Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཧུའུ་ཅིན་ཐོ་ཡི་མེ་མདའི་འོག་གི་མི་རིགས་འཆམ་མཐུན།

Posted on 2012-02-16 By ཁ་བརྡ་ No Comments on ཧུའུ་ཅིན་ཐོ་ཡི་མེ་མདའི་འོག་གི་མི་རིགས་འཆམ་མཐུན།

ནམ་མཁའ་ནས་༡༥/༢/༢༠༡༢ལ་ཡོ་རུབ་ནས་བྲིས།

དེང་སང་རྒྱ་ནག་གི་མེ་མདའ་གཏད་ས་གསུམ་བོད་དང་ནང་སོག་ཞིན་ཅང་གསུམ་ཡིན།
༢༠༠༩ལོར་ཞིན་ཅང་གིས་ཞི་རྒོལ་བྱས་ཏེ་རྒྱ་གཞུང་གིས་ཁྲག་དྲི་བྲོ་བར་དམར་གསོད་བྱས་ཡོད་ལ།
ཡིན་ན་ཡང་༢༠༠༨ལོ་ཡི་བོད་ཆོལ་གསུམ་གཅིག་གྱུར་གྱིས་ཞི་རྒོལ་ཆེན་མོ་ལ་རྒྱ་གཞུང་གི་བརྙན་འཕྲིན་སོགས་ལས་རྡུང་འཕྲོག་བསྲེགས་གསུམ་གྱི་མིང་བཏགས་ཏེ། བོད་ཐོག་གཏམ་སྡིག་གཏོང་བ་བཞིན་སྡིག་དམོད་བྱས་མེད།
དེ་ནི་རྒྱ་གཞུང་གིས་ལོ་གཅིག་གི་རིང་བོད་ཐོག་བརྙན་འཕྲིན་དང་ཚགས་པར་སྒྲ་སྡུད་འཁོར་ལོ་སོགས་གནས་ཚུལ་སྤེལ་སའི་ས་ཡོད་ཚད་ནས་རྡུང་འཕྲོག་བསྲེགས་གསུམ་གྱི་མིང་གིས་གཏམ་སྡིག་བྱས་སྟེ། བོད་རིགས་བྱིས་པ་ཚུན་གྱི་སེམས་སུ་རྨ་ཁ་དང་རུས་གསེང་ལ་ན་ཟུག་སྦྱིན་པའི་ངོས་ཟིན་ཞིག་རེད། རྒྱུ་མཚན་ནི་སྲིད་འཛིན་ཧུའུ་ཅིན་ཐོ་ཡིས་ཁ་ནས་འཆམ་མཐུན་ཞེས་བའི་ཚིག་ཞིག་རྒྱ་ནག་རྒྱལ་ཡོངས་སུ་བསྒྲགས་པ་རེད། ན་ནིང་ལོར་ནང་སོག་ནས་ཞི་རྒོལ་གྱི་འགོ་བརྩམས་ཏེ་དྲག་དམག་གིས་མགོ་བོ་མནན་ཙམ་བྱས།

མི་རིགས་འདི་གསུམ་གྱི་བདེ་སྡུག་འཛམ་གླིང་སྟེང་གླེང་ཙམ་བྱེད་ཀྱི་ཡོད། ཡིན་ཡང་ད་དུང་ཡང་ལེགས་འབྲས་ཅི་ཡང་བྱུང་མེད། རྒྱ་གཞུང་གིས་འཛམ་གླིང་སྟེང་གསལ་བཤད་བྱས་བ་ལ་རྒྱ་ནག་ནང་ཁུལ་གྱི་དོན་དག་ཡིན་པས་ཁྱེད་ཚོས་ང་ཚོའི་ནང་ལ་ཁུལ་ཐེར་གཏོགས་བྱེད་མི་ཆོག་ཅེས་མ་ཎི་བཞིན་འདོན་གྱི་ཡོད།
གང་ལྟར་ཡང་འཛམ་གླིང་སྟེང་མི་རིགས་འདི་གསུམ་གླེང་སློང་ཆར་དུས་ཀྱི་སྦལ་བ་བཞིན་གནས་ཚུལ་རེ་བྱུང་དུས་གྲགས་འགུལ་ཙམ་བྱས་ཀྱི་ཡོད། ལྷག་པར་དུ་ཁ་སང་དེ་རིང་འཛམ་གླིང་སྟེང་གླེང་སློང་ཤུགས་ཆེན་བྱེད་པ་ནི་ང་ཚོའི་བོད་དོན་ཡིན།
བོད་དོན་འདི་ང་ཚོ་བོད་མི་ཚོས་རྒྱལ་སྤྱིའི་སྟེང་བསྐྱལ་བ་ཞིག་མིན། འདི་ནི་རྒྱ་ནག་སྲིད་གཞུང་གིས་
བོད་ཐོག་ཏུ་མེ་མདའ་དང་དབྱུག་པས་བཙན་དབང་བྱས་བའི་འབྲས་བུ་ཞིག་རེད།

གལ་སྲིད་རྒྱ་གཞུང་གིས་བོད་ནང་གི་བོད་མི་ཚོར་འདོད་བློ་ཁེངས་བའི་སྲིད་ཇུས་ལག་བསྟར་བྱས་ཡོད་ཚེ། ༢༠༠༨ལོའི་ཞི་རྒོལ་ཆེན་མོ་བྱུང་མི་སྲིད་ལ། ཁོང་ཚོའི་ཉིན་གུང་གི་རྨི་ལམ་ཏྰ་ལའི་བླ་མ་ཕྱི་ལོགས་སུ་སྐུ་རྐྱང་དུ་ལུས་ཟེར་བའི་རྨི་ལམ་ཡང་མུ་མཐུད་ནས་རྨིས་ཡོད། ཡིན་ན་ཡང་ང་ཚོ་བོད་ལ་སྟབས་ལེགས་དང་མ་ལེགས་གང་བཤད་དགོས་མི་ཤེས་ཀྱང་རྒྱ་གཞུང་གི་རྨི་ལམ་གྱི་ཤོག་དཀར་སྟེང་ལ་ཁྲག་གིས་ལོ་རྒྱུས་གསར་བ་ཞིག་བྲིས་པ་རེད། དེ་ཡང་འཛམ་གླིང་སྟེང་ནམ་ཡང་བསུབ་མི་ནུས་ལ། བོད་ཕྱི་ནང་གང་གི་སེམས་ནས་ཀྱང་ཡལ་མི་ཐུབ་པ་ཞིག་ཡིན། ཤོག་དཀར་སྟེང་གི་ཁྲག་གི་ལོ་རྒྱུས་འདི་ལས་མདོ་སྟོད་སྨད་ཁུལ་ནས་ན་ཟུག་གི་མེ་ལྕེ་ལུས་བོ་ནས་འབར། ད་རུང་ཡང་ཧུའུ་ཅིན་ཐོ་ཡིས་མི་རིགས་འཆམ་མཐུན་ཞེས་བའི་རས་གཞི་འདིའི་འོག་ཏུ་མེ་མདའ་དང་གཡོ་སྒྱུ་ཁྲ་གསུམ་སྦས་ཞོར་ངན་ཁེགས་ཆ་ཚང་བཙན་བྱོལ་གཞུང་ལ་བཀལ་གྱི་ཡོད། སྲིད་འཛིན་ཧུའུ་ལགས། གལ་སྲིད་ཁྱེད་ཀྱིས་བཤད་པའི་འཆམ་མཐུན་ལག་ལེན་དུ་བསྟར་ན་གྲངས་ཉུང་མི་རིགས་སུ་ལ་ཡང་སྐྱིད་སྡུག་བཤད་དབང་མེད་པར་མེ་མདས་ཐག་གཅོད་བྱེད་པ་འདི་ཁ་བཤད་ལག་ལེན་གཉིས་མཐུན་པ་ཞིག་ཡིན་ནམ། ད་ལོ་རྒྱ་ཡི་ལོ་གསར་ཚེ་གཅིག་ལ་ཁྱེད་ཀྱི་རྗེས་འཇུག་པ་ཚོས་ཤོག་སྤག་གི་ཚབ་ཏུ་བོད་མི་ཚོས་ཞི་རྒོལ་ལ་མེ་མདའ་རྒྱབ་སྟེ་དམར་གསོད་དང་རྨས་སྐྱོན་བྱུང་།འདི་ནི་ཁྱེད་ཀྱི་སྲིད་གཞུང་གི་མི་རིགས་འཆམ་མཐུན་ཟེར་བ་དེ་ཨེ་རེད།

ཁྱེད་དང་ཁྱེད་ཀྱི་སྲིད་གཞུང་གིས་མེ་མདའི་ཁ་ནས་མི་རིགས་འཆམ་མཐུན་བྱེད་འདོད་པའི་རྨི་ལམ་གསར་བ་ཞིག་གཏོང་གི་ཡོད། འདི་ནི་ནམ་ཡང་འགྲུབ་མི་སྲིད་པ་ཞིག་རེད། ཁྱེད་དང་ཁྱེད་ཀྱི་སྲིད་གཞུང་གི་མི་རིགས་འཆམ་མཐུན་གྱི་མིང་ལ་ངས་༼རྡུང་འཛིན་གསོད་གསུམ་༽ཞེས་འབོད་ཀྱི་ཡོད། ཁྱེད་ཀྱི་སྲིད་གཞུང་གིས་བཟོས་བའི་རྩ་ཁྲིམས་དག་དཔོན་ངན་བཤུ་གཞོགས་པ་ཚོའི་མདུན་ན་གྲངས་ཉུང་མི་རིགས་དང་མི་དམངས་ཉམ་ཆུང་ཚོར་བེད་སྤྱོད་མེད། དཔེར་ན་ཁྱེད་ཀྱི་སྲིད་གཞུང་གི་རྩ་ཁྲིམས་ཨ་མའི་ནང་གཏམ་བརྗོད་ཀྱི་རང་དབང་ཡོད་ཅེས་བཀོལ་ཡོད། ཡིན་ཡང་། ང་ཚོ་བོད་མི་ཚོའི་གཏམ་བརྗོད་ཀྱི་རང་དབང་གི་གོམས་སྒྲ་ལ་མེ་མདའི་སྐད་ཀྱིས་ལན་སྤྲད་ཀྱི་ཡོད་པ་འཛམ་གླིང་གི་མིག་མདུན་ན་གསལ་བོར་ཡིན། ང་ཚོ་བོད་མི་ཚོར་གཏམ་བརྗོད་རང་དབང་ག་ལ་ཡོད།ཐ་ན་རྒྱ་མི་རིགས་ལ་ཡང་རང་དབང་མེད་པས་༢༠༡༡ལོར་གནམ་བདེ་སྒོ་མོ་ཆེ་ཡི་ཐང་ཆེན་ནས་རྒྱ་རིགས་ཞིག་གིས་འུ་ཐུག་ཐབས་ཟད་ཀྱིས་རང་ལུས་མེ་བསྲེགས་བཏང་བ་མ་ཡིན་ནམ། དེ་མིན་ཧའོ་ཅ་ལ་ཡང་གཏམ་བརྗོད་ཀྱི་རང་དབང་མེད་པར་བཙོན་ཁང་དུ་བཅུགས་པ་མ་ཡིན་ནམ། དེང་སང་བཙོན་ཁང་ནས་གློད་གྲོལ་བཏང་ཡོད་ན་ཡང་གཏམ་བརྗོད་ཀྱི་རང་དབང་འཕྲོག་ཡོད། ཁྱེད་དང་ཁྱེད་ཀྱི་སྲིད་གཞུང་ལ་མི་དམངས་ཀྱིས་སྐྱིད་སྡུག་བཤད་ས་ནམ་ཡང་མེད་པ་གསལ་བོ་ཡིན། སྤྱིར་འཛམ་གླིང་གི་རྒྱལ་ཁབ་གང་ཡིན་ན་ཡང་ཁྲིམས་ཀྱི་མདུན་ན་འདྲ་མཉམ་ཡིན། ཡིན་ཡང་ཐབས་སྐྱོ་བ་ཞིག་ལ་བོད་མི་ཚོར་ཁྱེད་ཀྱི་སྲིད་གཞུང་གི་ཁྲིམས་མདུན་ན་མེ་མདའ་ལ་གཏམ་བཤད་དུ་འཇུག་པ་འདི་ཁྱེད་ཀྱི་མི་རིགས་འཆམ་མཐུན་ཟེར་བའི་ཡ་ང་བའི་སྲིད་ཇུས་ཞིག་ཡིན་པས་དུས་ནམ་ཡང་འཆམ་མཐུན་ཡོང་མི་ཐུབ་པའི་ལམ་ཁོ་ན་ཡིན། ད་རུང་བཤད་རྒྱུ་ཞིག་ལ། ཁྱེད་དང་ཁྱེད་ཀྱི་སྲིད་གཞུང་ལ་གོམས་གཤིས་ངན་ལོབ་ཏུ་སོང་བའི་བྱ་སྤྱོད་ཐ་ཤལ་ཞིག་ལ། ཁྱེད་དང་ཁྱེད་ཀྱི་སྲིད་གཞུང་ནོར་སྐྱོན་འགེབས་སྲུང་ཆེད་ངན་ཁེགས་དཀྲིས་ས་ཡི་མི་ཞིག་བཙལ་ནས་དེར་སྐྱོན་ཆ་ཚང་འགེལ་གྱི་ཡོད།

ཐ་ན་རྒྱ་ནང་དུ་རང་བྱུང་འབྱུང་བཞིས་འཇིག་པ་བྱུང་ནས་མི་དམངས་ལ་རྡབ་སྐྱོན་བྱུང་བའི་གྲངས་ཀ་ཡང་འགེབས་སྲུང་བྱེད་ཀྱི་ཡོད། དཔེར་ན་མི་བརྒྱ་ཤི་སྐྱོན་བྱུང་དུས་མི་བཅུ་ཤི་སྐྱོན་བྱུང་བའི་གྲངས་རྫུན་ཞིག་དང་མི་ཆིག་སྟོང་གི་ཤི་སྐྱོན་བྱུང་ཚེ་མི་བརྒྱ་གྲངས་ཀྱི་རྫུན་ཞིག་ཕྱི་ནང་ཀུན་ལ་བསྒྲགས་བྱེད་ཀྱི་ཡོད།འདི་རང་བྱུང་འབྱུང་བཞིས་འཇིག་པ་ཞིག་ཡིན་པ་ལས་ཁྱེད་དང་ཁྱེད་ཀྱི་སྲིད་གཞུང་གི་ནོར་འཁྲུལ་ཞིག་མ་རེད། ཡིན་ཡང་འདི་ཙམ་ཡང་གསང་སྦས་ཁོ་ནས་མི་དམངས་ལ་མགོ་སྐོར་གཏོང་གི་ཡོད། ལོ་ཤས་སྔོན་ལ་རྒྱ་ནང་གི་གྲོང་ཁྱེར་ག་གེ་མོ་ཞིག་ནས་བྱ་ཕག་འགས་ནད་ཞིག་འཛམ་གླིང་གང་སར་ཁྱབ་དུས་ཁྱེད་ཀྱི་མགྲིན་ཚབ་གསར་འགོད་པ་ཚོས་རྒྱ་ནང་ལ་གནས་ཚུལ་སྤེལ་དུས་ནུབ་ཕྱོགས་ཕྱི་རྒྱལ་ནས་འདིར་ཁྱབས་ཚུལ་བརྗོད་ཀྱི་འདུག འདི་འདྲའི་རྫུན་ཞིག་གིས་དེང་སང་མི་དམངས་ལ་མགོ་སྐོར་དུས་ཡུན་རིང་པོ་བྱེད་ཐུབ་བམ། ངས་གོང་དུ་བཤད་པའི་ཧའོ་ཅ་ཡིས་དམག་མི་ཚོས་འགེབས་སྲུང་བྱས་བའི་འགས་ནད་ཨེ་ཙི་སོགས་ཀྱི་གསང་བ་འགའ་ཕྱི་བསྒྲགས་བྱས་རྗེས་ཁོ་རང་གི་གཏམ་བརྗོད་རང་དབང་ཡོངས་སུ་འཕྲོགས་སྟེ་བཙོན་ཁང་དུ་ལོ་གསུམ་ལྷག་བཅུགས་པས། ཁྱེད་དང་ཁྱེད་ཀྱི་སྲིད་གཞུང་གི་ནོར་འཁྲུལ་ཆ་ཚང་མི་གཞན་ཞིག་གི་སྟེང་འགེལ་གྱི་ཡོད་པ་འདི་རྒྱ་ནག་སྲིད་གཞུང་ལ་འཛམ་གླིང་སྟེང་ཡིད་ཆེས་མེད་པའི་རྒྱུ་རྐྱེན་འདི་རེད།

ང་ཚོ་བོད་མི་ཚོའི་སེམས་ནས་ནམ་ཡང་བརྗེད་མི་ཐུབ་པ་ནི། དུས་རབས་ཉི་ཤུའི་ལོ་རབས་བརྒྱད་བཅུའི་ནང་ཁྱེད་ཀྱིས་བོད་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་བྱེད་པའི་སྐབས། ཁྱེད་ཀྱི་ལག་གཡས་སུ་དྲག་པོའི་མཚོན་ཆ་དང་ལག་གཡོན་དུ་སྐར་ལྔའི་དར་དམར་འཕྱར་སྟེ་ལྷ་སའི་བར་སྐོར་ནས་རྒན་བྱིས་ཁྱད་མེད་དུ་དམར་གསོད་ཁྲག་དྲི་བྲོ་བར་བྱས། ད་རུང་རྒྱ་མི་རིགས་ཞིག་གིས་བཤད་ཚུལ་ལ་པཎ་ཆེན་སྐུ་གོང་མ་ཡང་ཁྱེད་ཀྱིས་ཟས་དུག་ཕུལ་ཏེ་དཀྲོངས་ཚུལ་གསལ་བོར་འཛམ་གླིང་ལ་བཤད་ཡོད། དུས་རབས་ཉེར་གཅིག་ལ་བོད་མི་ག་ཚོད་དམར་གསོད་བཏང་བ་ཁྱེད་ཀྱིས་འགེབས་སྲུང་བྱེད་འདོད་ཀྱང་བྱེད་རྒྱུ་ཁེགས་པོ་ཡིན། ཡིན་ཡང་འདི་ཚང་མ་ངན་ཁེགས་འགེལ་ས་བཙན་བྱོལ་གཞུང་ལ་བྱེད་པ་འདི་ནི་ཁྱེད་དང་ཁྱེད་ཀྱི་སྲིད་གཞུང་གི་གོམས་གཤིས་ངན་པའི་གཡོ་ཐབས་དེ་རེད།

སྣ་ཚོགས།

Post navigation

Previous Post: བོད་ལ་མིང་དོན་མཚུངས་བའི་རང་སྐྱོང་སྤྲོད་དགོས།
Next Post: མདུན་ལམ་མེད་པའི་དཔེ་སྟོན་སློབ་གྲྭ

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (15)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme