Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཧོ་ལན་ཌི་རྒྱལ་ཁབ་ནང་གི་བོད་ཀྱི་ཟ་ཁང་ཁྱད་པར་ཅན་ཞིག

Posted on 2015-09-192015-09-19 By ཁ་བརྡ 3 Comments on ཧོ་ལན་ཌི་རྒྱལ་ཁབ་ནང་གི་བོད་ཀྱི་ཟ་ཁང་ཁྱད་པར་ཅན་ཞིག

གཙུག་ལག་རང་གྲོལ་དང་མིག་ཆུ། (ཡོ་རོབ།)

 
ངེད་གཉིས་འདས་པའི་ལོ་གཅིག་གི་རིང་ལ་བོད་མི་སྐྱབས་བཅོལ་བ་ཚོ་འདུས་སྡོད་བྱས་ཡོད་སའི་ཡོ་རོབ་ཀྱི་ལུང་པ་ཆེ་ཁག་ཚང་མའི་ནང་དུ་ཕྱིན་པ་མ་ཟད། ལུང་པ་དེ་དག་གི་ནང་གི་བོད་པའི་གནས་ཚུལ་ཆེ་འབྲིང་ཆུང་གསུམ་ཚང་མར་རྒྱུས་ལོན་བྱེད་ཁུལ་བྱས་པ་ཡིན། ཡིད་སྐྱོ་བ་ཞིག་ལ་ང་ཚོའི་ཧ་གོ་བའི་དོན་དག་མང་ཆེ་བ་གཏམ་ངན་ཤ་སྟག་རེད། དཔེར་ན། ༧སྐུའི་འཁྲུངས་སྐར་སྐབས་ཀྱི་མཚན་ཚོགས་ལ་སོགས་པའི་ཐོག་ཏུ་བོད་པ་ནང་ཁུལ་དབར་འཛིང་རེས་བྱས་ནས་ས་གནས་ཉེན་རྟོག་པར་དཀའ་ངལ་བཟོ་བ་དང་། གཞིས་ཆགས་དང་གསར་འབྱོར་དབར་ཁྱད་གསོད་དང་ཕྱོགས་རེས་བྱེད་པ། བོད་པའི་བུད་མེད་མང་དག་ཅིག་གིས་ལོ་མང་འགྲོགས་པའི་རང་གི་བཟའ་ཟླ་དང་ཕྲུ་གུ་བསྐྱུར་ནས་མི་གཞན་པའི་རྐུབ་ལ་རྒྱུགས་པ་སོགས་རེད།(འདིའི་སྐོར་ལ་ཧོན་འཐོར་བའི་གཏམ་རྒྱུད་མང་པོ་ཡོད།)

འོན་ཀྱང་། དགའ་འོས་པའི་གནས་ཚུལ་གཅིག་རྒྱུས་ལོན་བྱུང་པ་ནི། ཧོ་ལན་ཌི་རྒྱལ་ཁབ་ནང་ཡོད་པའི་བོད་ཀྱི་ཟ་ཁང་གི་བདག་མོས་རང་ཉིད་ཀྱི་ཟ་ཁང་བརྒྱུད་ནས་དེར་ཡོད་ཀྱི་བོད་པ་སུམ་བརྒྱ་ལྷག་གི་མཐུན་སྒྲིལ་གྱི་ཨ་ལོང་གཅིག་ཏུ་སྦྲེལ་བར་འབད་བཞིན་པའི་བསྔགས་འོས་ཀྱི་ཕྱག་ལས་གནང་སྟངས་སྐོར་རེད།

unnamed-5ཨོཾ་བོད་ཀྱི་ཟ་ཁང་དེ་ཧོ་ལན་ཌི་རྒྱལ་ས་ཨམ་སིཀྲར་སྒྲམ་གྲོང་ཁྱེར་གྱི་ལྟེ་བར་ཆགས་འདུག་ལ། ཟ་ཁང་དེ་འཛུགས་མཁན་ནི་༡༩༨༠ གྱ་གྲངས་ནང་རྒྱལ་ཁབ་དེའི་ནང་ཐོག་མར་ཕེབས་མཁན་གྱི་ཨ་ཅག་ཚེ་དབྱངས་སྒྲོལ་མ་ལགས་རེད། མོ་ནི་ལུང་པ་དེའི་ནང་སྐྱབས་བཅོལ་ཞུ་མཁན་བོད་པ་དང་པོ་དེ་ཡིན་པ་མ་ཟད། ལུང་པ་དེའི་ནང་བོད་ཀྱི་ཟ་ཁང་ཐོག་མ་འཛུགས་མཁན་དེ་ཡང་ཡིན་འདུག ཧོ་ལན་ཌི་རྒྱལ་ཁབ་ནང་བོད་པ་སྐྱབས་བཅོལ་བའི་གྲངས་འབོར་ཡོ་རོབ་རྒྱལ་ཁབ་གཞན་དག་དང་བསྡུར་ན་ཉུང་བ་ཡོད་པས། ཨ་ཅག་ལགས་ཀྱིས་ཐོག་མའི་ཆར་རང་གི་ཟ་ཁང་དེ་གཉེར་ཞོར། བོད་པའི་སྐྱིད་སྡུག་ཚོགས་པ་བཙུགས་པ་དང་། བོད་མི་སྐྱབས་བཅོལ་བའི་གྲངས་འབོར་ལོ་རེ་བཞིན་ཇེ་མང་དུ་སོང་བ་བསྟུན། སྐྱིད་སྡུག་ཚོགས་པ་དེ་རིམ་བཞིན་བོད་རིགས་ཚོགས་པའི་ངོ་བོར་བསྒྱུར་ནས་ལོ་མང་རིང་ཚོགས་པ་དེའི་ནང་ཕྱག་ལས་གནང་ཤིང་། རང་ཉིད་ཀྱི་ཟ་ཁང་ནང་བོད་པའི་སྐྱབས་བཅོལ་བ་གང་མང་ལ་ལས་ཀ་སྤྲད་ནས་ཁོ་ཚོའི་འཚོ་བའི་རྨང་གཞི་སྲ་བརྟན་ཡོང་བའི་ཆ་རྐྱེན་བསྐྲུན་ཡོད་ལ། ད་ཆ་མོའི་ཟ་ཁང་ནང་ལོ་མང་རིང་ལས་ཀ་བྱས་མྱོང་བའི་ལས་མི་ཁག་ཅིག་གིས་རང་རང་ས་ནས་བོད་ཀྱི་ཟ་ཁང་གསར་བ་ཆུང་ཆུང་འགའ་ཡང་ལོགས་སུ་སྒོ་འབྱེད་བྱེད་ཐུབ་པ་བྱུང་ཡོད།

བོད་པའི་སྐྱབས་བཅོལ་བ་རྙིང་པ་ཚོ་རང་མགོ་ཐོན་པ་དང་བསྟུན། ཨ་ཅག་ཚེ་དབྱངས་སྒྲོལ་མ་ལགས་ཀྱིས་ལུང་པ་དེའི་ནང་གསར་དུ་འབྱོར་བའི་བོད་པའི་སྐྱབས་བཅོལ་བ་ཚོར་རང་གི་ཟ་ཁང་ནང་མུ་མཐུད་ནས་ལས་ཀ་སྤྲོད་ཀྱི་འདུག་པ་མ་ཟད། སྐྱབས་བཅོལ་བ་གསར་པ་ཚོར་རྒྱལ་ཁབ་དེའི་ནང་སྡོད་ཆོག་པའི་ཁྲིམས་མཐུན་གྱི་ཡིག་ཆ་རེག་པའི་ཐད་ལ་ཡང་རོགས་རམ་བྱེད་ཀྱི་འདུག

unnamed-6

ད་དུང་དེ་ལས་ཡིད་སྨོན་བྱེད་དགོས་པ་ཞིག་ནི། བོད་ཀྱི་ཟ་ཁང་དེའི་ཉིན་རེའི་ཡོང་འབབ་ཧ་ཅང་མཐོ་ན་ཡང་། ཟླ་རེའི་ཚེས་༡༥ ཉིན་ཟ་ཁང་གི་ཉིན་གཅིག་རིང་གི་ཚོང་ལས་དོར་ནས། བོད་པ་ཚོ་མཉམ་འཛོམས་ཡོང་བའི་སྤྲོ་སྐྱིད་ཀྱི་ཁོར་ཡུག་ཅིག་བསྐྲུན་འདུག་ལ། ཉིན་དེར་ཟ་ཁང་ནང་འཛོམས་པའི་བོད་པ་ཚང་མས་དགའ་སྤྲོའི་གཏམ་གླེང་ཙམ་མ་ཟད། ཁ་བཏོན་དགེ་སྦྱོར་སོགས་ཆོས་ཕྱོགས་ཀྱི་བྱེད་སྒོ་མི་ཉུང་བ་ཞིག་རང་མོས་ཐོག་སྤེལ་བའི་སྲོལ་བཟང་ཞིག་ཆགས་ཏུ་བཅུག་ཡོད་པ་དེ་རེད།
ཨ་ཅག་ལགས་ཀྱིས་བཏོད་པའི་ཧོ་ལན་ཌི་ནང་གི་སྲོལ་བཟང་དེས་ངའི་ཕ་ཡུལ་ཨ་མདོའི་ཕྱོགས་སུ་ཟླ་རེའི་ཚེས་༡༥ ཉིན་ཁྱིམ་ཚང་རེ་རེ་བཞིན་རེས་མོས་སུ་འཁོར་ནས་སོ་སོའི་ཁྱིམ་དུ་ཞབས་རིམ་བཀོད་སྒྲིག་བྱེད་པ་དང་ཞལ་ལག་སྦྱིན་པ་སོགས་ཀྱིས་མཚོན་པའི་སྲོལ་རྒྱུན་གྱི་གོམས་གཤིས་བཟང་པོ་དེ་དག་དྲན་གསོ་ཐེངས་ཤིག་བསླངས་བྱུང་བས། ཨ་ཅག་ལགས་ཀྱི་ལས་དོན་བྱེད་ཕྱོགས་ལ་སེམས་གཏིང་ནས་རྗེས་སུ་ཡི་རངས་མི་བྱེད་ཐུ་མེད་བྱུང་།

ཧོ་ལན་ཌི་ཨོཾ་བོད་ཀྱི་ཟ་ཁང་དེ་ཆེ་ས་ནས་རྒྱལ་ཁབ་ཅིག་གི་གྲོས་ཚོགས་ར་བ་དང་མཚུངས་ལ། ཆུང་ས་ནས་གྲོང་པའམ་སྡེ་བ་ཆུང་ཆུང་གི་༼མ་ཎི་ཁང་༽དང་གཉིས་སུ་མི་འདུག་པས། གལ་ཏེ་ཀློག་པ་པོ་གང་རུང་ཞིག་ཡོ་རོབ་གླིང་གི་ཧོ་ལན་ཌི་རྒྱལ་ཁབ་ནང་སླེབས་པ་ཡིན་ན། ཨོཾ་བོད་ཀྱི་ཟ་ཁང་ནང་ཐེངས་གཅིག་སོང་ནས་ཨ་ཅག་ཚེ་དབྱངས་སྒྲོལ་མའི་སར་ལུང་པ་དེའི་ནང་གི་བོད་པའི་གནས་ཚུལ་སྐོར་ཞིབ་ཕྲ་རྒྱུས་ལོན་བྱེད་རྒྱུ་མ་བརྗེད་པ་གནང་རོགས་ཞེས་ཞུ་འདོད་བྱུང་།

དྲན་ཐོ།

Post navigation

Previous Post: བོ་ཇོ་གཉིས་དང་མི་ཆེན་ཁྱིམ་རྒྱུད་གཉིས་དབར་གྱི་ལས་དབང་།
Next Post: བོད་རང་བཙན་ལེན་སྟངས་ཀྱི་འཆར་སྣང་ཁྲིམས་གཏུག་མ།

Comments (3) on “ཧོ་ལན་ཌི་རྒྱལ་ཁབ་ནང་གི་བོད་ཀྱི་ཟ་ཁང་ཁྱད་པར་ཅན་ཞིག”

  1. ཏྲེ་ཧོར་བྱམས་པ་རིན་ཆེན། says:
    2015-09-19 at 10:55 pm

    མིའི་སྤྱི་ཚོགས་ནང་གནས་ཚུལ་ཡག་སྡུག་མང་པོ་མཐོང་རྒྱུ་ཡོད་དང་ཡོད། མངོན་དུ་གསལ་མི་གསལ་ལས་ཧོ་ལཎ་ཌི་ཅིག་པོ་ལ་ཨེ་ཡིན་ནམ།གང་ལྟར་རོབ་ཙམ་བྲིས་འདུག་པས་བསྔགས་འོས་སོ།།

  2. ཨ་ཁུ་ནོར་བུ་ says:
    2015-09-20 at 9:35 am

    ཨ་ཅག་ཚེ་དབྱངས་ཀྱི་ཕ་ཡུལ་གང་ནས་ཡིན་མིན་དང་ ཁོང་རང་གི་འདྲ་པར་ཞིག་བྱུང་ན་རྩོམ་དེ་ཆ་ཚང་བ་ཞིག་ཡོང་བ་འདུག་ བཟའ་ཁང་གི་སྒོ་བྱང་ཐོག་རྒྱ་ཡིག་ ༼ བོད་ ཟེ་ཁྲོན་༽ཞེས་བྲིས་འདུག་པས་དེའི་དོན་གང་ཡིན་ནམ།

  3. མེ། says:
    2015-09-22 at 3:52 am

    ཧོ་ལན་གྱི་ཟ་ཁང་དེ་བསྟོད་པའི་ཆེད་དུ། ཡུ་རོབ་ལུང་པ་གཞན་པའི་བོད་པ་ཚོར་མཐའ་གཅིག་ཏུ་སྨད་དགོས་པ་ཨེ་ཡོད། ཡུལ་སྐོར་ཟིན་ཐོ་འབྲི་རྒྱུ་ཡིན་ན། ཞིབ་ཚགས་ཁུངས་ལུང་ཡོད་པ་ཞིག་བྲིས་དཱ། འབྲི་སྟངས་ལ་བལྟས་ན། ད་རུང་ཤེས་ཡོན་གྱི་ན་སོ་ཆ་ཚང་སྨིན་མི་འདུག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme