Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཧྥ་རན་སིའི་གསུམ་བཅུ་དུས་དྲན་།

Posted on 2012-03-11 By ཁ་བརྡ་ 1 Comment on ཧྥ་རན་སིའི་གསུམ་བཅུ་དུས་དྲན་།

ནམ་མཁའ་ནས།

ལོ་ངོ་སུམ་བཅུ་ལྷག་གི་ཡར་སྔོན་གྱི་༡༩༧༩ལོར་བོད་རིགས་སུམ་བཅུ་སོ་ལྔ་འདུ་འཛོམས་ཀྱིས་བོད་རིགས་ཚོགས་པ་བཙུགས་པ་ནས་བཟུང་།དེ་རིང་བར་དུ་གསུམ་བཅུ་དུས་ཐེངས་སུམ་བཅུ་སོ་གསུམ་བརྩི་སྲུང་བྱས།ཁོང་རྒན་པ་ཚོས་གསུངས་གསལ་ལ་སྔོན་མ་དེ་རིང་བཞིན་བོད་པ་མང་པོ་མེད་ན་ཡང་།ཧྥ་རན་སིའི་མི་སུམ་བརྒྱ་ལྷགས་སྐད་འབོད་དུ་ཕེབས་ཀྱི་ཡོད་པ་རེད་གསུངས་སོང་།

དེ་རིང་གི་གསུམ་བཅུ་དུས་དྲན་ལ་བོད་རིགས་གཙོ་བྱས་བའི་ཧྥ་རན་སིའི་མི་དང་རྒྱ་རིགས་དམངས་གཙོ་དོན་གཉེར་བ་འགའ་དང་ཕྰ་རེ་སའི་ས་གནས་རྫོང་དཔོན་འགའ་བཅས་ཁྱོན་བསྡོམས་མི་ཕལ་ཆེར་དྲུག་བརྒྱ་ཡས་མས་ཞིག་འཛོམས་སྟེ། རྒྱལ་ས་ཕ་རེ་སིའི་གྲོང་ཁྱེར་གྱི་ལྟེ་གནས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་མཚན་རྟགས་འཁོད་སའི་ཐང་ནས་འགོ་འཛུགས་བྱས་སྟེ་རྒྱ་ནག་གཞུང་ཚབ་སྒོ་འགྲམ་བར་དུ་བསྐྱོད། ཡ་མཚར་བ་ཞིག་ལ། རྒྱ་ནག་གཞུང་ཚབ་ཀྱི་སྒོ་སྟེང་གི་སྐར་ལྔའི་དར་དམར་ཁོང་ཚོས་བླངས་ཚར་འདུག ནམ་རྒྱུན་རྒྱལ་དར་དེ་སྒོ་སྟེང་སྒྲེངས་ཡོད།

༢༠༠༨ནས་བཟུང་ཐེངས་འགའ་ཤས་ལ་བོད་པ་ཚོས་སྐད་འབོད་བྱེད་དུས་མར་ཕབ་པས་དེ་རིང་ཁོང་ཚོའི་དོག་ཟོན་གྱིས་བླངས་ཚར་བ་མིན་ནམ་སྙམ། གང་ལྟར་ཡང་ནམ་རྒྱུན་ང་ཚོའི་མིག་གིས་མཐོང་འདོད་མེད་པའི་དར་ཆ་དམར་པོ་དེ་མི་འདུག་པས་དགོད་བྲོ་བ་ཞིག་བྱུང་། མ་ཟད་ཧྥ་རན་སི་གཞུང་གིས་རྒྱ་ནག་གི་གཞུང་ཚབ་སྲུང་སྐྱོབས་ནན་མོ་བྱས་འདུག་པ་ཡང་། ལྕགས་དྲ་ཅུང་མཐོ་ཙམ་ཡོད་པ་ཞིག་གཞུང་ལམ་དཀྱིལ་དུ་བཞག་པའི་མ་ཟད།ད་རུང་ལྕགས་དྲའི་རྒྱབ་ལོགས་སུ་བདེ་སྲུང་གི་མོ་ཊ་ཆེན་པོ་འགའ་བཞག་སྟེ་བརྟན་པོ་བྱས་འདུག ང་ཚོ་མི་རིགས་ཉམས་ཆུང་ཞིག་གིས་ནམ་རྒྱུན་ག་དུས་སྐད་འབོད་བྱས་ན་ཡང་།ཁྲིམས་མཐུན་གྱིས་འགྲོ་བ་ལས་གཏོར་བཅོམ་སོགས་གཏན་ནས་བྱས་མྱོང་མེད། ཡིན་ཡང་ཐེངས་ཁ་ཤས་ཞིག་ལ་རྒྱལ་དར་སར་ཕབས་པ་བྱུང་ཡོད། དེ་རིང་གི་འདི་འདྲའི་སྲུང་སྐྱོབས་ནན་མོ་དང་བརྟན་པོས་ལྕགས་རི་རིམ་པ་གཉིས་ཞིག་བྱེད་དགོས་དོན་མེད། སྤྱིར་རྒྱལ་ཁབ་གང་གི་གཞུང་ཚབ་དེ་དེ་གར་གྱི་སྲུང་སྐྱོབ་བྱེད་དགོས་བ་ཁྲིམས་ཀྱི་འགྲོ་ལུགས་རེད། ཡིན་ཡང་དེ་རིང་གི་འདི་ནི་བོད་མི་རིགས་ཀྱི་གཤིས་ཀ་དང་བསྡུར་ན་ཚད་ལས་བརྒལ་འདུག

གང་ལྟར་ཀྱང་རྒྱ་ནག་གི་དངུལ་གྱི་སྟོབས་ཤུགས་འདིས་ང་ཚོས་སྐད་འབོད་བྱེད་པའི་གནས་ཚུལ་ཧྥ་རན་སིའི་གསར་འགྱུར་བརྒྱུད་ལམ་ཁག་ན་གཅིག་ཀྱང་མཐོང་རྒྱུ་མེད། ང་ཚོ་བོད་མི་ཉམ་ཆུང་ཚོ་གསོན་པོ་མེ་འབར་ནས་མེ་མདའི་ཁ་ནས་རྩེད་མོ་རྩེད་བྱེད་བྱས་ཀྱང་རྒྱལ་སྤྱིའི་གསར་ལམ་ཁག་ཏུ་ད་རུང་ཚུད་ཐུབ་ཀྱི་མི་འདུག རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཟེར་བ་ཚིག་ཙམ་ཞིག་གིས་ཁེ་ཕན་ཡོད་སའི་ལུང་པའི་མི་ལ་སེམས་གསོ་བྱེད་ཙམ་དུ་གྱུར་འདུག ང་ཚོ་གཞི་བྱེས་བོད་མི་སུ་ཡིན་ཡང་རྒྱལ་སྤྱིའི་སྟེང་རེ་བ་ཞིག་བྱེད་དགོས་ཚེ་།བོད་མི་རིགས་ཟེར་བའི་མིང་ཙམ་ཞིག་འཛམ་གླིང་འདིའི་གནས་ཐུབ་པ་ཙམ་རེད། གཞི་བྱེས་བོད་མི་ཡོངས་ཆིག་སྒྲིལ་གྱིས་འཐབ་རྩོད་བྱེད་དགོས་བ་ལས་མི་རིགས་གཞན་དང་རྒྱལ་ཁབ་གཞན་ཞིག་གིས་ཚིག་ཙམ་གྱིས་ཡང་རོགས་རམ་བྱེད་རྒྱུ་ཁེགས་པ་རེད་ཅེས་འབོད་སྐུལ་ཡང་ཞུ་འདོད་བྱུང་།

གསར་འགྱུར།

Post navigation

Previous Post: ཐོལ་བྱུང་གི་གླུ།
Next Post: མི་འགྱུར་གངས་ཕྲུག་ལ་རྒྱབ་བཤད་བརྒྱབ་པ།

Comment (1) on “ཧྥ་རན་སིའི་གསུམ་བཅུ་དུས་དྲན་།”

  1. རྔ་བ་གཉན་རྒོད་ནས་་ says:
    2012-03-12 at 5:16 am

    ངོ་མ་རེད་སྐད་ཆ་དེ་ལྷག་བསམ་རྣ་དག་རེད་་་་་་ངོ་མ་རང་ཉིད་ནས་མ་རེམ་ན་གཞན་དག་དངུལ་ལོའི་དབང་དུ་ཡོད་པ་ཤེས་དགོས་་བོད་རྒྱལ་ལོ་

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme