Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཧི་མ་ལའི་རྒྱབ་ངོས་ཀྱི་བདག་གི་ཕ་ཡུལ་ལགས།

Posted on 2019-02-11 By ཁ་བརྡ 1 Comment on ཧི་མ་ལའི་རྒྱབ་ངོས་ཀྱི་བདག་གི་ཕ་ཡུལ་ལགས།

རྔ་བ་ཀུན་བཟང་།

རི་ཆུ་སྟོང་ཁྲག་གི་ཕ་རོལ་ན་དར་དར་ཏུ་ལྷག་པའི་བདག་གི་ཕ་ཡུལ་ལགས། དེ་རིང་ངས་དྲན་གདུང་གིས་མཆི་མ་བཏང་ཤིང་། བཟོད་མེད་ཀྱི་ན་ཟུག་ལྕི་མོ་ཞིག་དང་ལྷན་ཏུ་ཁྱེད་རང་དྲན་བཞིན་ཡོད་ལ། ཁྱེད་ཀྱི་རྟ་ནོར་ལུགས་ཀྱི་འཕེལ་ཁ་དང་། ཤིང་རྩི་ཤིང་ལོ་མའི་མཛེས་སྡུག། ། རྫ་རི་སྨུག་པོའི་ཁ་རླུང་། གཡང་དཀར་ལུག་གི་འབའ་སྒྲ ། དགོ་དགོ་འབྲུ་མོའི་འོ་ཞོ། སྨྲུག་པོ་སྤྲ་ནག་གི་འཚོ་བ་གླེང་བཞིན་ཡོད།

ཕ་ཡུལ་ལགས། ཧི་མ་ལའི་རྒྱབ་ངོས་ཀྱི་བདག་གི་ཕ་ཡུལ་ལགས། ཁྱེད་ནི་གོ་ལ་ཟླུམ་པོའི་ཡངས་ཐོག་གི་གངས་རི་དཀར་པོའི་ཕ་ས་ཡིན་ལ ། ཁྱེད་ནི་མང་མང་གིས་སྐྱིད་ན་སྐྱིད་གླུ་དང་། སྡུག་ན་སྐྱོ་གླུ་ལེན་སའི་བསམ་གཞིག་གི་རྒྱབ་གཏན་ངོ་མ་དེ་ཡིན། ཕ་ཡུལ་ལགས། ང་ཁྱོད་དང་བྲལ་བའི་ཉིན་དེ་ནས་བཟུང་། ངས་ཆེས་ཐོག་མའི་དྲན་གདུང་གི་མཆི་མ་བཏང་ས་ཁྱོད་ཡིན་ལ། ངས་ཆེས་མཐའ་མའི་དགོད་སྒྲ་ཡི་གླུ་དབྱངས་ལེན་ས་ཡང་ཁྱོད་ཡིན་འདུག།། མ་གཞིར། ཁྱོད་དང་ངའི་བར་ན་བཤད་མི་ཚར་བའི་གཏམ་རྒྱུད་གཅིག་དང་། མུ་མེད་ཀྱི་རྨི་ལམ་རིང་མོ་ཞིག་གི་རྣེ་མོ་མཐུད་འདུག

ཕ་ཡུལ་ལགས། ཧི་མ་ལའི་རྒྱབ་ངོས་ཀྱི་བདག་གི་ཕ་ཡུལ་ལགས། ཁྱེད་ཀྱི་རི་ལུང་ནགས་ཆུ་སྐྱ་མདོག་ཏུ་འགྱུར་ཤིང་། ལྷས་ར་གྲུབ་བཞི་ཁ་ཐོར་ཏུ་འགྱུར་སྟེ། རླུང་ནག་འཚུབ་མ་ཞིག་གི་འུར་སྒྲ་དག་ཐོས་དུས། ང་ནི་འདི་ལྟར་ཞེ་སྡང་དང་སྐྱོ་སྣང་གི་བཟི་ཏེ ། ཁྱེད་ཀྱི་ལས་དབང་ལ་འཁང་ར་ལངས། ཕ་ཡུལ་ལགས། དྲང་མོ་བཤད་ན། ཁྱོད་ནི་གཅར་རྡུང་གི་རུས་ལ་ཐུག་ཞིང་། མེ་སྲེགས་ཀྱི་ཐལ་བ་འགྱུར་ཡང་། ད་དུང་སྔར་བཞིན་ཕྱི་གསལ་ནང་གསལ་གྱི་དགོད་སྒྲའི་ཁེངས་བས། ང་ནི་འདི་ལྟར་ཁྱོད་ཀྱི་བཅོས་མིན་གྱི་སྙིང་སྟོབས་དང་། ཕུགས་བསམ་ལ་ཡིད་རང་བྱེད་བཞིན་ཡོད།

ཕ་ཡུལ་ལགས། ཧི་མ་ལའི་རྒྱབ་ངོས་ཀྱི་བདག་གི་ཕ་ཡུལ་ལགས། ཁྱེད་ནི་དེ་འདྲའི་ངང་རྒྱུད་རིང་ལ། ཁྱེད་ནི་འདི་འདྲའི་དཔའ་ངར་ལྡན། ཁྱེད་དེ་འདྲའི་བློ་རྒྱ་ཡངས་ལ། ཁྱོད་ནི་དེ་འདྲའི་གཟི་བརྗིད་ཆེན། ཕ་ཡུལ་ལགས། གངས་ལྗོངས་ལགས། མ་གཞིར། ཁྱོད་ནི་གངས་ཕྲུག་ང་ཚོའི་སྲོག་ཤིང་གི་རྩ་བ་ཡིན་ལ། ནམ་ཡང་བརྗེད་མི་སྲིད་པའི་ཕ་ཁྱིམ་དྲོད་མོ་དེ་ཡིན། དེ་བས་ཀྱང་། གསོན་ན་གསོན་རོགས་དང་ཤི་ན་ཤི་རོགས་ཀྱི་རྣམ་ཤེས་དེ་ཡང་ཁྱེད་ཡིན་འདུག། ཕ་ཡུལ་ལགས། བསམ་གྱིན་བསམ་གྱིན་དུ། ངས་མིག་མཐའ་མཆི་མའི་ཁངས་ཞིང་། ཁྱོད་ཀྱི་གཞི་ཁྱིམ་ན་ཕྱིར་ལོག་མི་ཐུབ་པར་ཤེས་བྱུང་། འགྲོ་གྱིན་འགྲོ་གྱིན་དུ། ངས་རེ་ཐག་རྩ་ནས་ཆད་ཤིང་། ཁྱོད་དང་བར་ཐག་ཇི་རིང་དུ་སོང་བ་ཚོར་བྱུང་། གང་ལྟར་ཀྱང་། ཁྱེད་དང་ངས་བར་ཚེ་རབས་དུ་མའི་ལས་དབང་གི་འདུན་པ་དང་། ཕྱིར་ལྡོག་མེད་པའི་ཡིད་ཆེས་ཀྱི་ས་བོན་ཞིག་ཡོད་པས།ང་ཇི་སྲིད་འཚོ་བའི་བར་ཏུ། ཁྱོད་དྲོད་སྐྱིད་ལྡན་པའི་སྐྱེས་ཁམས་ཀྱི་མཛེས་སྡུག་ཡོད་ཚད་སྒོམ་ཤིང་། ནམ་ཡང་མི་བརྗེད་པའི་དམ་བཅའ་འཇོག་བཞིན་ཡོད། ཕ་ཡུལ་ལགས། ཧི་མ་ལའི་རྒྱབ་ངོས་ཀྱི་བདག་གི་ཕ་ཡུལ་ལགས།

ལྷུག་རྩོམ།

Post navigation

Previous Post: དོན་གཅོད་ལྷག་པ་མཚོ་སྒོའི་འཐུས་ཤོར།
Next Post: ཡབ་ཀྱིས་བུ་མོར་སྤྲིངས་པའི་འཕྲིན་ཞེས་པའི་མུ་འབྲེལ་བཀླགས་བྱང་།( 8 )

Comment (1) on “ཧི་མ་ལའི་རྒྱབ་ངོས་ཀྱི་བདག་གི་ཕ་ཡུལ་ལགས།”

  1. AྀBHARU JIGWANG says:
    2019-02-11 at 9:43 pm

    ༄༅། རྔ་བ་ཀུན་བཟང་ལགས་ཁྱོད་བདེན་ཡང་བདེན། དྲང་ཡང་དྲང་ང་ཡང་ཁྱོད་བཞིན་ཡིན།
    དམར་པོས་ཕ་ཡུལ་འཕྲོག་སོང་བཅོམ་སོང། དམར་པོས་མི་རིགས་ཁ་བྲལ་བཏང་སོང།
    དམར་པོས་གཉེན་སྤུན་ཁ་བྲལ་བཏང་སོང། དམར་པོས་གཏེར་ཁ་རྒྱུ་དངོས་བཅོམ་སོང།
    དམར་པོས་ཆོས་རིག་རྕ་མེད་བཏང་སོང་བརྗེད་ཐབས་མི་འདུག།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme