Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཧྥ་རན་སིའི་སྲིད་འཛིན་གྱི་འོས་བསྡུ་ནི་ཡོ་རོབ་ཀྱི་ལས་དབང་ལ་འབྲེལ་ཡོད། 

Posted on 2017-04-26 By ཁ་བརྡ 2 Comments on ཧྥ་རན་སིའི་སྲིད་འཛིན་གྱི་འོས་བསྡུ་ནི་ཡོ་རོབ་ཀྱི་ལས་དབང་ལ་འབྲེལ་ཡོད། 

ཨ་ནུ་ཐང་བསོད་ནམས།

 

རང་ལོ ༤༨ ལ་སོན་པའི་མ་རེས་ལི་ཕིན་ལ་འོས་གྲངས ༢༡% ༤༣ དང་། ཁ་གཏད་རང་ལོ་༣༩ སོན་པའི་མ་ཁི་རོན་ལ་འོས་གྲངས ༢༣% ༨༦ ཐོབ་པས། ཁོ་གཉིས་སྔོན་འགྲོའི་འོས་མི་ལྔ་ཡི་ནང་ནས་དངོས་གཞི་ལ་རྒྱལ་ཁ་ཐོབ་འདུག འོན་ཀྱང་། ཁོ་གཉིས་ཀྱི་ལངས་ཕྱོགས་ནི་མེ་ཆུ་བཞིན་དུ་ཐ་དད་ཡིན་ཁར། སྔོན་ལྟར་དཔལ་འབྱོར་གྱི་དཀའ་ངལ་གཅིག་བུ་ཙམ་མིན་པ། ཧྥ་རན་སིའི་རྩ་བའི་ཆབ་སྲིད་ཀྱི་སྒྲོམ་གཞི་ལ་འགྱུར་བ་བཏང་མིན་དང་། ཧྥ་རན་སི་ཡོ་མནའ་ནས་འདུག་མིན། ཡོ་མནའ་གནས་དགོས་མིན་ལ་ཐད་ཀར་འབྲེལ་བ་ཆགས་ཡོད། དེ་བརྟེན། ད་ལྟའི་ཧྥ་རན་སིའི་འོས་བསྡུ་ནི་ཧ་ཅང་གི་གནད་འགག་ཡིན་པས། ཡོ་མི་རྣམས་དང་། གོ་ལ་གཅིག་གྱུར་གྱི་དཔལ་འབྱོར་ལགས་ལུགས་འདོད་མཁན་ཀུན་ལ་སེམས་ཁྲལ་འབྱུང་གཞི་ཞིག་དང་། དོ་སྣང་བྱེད་ཡུལ་དུ་ཆགས་ཡོད།

 

  • འོས་མི་མ་ཁི་རོན། 

མ་ཁི་རོན་ནི་ཡོ་རོབ་མནའ་འབྲེལ་དང་གོ་ལ་གཅིག་གྱུར་གྱི་དཔལ་འབྱོར་ལམ་ལུགས་ལ་རྒྱབ་སྐྱོར་བྱེད་མཁན་ཡིན་ལ། ཁ་གཏད་ལི་ཕིན་ནི་གོ་ལ་གཅིག་གྱུར་གྱི་དཔལ་འབྱོར་ལ་ཁ་གཏད་གཅོད་མཁན་དང་། ཡོ་རོབ་མནའ་འབྲེལ་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱེད་མཁན་ཡིན། མོས་ཡོ་རོབ་ཀྱི་དར་ཆ་ནི་ཧྥ་མི་རྣམས་ལ་སྡུག་པོ་དང་ཉམས་རྒུད། ཚད་བཀག་བཟོ་མཁན་དེ་ཡིན་པས་དེའི་མདུན་དུ་བཅར་འདྲི་དང་། གཏམ་བཤད་གནང་རྒྱུ་མོས་མཐུན་གང་ཐུབ་ཀྱིས་གནང་གི་མེད་ལ། གཅར་འདྲི་ཁག་ཅིག་བྱེད་སྐབས་སུ་ཡོ་རོབ་ཀྱི་དར་ཆ་ལེན་དུ་བཅུག་ཡོད།

ཡོ་རོབ་མནའ་འབྲེལ་གྱི་མཐུན་ཕྱོགས་ཀུན་གྱིས་མ་ཁི་རོན་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་ལ། བྱེད་དགོས་དོན་ཡང་ཁོས་ཡོ་རོབ་མནའ་འབྲེལ་སྲ་བརྟན་དུ་བཏང་ཞིང་། དེ་དང་མཉས་ལས་ཀྱིས་ཧྥ་རན་སི་དང་ཡོ་རོབ་ཀྱི་དཀའ་ངལ་སེལ་རྒྱུ་ལ་འབད་མཁན་ཞིག་ཡིན་པས་རེད།

མ་གཞི་ཁོ་ནི་དངུལ་ཁང་གི་དཔལ་འབྱོར་རིག་པ་བ་དང་། སྒྱུ་རྩལ་བ་ཞིག་ཡིན། འོན་ཀྱང་། ཁོ་ལ་ལོ་རྒྱུས་ཀྱི་ཅུང་ཞན་ཆའམ་རྟོགས་དཀའ་བ་ཞིག་ཡོད་པ་ཡོད་ནི་ཁོ་རང་ལས་ལོ་ན ༢༥ ཡི་ཆེ་བའི་ཁོའི་དགེ་རྒན་དང་ཆང་ས་བརྒྱབས་འདུག་ཅིང་། ཁོ་ལོ་ན ༡༥ ཡིན་དུས་ནས་མོ་དང་ཐུག་ཅིང་དེ་ནས་བཟུང་མོས་ཅི་ཞིག་བྱེད་ཀྱང་། ཁོ་མོོ་དང་བཟའ་ཚང་བྱེད་རྒྱུ་ཡིན་ཞེས་ནས་ཁོས་དམ་བཅའ་བཞག་པས་ཡིན་ཚུལ་སྨྲ་བཞིན་ཡོད།

ཆང་ས་བརྒྱབས་པ་དེས་འོས་ཤོག་བླུགས་མཁན་ལ་དེ་ཙམ་ཤུགས་རྐྱེན་ཐེབས་མི་སྲིད་པ་མང་པོས་ཚོད་དཔགས་བྱེད་ཀྱི་འདུག་ཅིང་། འདུག་དགོས་དོན་ཡང་ཆབ་སྲིད་ཀྱི་གལ་ཆེའི་གནད་དོན་ལ་ཐུག་ན། ཧྥ་མི་རྣམས་ཀྱིས་གནད་དོན་ཆུང་ངུ་ལ་དེ་ཙམ་གྱིས་དོ་སྣང་མི་བྱེད་པས་རེད། གང་ལྟར་ཁོ་ལ་རྒྱལ་ཁ་ཐོབ་རྒྱུ་ནི་ཡོ་མནའ་ཡི་བླ་སྲོག་དང་འབྲེལ་བ་ཆགས་ཡོད། མི་མང་ལ་བསམ་ཚུལ་དྲིས་བའི་མང་ཉུང་ལྟར་ན་མ་ཁི་རོན་རྒྱབ་སྐྱོར་བྱེད་མཁན ༢༠% ཡིས་ལི་ཕིན་གྱི་མང་དུ་ཆགས་ཡོད་པས། ཁོ་ལ་རྒྱལ་ཁ་ཐོབ་རྒྱུའི་རེ་བ་ཧ་ཅང་གི་ཆེན་པོ་ཡོད་འདུག

 

  • འོས་མི་མ་རེས་ལི་ཕིན། 

མ་རེས་ལི་ཕིིན་གྱིས་དེ་ལས་ལྡོག་སྟེ་ཧྥ་རན་སི་གང་ཐུབ་ཀྱིས་ཡོ་རོབ་མནའ་འབྲེལ་གྱི་ནང་ནས་ཕྱི་འཐེན་གནང་ཞིང་། དེ་གནང་ཐབས་ལ་མོས་དང་པོར་ཡོ་མནའ་དང་གྲོས་མོལ་བྱས་ཤིང་། གྲོས་ཁ་མ་འགྲིག་པ་ཡིན་ན། ཧྥ་རན་སིའི་མི་མང་ལ་དབྱིན་ཇི་ལྟར་ཡོ་རོབ་ཀྱི་ནང་དུ་འདུག་མིན་གྱི་འོས་ཤོག་འཕེན་བཅུག་ནས་ཡོ་སྣ་དང་ཁ་བྲལ་དུ་བཅུག་རྒྱུ་དེ་རེད་འདུག གལ་སྲིད་འོས་བསྡུ་ལས་ཡོ་རོབ་དང་འབྲལ་རྒྱུར་རྒྱལ་ཁ་མ་ཐོབ་པ་ཡིན་ན། མོ་རང་སྲིད་འཛིན་གྱི་ལས་གནས་ནས་དགོངས་བ་ཞུ་རྒྱུ་ཡིན་ཞེས HameTV ལ་བརྗོད་འདུག

ལི་ཕིན་གྱིས་ཧྥ་རན་སིའི་ས་མཚམས་ཀུན་གནའ་ལྟར་ཧྥ་གཞུང་གིས་བདག་བཟུང་བྱེད་རྒྱུ་དང་། རྩ་ཁྲིམས་ཀུན་གནའ་བཞིན་ཧྥ་མིས་བཟོ་རྒྱུ་ལས། ཡོ་མནའ་ཡིས་མི་བཟོ་རྒྱུ། རབས་བྱུང་ན་ཁ་ཆེའི་ཆོས་ཁང་མང་པོ་ཡི་སྒོ་རྒྱག་རྒྱུ་དང། ལྷག་པར་དུ་ཧྥ་རན་སིའི་ནང་དུ་ལོ་རེ་བཞིན་ཡུལ་མི་གནས་སྤོ་བ་ཁྲི་གཅིག་ལས་བརྒལ་བ་ལེན་རྒྱུ་མིན་ཚུལ། ཡུལ་དེའི་དངུལ་ལོ་རྙིང་བ་སྐྱར་གསོ་བྱེད་རྒྱུ་དང་། ཡོ་སྒོར་མེད་པ་བཟོ་རྒྱུ་སོགས་ཡིན་འདུག དེ་ལྟར་བྱུང་བ་ཡིན་ན། ཡོ་རོབ་མནའ་འབྲེལ་ཧ་ཅང་གི་གནས་རྒྱུ་དཀའ་བས་ཁག་ཅིག་གིས་མོ་ལ་འོས་ཤོག་ཐོབ་པ་ནི་ཡོ་མནའ་ཡི་ཚེ་སྲོག་ཆད་པའི་སྔ་ལྟས་སུ་འདོད་ཀྱིན་ཡོད། གལ་སྲིད་དེ་ལྟར་མིན་ཡང་། ཡོ་རོབ་ནི་ཚོང་འབྲེལ་ཁོ་ན་ཡི་མནའ་འབྲེལ་གྱི་མཐུན་ཚོགས་ཤིག་ཏུ་འགྱུར་རྒྱུ་རེད་འདུག

 

  • དབྱིན་ཇི་དང་ཧྥ་་རན་སིའི་འོས་བསྡུ། 

ད་ལྟ་དབྱིན་ཇི་བ་ཡོ་རོབ་ནས་ལོགས་སུ་ཐོན་གླ་རུ་ཡོ་རོབ་ཀྱིས་ཡོ་སྒོར་ཐེར་འབུམ ༦༠ ཡི་བར་དུ་སྤྲོད་དགོས་ཚུལ་བརྗོད་ཀྱི་ཡོད། རྒྱུ་མཚན་ནི། ལོགས་སུ་ཐོན་རྒྱུ་ཡིན་ཟེར་མཁན་དབྱིན་ཇི་བ་ཡིན་པ་
ལས་ཡོ་རོབ་པ་མིན་པས་ཡིན་ཚུལ་འགྲེལ་ཁར། དེ་ལྟར་བྱས་ནས་ཐོན་དགོས་བའང་ཡོ་རོབ་ཀྱི་རྩ་ཁྲིམས་ཡིན་ཚུལ་སོགས་བརྗོད་ཀྱི་ཡོད། འོན་ཀྱང་། དབྱིན་ཇི་བས་དེ་ནི་གནས་ལུགས་དང་མི་མཐུན་པས་སྐར་གཅིག་ཀྱང་སྤྲད་ཀྱི་མིན་ཚུལ་བརྗོད་ཀྱིན་ཡོད། ཡིན་ཡང་། གནས་ཚུལ་དེས་དབྱིན་ཇི་བ་ཡོ་རོབ་ནས་ལོགས་སུ་ཐོན་འདོད་བྱེད་མཁན་རྣམས་མགོ་ན་རུ་བཅུག་བཞིན་ཡོད།

གལ་སྲིད་དབྱིན་ཇི་ཡིས་དེ་ལྟར་དངུལ་མ་སྤྲད་པ་ཡིན་ན། ཡོ་རོབ་དང་གྲོས་མོལ་བྱེད་རྒྱུ་འགོར་འགྱང་བྱེད་ངེས་ཤིང་། ཅི་ཙམ་གྲོས་མོལ་འགོར་འགྱང་བྱས་ན། དེ་ལྟར་གྲོས་མོལ་གྱི་འཇུག་མ་སྒྲིལ་བས། འཇུག་མ་སྒྲིལ་ན་དབྱིན་ཇི་ཡོ་རོབ་ནས་ལོགས་སུ་ཐོན་མི་ཐུབ་ཅིང་། མ་ཐོན་པ་ཡིན་ན། མ་ཐོན་བར་དུ་དབྱིན་ཇི་ཡིས་རྒྱལ་ཁབ་སུ་ལའང་ཚོང་འབྲེལ་གྱི་གན་རྒྱ་བཞག་མི་ཆོག་པས། ད་ལྟ་དབྱིན་ཇི་བ་རྣམས་གཟེབ་ཏུ་ཚུད་པའི་བྱའུ་ལྟར་གནས་སྐབས་ཀྱི་རིང་དུ་ཅི་བྱ་གཏོལ་མེད་ཀྱི་གནས་སུ་བརྫངས་བཞིན་ཡོད།

ཡོ་མནའ་ཡིས་དབྱིན་ཇི་བ་རྣམས་ཀྱིས་འགན་མི་འཁུར་བ་ཁེ་ཕན་ཁོ་ན་བསམ་ན་དྲང་བོ་མིན་ཁར། དབྱིན་ཇི་ཕྱི་རོལ་ཏུ་ཐོན་ཡང་ཁེ་ཕན་ནང་དུ་འདུག་མཁན་ལྟར་སྤྲད་པ་འམ། ལྷག་པ་ཞིག་སྤྲོད་དགོས་ན། དེ་ནི་ཡོ་མནའ་ཡི་ནང་དུ་འདུག་མཁན་རྣམས་ལ་མ་དྲང་བ་འགྱུར་བ་མ་ཟད། མ་འོངས་བར་འདུག་མཁན་རྣམས་ཀྱིས་ཀྱང་དབྱིན་ཇི་ལ་མིག་དཔེ་ལྟོས་ནས་ཕྱི་རོལ་ཏུ་ཐོན་ངེས་ཡིན་པས། དབྱིན་ཇི་ལ་འདུག་མཁན་ལྟར་ཁེ་ཕན་སྤྲད་མི་ཐུབ་ཅིང་། གལ་སྲིད་སྤྲད་དགོས་ན་དེ་ལྟར་འགྲོ་འོང་གི་རང་དབང་སོགས་ཡོ་མནའ་ཡི་རྩ་བའི་ཆ་རྐྱེན་རང་དབང་བཞི་དབྱིན་ཇི་ཡིས་ངོས་ལེན་བྱེད་ཚུལ་བརྗོད་བཞིན་ཡོད། དེ་ལྟར་རང་དབང་བཞི་ངོས་ལེན་བྱས་བ་ཡིན་ན་དབྱིན་ཇི་ཕྱི་རོལ་ཏུ་ཐོན་པར་སྙིང་བོ་མེད་པ་འགྱུར་བས། དབྱིན་གཞུང་གིས་ངོས་ལེན་བྱེད་དཀའ་བར་ཆགས་ཀྱི་ཡོད།

གལ་སྲིད་དབྱིན་བ་རྣམས་ཀྱིས་ཡོ་མནའ་དང་གྲོས་མོལ་མ་བྱེད་པ་པ་ཕྱི་རོལ་ཏུ་ཐོན་ཆོག་ཀྱང་དེ་ལྟར་ཐོན་པ་ཡིན་ན། ངན་ཐོར་ཡིན་པས་ཡོ་རོབ་དང་དབྱིན་ཇི་ཡི་ཚོང་འབྲེལ་དང་། རྒྱལ་དོན་གྱི་འབྲེལ་བར་ལ་ཧ་ཅང་གི་གནོད་སྐྱོན་ཚབས་ཆེན་འགྲོ་ཁར། ལྷག་པར་དུ་ད་ལྟ་ཡོ་རོབ་ཏུ་གནས་སྡོད་བྱེད་མཁན་དབྱིན་མི་དང་། ཡོ་མི་དབྱིན་ཇི་རུ་གནས་སྡོད་བྱེད་མཁན་རྣམས་ལ་ཁ་ཐུག་གིས་གྱོང་གུད་ཕོགས་པ་མ་ཟད། དབྱིན་ཇི་ཡི་ཚོང་ཟོག ༤༤% ཡོ་རོབ་ཀྱི་རྒྱལ་ཁབ་ཉེར་བདུན་ལ་བཙོང་བཞིན་ཡོད་པས། དབྱིན་ཇི་ལ་ཚོད་མེད་ཀྱི་གྱོང་གུད་ཕོགས་ངེས་རེད། དེ་བརྟེན།་སི་ཁོ་དྲི་ལན་དྲི་དང་། དབྱིན་ཇིའི་ནང་ཁུལ་གྱི་ཚོགས་པ་དང་། སྒེེར་བ་མང་པོས་དེ་ལྟར་ངན་ཐོར་བྱེད་རྒྱུ་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱེད་ཀྱིན་ཡོད་ཁར། སྲིད་བློན་མཱེ་ཡིས་ཀྱིས་ང་ཚོ་མགོ་སྐོར་བཏང་སོང་ཞེས་ནས་སྐྱོན་བརྗོད་ཤུགས་ཆེན་བྱེད་ཀྱི་ཡོད།

ཁག་གཅིག་གིས་དབྱིན་ཇི་ཡོ་རོབ་ནང་དུ་འདུག་མིན་གྱི་འོས་བསྡུ་གཉིས་པ་ཞིག་འགྲོ་དགོས་བའི་འདོད་ཚུལ་བཏོན་བཞིན་ཡོད་ཁར། གལ་སྲིད་དབྱིན་ཇི་ཡོ་རོབ་ནས་ཐོན་པ་ཡིན་ན། སི་ཁོ་ལན་དྲི་ཡིས་ཁོ་ཚོ་དབྱིན་ཇི་ནས་ལོགས་སུ་ཐོན་རྒྱུ་ཡི་འོས་བསྡུ་བྱེད་དགོས་ཚུལ་བརྗོད་ཀྱིན་ཡོད། དེ་བརྟེན། དབྱིན་བློན་ཅི་བྱ་གཏོལ་མེད་དུ་གྱུར་ཞིང་། དཀའ་ངལ་དེ་དག་སེལ་ཆེད་དུ་ཉེ་ཆར་ལོ་འདིའི་ཟླ ༦ ཚེས ༨ ཉིན་ཛ་དྲག་གིས་དབྱིན་བློན་གསར་བ་འདེམས་རྒྱུའི་འོས་ཤོག་བསྡུ་རྒྱུ་ཡི་གསལ་བསྒྲགས་གནང་ཡོད། དེ་བརྟེན། ད་ལྟ་འོས་མི་ལ་ཞུགས་མཁན་གྱི་ཆབ་སྲིད་ཚོགས་པ་ཆུང་ཆུང་ཞིག་གིས་གལ་སྲིད་ཁོ་ཚོ་མི་མང་གིས་སྲིད་བློན་དང་། གཞུང་འཛིན་པར་འདེམས་པ་ཡིན་ན། དབྱིན་ཇི་ཡོ་རོབ་ནས་འདུག་མིན་གྱི་འོས་བསྡུ་གཉིས་པ་ཞིག་འགྲོ་རྒྱུའི་གོ་སྐབས་སྤྲད་རྒྱུ་ཡིན་ཚུལ་བསྒྲགས་འདུག

ཧྥ་རན་སི་དང་འཇར་མན་གཉིས་ནི་ཡོ་མནའ་ཡི་ཀ་བ་གཉིས་ཡིན་ཞིང་། ཧྥ་རན་སིའི་སྲིད་འཛིན་འོས་མི་ལི་ཕིན་ཧྥ་རན་སིའི་སྲིད་འཛིན་ལ་རྒྱལ་ཁ་ཐོབ་པ་ཡིན་ན། ཡོ་རོབ་ཀྱི་ཀ་བ་གཅིག་ལ་ཆག་སྐྱོན་འབྱུང་བས། ཡོ་མནའ་གནས་རྒྱུ་ཧ་ཅང་གི་དཀའ་འཕྲད་ངེས་རེད། གལ་སྲིད་གནས་ཀྱང་སྔ་ལྟར་ཡོ་མནའ་ལ་སྟོབས་ཤུགས་མེད་པས། དབྱིན་ཇི་སོགས་ཡོ་རོབ་ནས་ཐོན་མཁན་རྣམས་ལ་སྔ་ལྟར་གནོད་ཤུགས་སྤྲད་མི་ཐུབ་ཁར། ཡོ་མནའ་ཡི་ནང་དུ་འདུག་མཁན་རྣམས་ལ་སྔ་ལྟར་ཁེ་ཕན་སྤྲད་མི་ཐུབ་པས། དབྱིན་ཇིའི་ཡོ་མནའ་དགྲ་འཛིན་པ་རྣམས་ལ་ཚོ་ལ་མཚོན་ན། ད་ལྟ་ལི་ཕིན་ལ་རྒྱལ་ཁ་ཐོབ་རྒྱུ་ནི་ཁོ་ཚོའི་འདོད་ཐོག་གི་རྟ་དང་། བྱ་བར་ལམ་འགྲོ་ཡོང་བྱེད་དུ་ཆགས་ཡོད།  དེ་བརྟེན། ཁོ་ཚོ་དང་ཨུ་རི་སུས་གང་ཐུབ་ཀྱིས་ལི་ཕིན་ལ་རྒྱབ་སྐྱོར་བྱེད་ཀྱིན་ཡོད་ལ། ཆེ་ཁི་རྒྱལ་ཁབ་ནང་དུ་རྟེན་གཞི་བྱས་བའི་ཨུ་རི་སུའི་དངུལ་ཁང་གིས་ཀྱང་ལི་ཕན་གྱི་སྲིད་འཛིན་འོས་མིའི་དྲིལ་བསྒྲགས་དང་། ལས་འགུལ་གྱི་ཆེད་དུ་མ་དངུལ་གཡར་ཡོད། རྒྱུ་མཚན་ནི། མོའི་ཚོགས་པ་ལ་ཨུ་རི་སུས་མ་གཡར་བ་ཡིན་ན་གཡར་མཁན་དཀོན་པས་རེད།

 

  • ཁྲོ་རྒན་དང་ཧྥ་རན་སིའི་འོས་བསྡུ། དབྱིན་ཇི། 

ཨ་རིའི་ཁྲོ་རྒན་གྱིས་དེ་སྔོན་མངོན་སུམ་འཛེམ་མེད་ཀྱིས་དབྱིན་ཇི་ཡོ་རོབ་ནས་ཐོན་པ་ལ་དགའ་བསུ་མང་དུ་ཞུས་ཡོད་ཀྱང་། ཟླ ༣ ཚེས ༡༧ ཉིན་འཇར་མན་གྱི་སྲིད་བློན་མར་ཁོ་ལ་ཐུག་རྗེས་དང་། ཡོ་རོབ་ཀྱི་སྲིད་འཛིན་ཡོན་ཁོས་ཀྱིས་ཁྲོ་རྒན་གྱིས་ཡོ་རོབ་ཁ་བྲལ་བཏང་རྒྱུ་ལ་རྒྱབ་སྐྱོར་བྱས་བ་ཡིན་ན། ཁོས་ཨ་རིའི་མངའ་སྡེ་ཨོ་ཧཱ་ཡོ་དང་། ཁྲལ་ཁི་གསེ་སི་ཨ་རི་ནས་ལོགས་སུ་འགྲོ་རྒྱུར་རྒྱབ་སྐྱོར་བྱེད་རྒྱ་ཡིན་ཞེས་ནས་དགག་པ་ཚ་ནན་བརྒྱབས་ཁར། ཡོ་མནའ་ཡི་མགོ་གཙོ་དུ་མས་ཀྱང་ཁོ་ལ་དེ་ལྟར་ཉེན་བརྡ་དང་། སློབ་གསོ་བཏང་བས། ད་ལྟ་ཁྲོ་རྒན་གྱིས་དབྱིན་ཇིའི་ཡོ་རོབ་དགྲ་འཛིན་པ་རྣམས་དང་བར་ཐག་རིང་དུ་གང་ཐུབ་ཀྱིས་སྤྱང་པོའི་ལམ་ནས་བཏང་ཞིང་། ཧྥ་རན་སིའི་སྲིད་འཛིན་འོས་མི་མ་རེས་ལི་ལ་དངོས་སུ་རྒྱབ་སྐྱོར་ཤུགས་ཆེན་བྱེད་ཕོད་མེད།

ཁྲོ་རྒན་གྱིས་དེ་ལྟར་གནང་དགོས་དོན་ཡང་ཁོས་ཡོ་རོབ་ཀྱི་རྒྱལ་ཁབ་ཉེར་བདུན་ལ་ཚོང་འབྲེལ་དང་། བདེ་འཇགས་ཀྱི་འབྲེལ་བ་ཡག་པོ་ཞིག་འཇོག་རྒྱུ་ཡིན་ཞིང་། དེ་འཇོག་རྒྱུ་ནི་དབྱིན་ཇི་རྒྱལ་ཁབ་གཅིག་ལ་ལྟོས་ན་གལ་ཆེ་ཁར། མར་ཁོ་ཡིས་ཁོ་ལ་ཚོང་འབྲེལ་དང་། བདེ་འཇགས་ཀྱི་གན་རྒྱ་ཡག་པོ་ཞིག་འཇོག་རྒྱུར་ངོས་ལེན་གནང་འཆར་བྱས་བས། ཁྲོ་རྒན་གྱིས་དབྱིན་ཇི་ཆེད་དུ་ཁེ་ཕན་དེ་དག་བློས་མ་བཏང་ཐུབ་ཅིང་། ཕྱོགས་གཞན་ནས་ཁོས་དབྱིན་ཇི་བེད་སྤྱོད་བཏང་ནས་ཡོ་མནའ་ཡི་ལག་ནས་ཁེ་བཟང་ཡང་ལེན་ཟིན་བཞིན་ཡོད་པས་རེད་འདུག

ད་དུང་ལྐོག་གྱུར་གྱི་རྒྱུ་མཚན་ཞིག་ཡོད་པ་ནི་དབྱིན་ཇི་ཡོ་རོབ་ནས་ནམ་ཐོན་མི་ཤེས་ཤིང་། གལ་སྲིད་ཐོན་ཡང་ཐོན་རྒྱུ་ལ་ལོ་གཉིས་འགོར་བས། ལོ་གཉིས་ནི་ཁྲོ་རྒན་ལ་མཚོན་ན་ཁོའི་སྲིད་འཛིན་གྱི་ལོ་ཡུན་གཉིས་པས་དེ་ལྟར་འདས་བ་ཡིན་ན། ཁོས་ཁས་ལེན་གནང་བཞིན་ཨ་རིའི་དཔལ་འབྱོར་ཡར་རྒྱས་སུ་བཏང་མི་ཐུབ་པས། མ་ཐུབ་ཚེ་རྗེས་མའི་སྲིད་འཛིན་འགྲན་རྩོད་ཀྱི་སྐབས་སུ་ཁོ་ལ་དཀའ་ངལ་འཕྲད་པས་རེད།

ཉེ་ཆར་ཁོས་ཁྲོས་ཁྲར་རྒྱུད་ནས་ལི་ཕིན་ནི་ཡག་པོ་ཡོད་ཚུལ་བརྗོད་ཀྱང་། གསལ་འགོད་པས་ཁོའི་མགྲིན་ཚབ་པ་ཕན་གསའ་ལ་སྐད་ཆ་དེ་ནི་ཁྲོ་རྒན་གྱིས་ཧྥ་རན་སིའི་སྲིད་འཛིན་འོས་མི་ལི་ཕིན་ལ་རྒྱབ་སྐྱོར་བྱས་བ་རེད་དམ་ཞེས་ནས་འདྲི་སྐབས་སུ། མགྲིན་པས་དེ་ནི་མ་རེད། ཁྲོ་རྒན་གཞུང་གིས་ཧྥ་རན་སིས་མི་མང་གི་འདེམས་པའི་འོས་མི་སུ་ལ་ཡིན་ཡང་། འབྲེལ་ལམ་ཡག་པོ་ཉར་རྒྱུར་འབད་པ་ལས། འོས་མི་ལ་དབྱེ་འབྱེད་བྱེད་ཀྱི་མེད་ཅེས་བརྗོད་འདུག གནས་ཚུལ་འདི་ལས་ཁྲོ་རྒན་གྱི་བསམ་བློ་འགྱུར་བ་འམ། ཡང་ན་གནོད་ཤུགས་སམ། ཁེ་ཕན་ཞིག་གི་དབང་གིས་ཁྲོ་རྒན་གྱིས་འོས་མི་སུ་ལའང་། ད་ལྟ་རྒྱབ་སྐྱོབ་བྱེད་ཀྱི་མི་འདུག འོན་ཀྱང་། ཡོ་རོབ་སྲིད་འཛིན་གྱིས་སྔ་གྱི་གོམས་སྲོལ་ལས་ལྡོག་སྟེ་འོས་མི་མ་ཁི་རོན་ལ་རྟེན་འབྲེལ་ཞུས་འདུག འཇར་མན་གྱི་མར་ཁོ་ཡིས་ཀྱང་དེ་ལྟར་ཞུས་འདུག གང་ལྟར་ཟླ ༥ ཚེས ༧ ཉིན་ཁོ་གཉིས་ཀྱི་མཐའ་མའི་རྒྱལ་ཕམ་དབྱེ་དབྱེ་བྱེད་པས་སྔོན་འགྲོའི་རྒྱལ་ཁ་ནས་མཐའ་མའི་ཐག་གཅོད་བར་དུ་བདུན་གཉིས་ཙམ་ལས་མེད་ཕྱིན། དུས་ཡུན་དེ་ནི་ཁོ་གཉིས་ཀྱིས་གང་ཐུབ་ཀྱིས་དམ་འཛིན་གནང་ཞིང་རང་གི་རྒྱབ་སྐྱོར་འཚོལ་བའི་འགྲན་རྩོད་ཀྱི་བྱེད་ཀྱིན་ཡོད་ལ། གཉིས་ཀས་དྲིལ་བསྒྲགས་ཀྱི་ལས་འགུལ་ཤུགས་ཆེ་སྤེལ་མུས་རེད།

http://uk.businessinsider.com/eu-wants-up-to-60-billion-exit-fee-in-brexit-negotiations-article-50-2016-11

http://www.telegraph.co.uk/news/2017/03/17/donald-trump-meet-angela-merkel-white-house-make-break-meeting/

བསམ་ཚུལ།

Post navigation

Previous Post: ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་དགུང་གྲངས་༢༨ལ་ཕེབས་པའི་སྐུའི་འཁྲུངས་སྐར་ཉིན།
Next Post: ན་གཞོན་ཚན་རིག་པ་རྟའུ་རི་དགའ་ལགས་དང་། ཁོང་གིས་ཚན་རིག་གི་འཇིག་རྟེན་ཁམས་ལ་ཕུལ་བའི་ལེགས་སྐྱེས།

Comments (2) on “ཧྥ་རན་སིའི་སྲིད་འཛིན་གྱི་འོས་བསྡུ་ནི་ཡོ་རོབ་ཀྱི་ལས་དབང་ལ་འབྲེལ་ཡོད། ”

  1. ལྷ་སྡེ་གནམ་ལོ་ཡག says:
    2017-05-01 at 12:54 am

    ཀུན་ལ་བློ་བསྐྱེད་སྟེར་བའི་དབྱེ་ཞིབ་རྩོམ་ཡིག་དྲག་ག་ཞིག་རེད། བརྗོད་གཞི་འདི་ལ་བགྲོ་གླེང་གནང་འོས། ཡིན་ནའང་། མང་བོ་ཞིག་གིས་ད་དུང་ཧ་གོ་གི་མེད་པ་འདྲ།

  2. རྒྱ་ཞིང་མྱི་དཀར། says:
    2017-05-01 at 10:57 am

    ཡག་པོ་བྱུང་སོང་ཐུགས་རྗེ་ཆེ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme