིས་གྱེར་འདོན་བྱས་པས་བག་ཆགས་ཤིག་བདག་ལ་བཞག དེ་རིང་གི་རྩོམ་ཡིག་འདི་ཡང་སྙན་ངག་ཐན་ཐུན་དང་བསྡུར་ཐབས་མེད་པའི་རྣམ་པ་གསར་བའི་རང་བསྲེགས་ལས་འགུལ་གྱི་ངོ་བོ་མཚོན་པའི་རྩོམ་ཡིག་ཅིག་རེད་བསམ།

  2. བརྩོན་འགྲུས་རྒྱ་མཚོ་ says:
    2012-12-12 at 12:29 pm

    ངོ་མ་བོད་ནང་གི་བོད་མི་ཚོའི་སྐྱིད་སྡུག་གི་ཁ་ཕྱོགས་ཤིག་འདི་ན་བྲིས་འདུག་ལ། འབྲི་སྟངས་ཀྱང་མི་སུ་ཞིག་ཡིན་རུང་གོ་བདེ་བ་ཞིག་བྲིས་འདུག་པས་ད་དུང་མུ་མཐུད་དུ་འབྲི་རོགས་གནང།

  3. བསྟན་འཛིན་ཉི་མ་ནས says:
    2012-12-12 at 1:00 pm

    བརྗོད་བྱ་གོ་བདེ་བ་མ་ཟད་མིག་ཆུ་ཤོར་དགོས་པའི་སྐྱོ་གར་ཞིག་བྲིས་འདུག་ཐུགས་རྗེ་ཆེ། བོད་མི་ཞིག་ཡིན་ན་འདིར་ལྟར་རྩོམ་གྱི་ཁ་ཕྱོགས་འགྲོ་ཐུབ་ན། ཏན་ཏན་མི་མང་གི་སེམས་ལ་འགྱུར་བ་ཆེན་པོ་ཞིག་འགྲོ་ས་རེད་སྙམ། དེའི་ཕྱིར། རྩོམ་པ་པོ་གཙོ་བོ་གྱུར་བའི་ང་ཚོས་ཤུགས་རྒྱག་དགོས་པ་གནད་ཡིན་བསམ།

  4. ཤེས་རབ་ says:
    2012-12-13 at 1:03 am

    སྡུག་ན་མཆི་མ་མི་གཏོང་བ་ཕོ་ཁྱོ་གའི་གཤིས་ཀ་ཟེར་བ་རྫུན་རེད་འདུག རྩོམ་འདིས་དབང་མེད་དུ་མིག་ཆུ་ཤོར་བཅུག་སོང་། རྩོམ་འདི་ལ་མི་མང་གིས་ངེས་པར་དུ་དོན་གཉེར་བྱ་དགོས་པ་ཞིག་རེད་འདོད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (16)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme