Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཧ་ལོག་སོང་བ་རེད་ཟེར།

Posted on 2011-04-052011-04-05 By ཁ་བརྡ་ 34 Comments on ཧ་ལོག་སོང་བ་རེད་ཟེར།

(ཉི་མ་ལགས་ཀྱི་༼དེ་འདྲ་ཡིན་ན། ཧ་ལོག་སོང་བ་རེད།༽ཞེས་པའི་ལན་དུ།
ཤ་ཀླན་འཇམ་དབྱངས་གྲགས་པ།

རྩོམ་ཡིག་འདིའི་འགན་རྩོམ་པ་པོས་ཁུར་རྒྱུ་ཡིན། ཉི་མའི་རྩོམ་ཡིག་ལ་མཆན་བྲི་ས་མ་རག་པས་འདིར་བཀོད་པ་ལགས།)
ཧ་ལོག་སོང་བ་རེད་ཟེར། བློ་སེང་ལ་འོས་ཐོབ་ན་ཧ་ལོག་སོང་བ་རེད་ཟེར།
TNTལ་འོས་ཐོབ་ན་ཧ་ལོག་མེད་པ་ཨེ་རེད།
ཧ་ལོག་སོང་བ་རེད་ཟེར། བང་ཆེན་ཚགས་པས་བློ་སེང་ལ་འོས་མང་བ་ཐོབ་ཤག་བྱས་འདུག་པས།
ཧ་ལོག་སོང་བ་རེད་ཟེར། རྒྱ་གར་དུས་བབ་ཀྱིས་བློ་སེང་བཀའ་ཁྲི་ཡིན་ངེས་ཅན་རེད་ཅེས་བཤད་འདུག་པས།
དེའང་ཧ་ལོག་སོང་བ་ཨེ་རེད། ཐེའི་ཝན་ན་ཚགས་པར་མང་པོ་ཞིག་གི་ཤོག་ངོས་ཡོད་ཚད་བློ་སེང་གིས་བཟུང་ཟེར།
དེའང་ཧ་ལོག་སོང་བ་ཨེ་རེད།

ཟམ་གདོང་རིན་པོ་ཆེ་ལ་འོས་བླུགས་པས་ཆོལ་ཞེན་མེད་པ་མཚོན་ཟིན་ཟེར།
ཡང་བློ་སེང་ལ་འོས་བླུགས་པས་ཆོལ་ཞེན་མེད་པ་མཚོན་པར་རེད་ཅེས་པ་དེ་འགྲིག་མི་འདུག་ཟེར།
ཉི་མ་ཡ་ཉི་མ། སྐད་ཆ་སོམས་ལ་ཤོད། རྩམ་པ་ལྡད་ལ་མིད།
ཁམས་པ་མི་མང་གིས་བློ་སེང་ལ་འོས་བླུགས་པ་དེ་མ་འགྲིག་པ་རེད་ཟེར།
ཆོལ་ཁ་གཞན་གཉིས་ཀྱི་མི་མང་གིས་བློ་སེང་ལ་འོས་བླུགས་པ་དེ་འགྲིག་པ་རེད་ཟེར།
ཡང་བློ་སེང་ལ་འོས་ཐོབ་ན་ཧ་ལོག་པ་རེད་ཟེར། ཉི་མ་ཡ་ཉི་མ།
སྐད་ཆ་འདི་ཚོ་ལ་འགྲེལ་བ་དང་ཡང་འགྲེལ་མེད་ན་གོ་ཐུབ་པ་མི་འདུག
འཆི་མེད་གཡུང་དྲུང་དང་བློ་བཟང་དབང་རྒྱལ། དཔལ་ལྡན་རྒྱ་མཚོ།
བག་གྲོ་བཅས་ནི་རྒྱབ་ལྗོངས་མི་ལེགས་པའི་མི་རེད་ཟེར། རྒྱབ་ལྗོངས་ལེགས་པའི་མི་ནི།
ལྕང་ལོ་ཅན་དང་། ཀ་ཤོད་པ། ང་ཕོད་པ། ཀླུ་ཁང་ལྟ་བུ་དགོས་པ་ཨེ་རེད།

བང་ཆེན་གྱིས་བློ་སེང་གི་ཞན་ཆ་གླེང་གི་མི་འདུག་པས་མ་འགྲིག་པ་རེད་ཟེར།
བོད་ཀྱི་ཆབ་སྲིད་བསྐྱར་ཞིབ་ཀྱིས་TNTཡི་ཞན་ཆ་མ་གླེང་བ་དེ་འགྲིག་པ་ཨེ་རེད།
བང་ཆེན་གྱིས་TNTལ་སྐྱོན་བརྗོད་བྱས་འདུག་པས་མ་འགྲིག་པ་རེད་ཟེར༼ངས་དེ་འདྲ་མ་མཐོང༽།
འོ་ན་སྣག་ཚ་དང་ཤོག་བུ་བཟས་ནས་འཚར་བའི་འཇམ་ནོར་གྱིས་བློ་སེང་ལ་སྐྱོན་བརྗོད་བྱས་པ་དེ་འགྲིག་པ་ཨེ་རེད་༼ངས་དངོས་སུ་མཐོང་ལ་དཔང་རྟགས་ཀྱང་བསྟན་རྒྱུ་ཡོད༽།

ཤེས་ཡོན་ཅན་མང་ཆེ་བས་བློ་སེང་བདམས་མེད་པས་བློ་སེང་ལ་འོས་ཐོབ་ན་མ་འགྲིག་པ་རེད་ཟེར།
ཤེས་ཡོན་ཅན་དེ་ཚོ་ཕག་གསོ་གསོ་བྱེད་བཞིན་པའི་མི་མང་གིས་བློ་སེང་བདམས་ན་དེའང་མ་འགྲིག་པ་ཨེ་རེད།

བློ་སེང་ལ་རྒྱབ་སྐྱོར་བྱེད་མཁན་ནི་བོད་ཀྱི་ཆབ་སྲིད་ཉག་ཕྲག་བའི་སྐབས་ཆབ་སྲིད་ཀྱི་ཀ་བ་བྱེད་མྱོང་བའི་རྒྱལ་ལོ་དོན་འགྲུབ་དང་།
བོད་རྒྱལ་ཁབ་དང་མི་མང་གི་དོན་དུ་རང་སྲོག་བློས་བཏང་བྱེད་མྱོང་བའི་ཆབ་སྲིད་བཙོན་པ་སྟག་སྣ་འཇིགས་མེད་དང་།
། དཔལ་ལྡན་རྒྱ་མཚོ། བག་གྲོ་སོགས་རེད་༼འདི་ཚོ་ལས་སུའང་ཁམས་པ་མིན༽།
འདི་ཚོའང་ཤེས་ཡོན་ཅན་མིན་པ་དང་།
དེབ་དང་སྨྱུ་གུའི་བར་དུ་འཚར་ཡང་སྣག་ཚ་དང་ཤོག་བུ་མ་གཏོགས་ཟ་རྒྱུ་མ་རྙེད་པའི་འཇམ་ནོར་དང་།
ཕ་མེས་ཡང་མེས་ཀྱི་སྐབས་བོད་རྒྱ་ལག་ཏུ་སྤྲོད་ཅིང་།
ཤེས་འཇོན་གཉིས་ལྡན་གྱི་མི་ཞིག་ཐོན་མ་ཐག་དར་རྫོངས་བརྒྱབ་ནས་འཇིག་རྟེན་ཕྱི་མའི་ལམ་དུ་བཏང་བའི་སྐུ་དྲག་མ་དྲག་ཏུ་འབོད་པའི་བུ་ཕྲུག་དེ་ཚོ་བོད་མི་མང་གི་ཁྲག་དང་རྔུལ་ཆུས་སྒྲུབ་པའི་རྒྱུ་ནོར་དག་བེད་སྤྱད་དེ་དབྱིན་ཡིག་ཁུངས་འཁྱོལ་ལ་མ་འཁྱོལ་ཞིག་ཤེས་པའི་༼ང་ཚོ་ལའང་གོ་སྐབས་རག་ཡོད་ན་ཁོ་ཚོ་ལས་སྐྱོ་བ་ཞིག་ཡིན་པར་མི་བསམ།
དཔེར་ན་དྲན་དབང་དགེ་ཆོས་ལྟ་བུ༽སྐབས་ཤེས་ཡོན་ཅན་ཆགས་པ་ཨེ་རེད།

ཁྱེད་ཀྱིས་ཐོས་པར་གཞིགས་ན་ལྷོ་ཕྱོགས་སུ་གྲྭ་བ་ཞིག་གིས་ཕོ་གསར་ཞིག་ལ་ཅི་ཅིག་ཉི་ཉིས་བྱས་འདུག་པས་མ་འགྲིག་པ་རེད་ཟེར།
ངས་ཐོས་པར་གཞིག་ན་བལ་ཡུལ་དུ་ཆོལ་ཁ་དང་སྐྱིད་སྡུག་ཚོགས་ནས་TNTལ་འོས་བླུགས་དགོས་ཚུལ་བཤད་འདུག་ལ།
། TNTལགས་ཀྱིས་དེ་ཚོར་ཐུགས་རྗེ་ཆེ་ཞུས་འདུག་པས་༼འདི་ངས་དངོས་སུ་མཐོང་སོང་
༽དེ་ཚོ་འགྲིག་པ་ཨེ་རེད། ༼ཕྱིས་སུ་བལ་གཞུང་གིས་འོས་ཤོག་བླུགས་བཅུག་མེད།༽
༼རྩོམ་སྒྲིག་པ་ལགས། འདི་དྲ་ཐོག་འགོད་ཐུབ་ན་བཀོད་རོགས།
བཀོད་མ་ཐུབ་ན་དེ་ལུགས་གསུངས་རོགས།༽

སྣ་ཚོགས།

Post navigation

Previous Post: ཚེ་བཟུང་ ཚེ་གོ ཚེ་སྤེ
Next Post: བོད་མི་ཚོས་ ༢༠༠༨ ལོར་ ངོ་རྒོལ་བྱེད་འོས་སམ་མི་འོས།

Comments (34) on “ཧ་ལོག་སོང་བ་རེད་ཟེར།”

  1. ལ་རྒྱའི་བདག་པོ། says:
    2011-04-05 at 10:42 pm

    བཀྲིས་བདེ་ལེགས།
    ༡༽སྤྱི་བཤད།ད་ཤ་ཀླན་འཇམ་གྲགས་ཆང་གིས་ར་བཟི་བའམ།གདོན་གྱིས་སྨྱོ་བའམ།ཆོལ་ཞེན་གྱིས་མྱོས་པའམ་གང་ལྟར་ལྟ་བཟོ་འདི་བཟོ་མེད་པའི་རྩོམ་ཡིག་གཅིག་སྤེལ་འདུག
    ལུང་རིགས་ཀྱི་སྒྲུབ་བྱེད་ལ་ལྟ་རྒྱུ་མི་འདུག་ལ།སྒྲུབ་བྱའི་ནང་དོན་ལའང་ངེས་པ་མི་འདུག
    དྲི་བའི་རྩོམ་ཡིག་ཡིན་དང་དགག་གཞག་རྩོམ་ཡིན་ཉ་ཉུང་མཉམ་བསྲེས་རེད།
    དག་སྡེབ་སྙན་ཆ་ལ་ལྟ་བཟོ་མེད་ལ་ནང་དོན་ཁུངས་ལྡན་ལའང་ཡིད་བརྟན་མི་འདུག

    ༢༽ རྒྱ་གར་དུས་བབ་ཚོགས་པར་ནང་ཐོན་པ་ནི་ནམ་རྒྱུན་བློ་སེང་ཚགས་པར་དང་རླུང་འཕྲིན་གྱི་པར་ཆས་ཀྱི་མདུན་ལ་དོན་རྒྱུ་དགའ་པོ་ཡོད་པས་རེད།

    ༣༽ཐེའི་ཝན་ན་ཚགས་པར་མང་པོ་ཞིག་ལ་བློ་སེང་ཐོན་པ་ནི་ཁོང་གི་འོས་འདུའི་དྲིལ་བསྒྲགས་ཀྱི་འགྲོ་གྲོན་ཐེ་ཝན་ནས་བཏང་བ་ཡིན་པས་དེ་ཕྱོགས་སུ་ཁོང་ལ་ཤུགས་རྐྱེན་ཡོད་པ་དངོས་བདེན་རེད།དེས་ང་ཚོའི་མ་འོངས་པའི་ཆབ་སྲིད་ལ་ཤུགས་རྐྱེན་མ་འཕྲད་པའི་རེ་བ་ཡོད།

    ༤༽ཁམས་པའི་མི་མང་གིས་བློ་སེང་ལ་འོས་བླུགས་པ་དེ་མ་འགྲིགས་མིན་མོད།ཁམས་པ་བརྒྱ་ཆ་གོ་དགུས་བློ་སེང་ཡིན་ཤག་ཤག་གི་འོས་བླུགས་པ་དེ་མ་འགྲིགས་པ་རེད།དཔེར་ན།གདན་སའི་གྲྭ་པ་བརྒྱ་ཆ་དགུ་བཅུ་ཁམས་ནས་ཡིན་ཞིང་།ཁོ་ཚོ་བརྒྱ་ཆ་བརྒྱ་ཡིས་རྒྱལ་བའི་བཀའ་དང་།ཟམ་གདོང་རིན་པོ་ཆེ་གསུང་།དགའ་ཁྲིའི་འབོད་སྐུལ།དམ་སྡོམ་གང་ལའང་ལྟོས་མེད་ཀྱིས་མིག་བཙུམས་ནས་བློ་སེང་ལ་འོས་བླུགས་རྐྱང་བྱེད་པ་དེ་ཉེན་ཁ་ཆེན་པོ་རེད་ལ།བྱ་སྤྱོད་དེ་དག་གིས་ང་ཚོ་བོད་ལ་ཉེན་བརྡ་ཆེན་པོ་ཞིག་སྤྲད་པ་རེད།

    ༥༽འཆི་མེད་གཡུང་དྲུང་གིས་དེ་སྔ་གསོག་སློབ་ཀྱི་དགེ་རྒན་བྱེད་སྐབས་ཀྱི་སྤྱོད་ཚུལ་ངན་པ་ཇི་བྱས་འདིར་ཞིབ་འབྲི་མ་བྱས་ཤིང་།ཁོ་ནི་རྡ་སར་སྐབས་འཚོལ་བ་ཆུང་ཆུང་ཞིག་ཡིན་པ་ཡོངས་གྲགས་རེད།
    བག་གྲོ་དང་དཔལ་ལྡན་རྒྱ་མཚོ་གཉིས་ཀྱི་དེ་སྔའི་ལོ་རྒྱུས་ལ་ཡི་རངས་ཡོད་མོད།ད་ཐེངས་བློ་སེང་ལ་འོས་བླུགས་པའི་རྒྱབ་ལྗོངས་ཁ་སྔོན་རྩོམ་མང་པོ་ཐོན་ཚར་སོང་བས་དེར་ཡང་ཞིབ་འབྲི་ལ་མ་བརྩོན།

    ༦༽ལྕང་ལོ་ཅན་དང་། ཀ་ཤོད་པ། ང་ཕོད་པ། ཀླུ་ཁང་ལྟ་བུ་དགོས་པ་ཨེ་རེད་རེད་ཅེས་བརྗོད་འདུག་པར།ལྕ་ལོ་ཅན་ནི་བོད་ནང་རྒྱ་མིའི་འཐབ་རྩོད་མང་པོ་མྱང་པའི་མི་ཡིན་པ་ཡོངས་གྲགས་རེད།ང་ཕོད་ཀྱི་སྐོར་ལ་༸གོང་ས་མཆོག་ཆོད་སྡོམ་ཆེན་པོ་ཞིག་འདུག་པ་གསར་ལམ་ཁག་ནས་ཁྱོད་ཀྱིས་ཁ་མིག་རྣ་གསུམ་བྱེད་ལ་བྱེད་ལས་ཡོད་ན་ཤེས་ངེས་རེད།ཀླུ་ཁང་པ་ནི་ལོ་རབས་ལྔ་བཅུའི་ནང་རྒྱ་དམར་ལ་ཁ་གཏད་གཅོག་མཁན་གྱི་དཔའ་བོའི་ཁྱུ་མཆོག་ཅིག་ཡིན་པ་ཡོངས་གྲགས་རེད།ཡོངས་གྲགས་ཀྱི་གནས་ཚུལ་དེར་རང་གི་དཀར་ནག་ཕྱིན་ཅི་ལོག་པར་བརྟེན་ངས་ཁྱོད་ལ་གདོན་གྱིས་སྨྱོ་འདུག་ཅེས་བརྗོད་པ་ཡིན།

    ༧༽མཁས་དབང་འཇམ་དབྱངས་ནོར་བུ་ནི་ཕྱི་ལོ་༢༠༠༠ལོར་དབྱི་ཇིའི་རྩོམ་ཡིག་ཚད་ལྡན་ཞིག་བྲིས་ནས་རྒྱལ་སྤྱི་རང་བཞིན་གྱི་བྱ་དགའ་ཆེ་ཤོས་ཐོབ་མཁན་གྱི་བོད་མི་གཅིག་པོ་རེད།ཁོང་ལྟ་བུར་སྐྱོན་འཛུགས་བྱས་པ་ནི་གོང་དུ་ངས་རང་ལ་ཆང་གིས་བཟི་འདུག་ཅེས་བརྗོད་པ་ཡིན།

    ༨༽ན་རྒས་རྫི་རྡིབ་ལ་ཁའི་ཉི་མ་ལྟ་བུའི་བཀའ་ཟུར་རྒྱལ་ལོ་དོན་གྲུབ་དང་སྟ་ནག་འཇིགས་བཟང་གཉིས་ལ་ངས་ཡི་རངས་ཆེན་པོ་བྱེད་ས་ཞིག་ཡིན་མོད།ཁོ་གཉིས་བློ་སེང་ལ་འོས་ཤོག་གི་ཀ་བ་ཡིན་པ་ལས་བོད་ཀྱི་ཆབ་སྲིད་ཀྱི་ཀ་བ་ཡིན་ཚུལ་བརྗོད་པ་ནི་ཧ་ཅང་ཐལ་ཆེ།གང་ཡིན་ཟེར་ན་ཁོ་གཉིས་ལ་ལོ་རྒྱུས་ཀྱི་རྙོག་གླེང་མེད་པའི་མི་ཞིག་མ་རེད།རྒྱལ་ལོ་དོན་གྲུབ་ལགས་བཙན་བྱོལ་ནང་གི་རྙོག་ཕྲ་མང་པོ་ཞིག་དང་འབྲེལ་ཡོད་པ་དང་།སྟ་ནག་འཇིག་བཟང་ཉེ་བའི་ལོ་ཤས་ནང་སུད་སིའི་རེ་སྐོང་དགོན་པར་དོལ་ཚོགས་དང་འབྲེལ་བའི་གླེང་གཞི་ཡོད་པ་དེ་ཁྱོད་མ་ཤེས་སམ།

    ༩༽སྲིད་དབང་གི་དོན་དུ་མི་གཅིག་ལ་དར་རྫོང་བརྒྱབ་པར་ཧ་སངས་རྒྱ་ཅི་ཡོད།རྒྱལ་ཁབ་གཞན་དང་བསྡུར་བ་བྱོས་དང་།སྲིད་དབང་གི་དོན་དུ་ཉེས་མེད་མི་སེར་ཁྲི་ཕྲག་མང་པོ་དམར་གསོད་གཏོང་གི་ཡོད་པ་འཛམ་གླིང་གི་ལོ་རྒྱུས་ནང་ཡོངས་གྲགས་དང་ང་ཚོ་བསྡུར་ན་ང་ཚོའི་དེ་སྔའི་སྤྱི་ཚོགས་བྱམས་བརྩེ་ཆེ་ཤོས་ཤིག་རེད།
    དར་རྫོང་བརྒྱབ་དགོས་དོན་སྐོར་བརྗོད་ན།ཕྱི་ལོ་༡༨༨༠ནང་སེང་ཆེན་བླ་མའི་གསོལ་ཚངས་བྱིན་གྱིས་དབྱིན་ཇིའི་སོ་པ་བོད་ནང་ས་སྣ་ལམ་བརྒྱུད་བྱས་པ་དང་།ཕྱི་ལོ་༡༩༠༤ལོར་དབྱིན་དམག་དངོས་སུ་བོད་ལ་ཁྲིད་ཡོང་མཁན་གྱི་ཉེས་ཆེན་དེ་འདྲར་དར་རྫོང་བརྒྱབ་པ་མ་ཚད་གསོན་པགས་བཤུས་ནའང་ཉེས་པ་དག་རྒྱུ་མ་རེད།

    ༡༠༽དྲན་དགེ་ཆོས་ཀྱི་གྲོངས་རྐྱེན་ཡང་དབྱིན་ཇིས་དཀྲུག་ཤིང་བརྒྱབ་ནས་དགེ་ཆོས་རྒྱ་མིའི་སོ་པ་ཡིན་ཚུལ་བརྗོད་པར་སྐབས་དེའི་སྤྱི་ཚོགས་མི་རྣམས་དེང་སྐབས་མི་འདྲ་ཡིན་མིན་དབྱེ་བ་འབྱེད་རྒྱུའི་ཆ་རྐྱེན་དང་ནུས་མེད་སྟབས་བཀའ་ཤོད་ལྟ་བུའི་མི་ངན་རེ་བཟུང་གིས་བྱེད་ལས་ཡིན་པ་ལས་སྐུ་དྲག་སྤྱི་ལ་ཉེ་ཁག་འགེལ་འགྲིམགས་ཨེ་ཡོང་།

    ༡༡༽བཀའ་བློན་ཁྲི་ཟུར་བཀྲས་མཐོང་མཆོག་གིས་བལ་ཡུལ་ཙམ་མ་རེད་ཁོང་ལ་རྒྱབ་སྐྱོར་བྱེད་ཚང་མར་ཕྱི་གསལ་ནང་གསལ་ཡོངས་གྲགས་བརྙན་འཕྲིན་ཐོག་ནས་ཐུགས་རྗེ་ཆེ་ཞུའི་གསུང་འཕྲིན་གནང་བ་དེ་ནི་ཅི་འདྲའི་དགེ་མཚན་ལྡན་པ་ཞིག་མ་ཡིན་ནམ།

    ༡༣༽མཐའ་དོན་ཁྱེད་ཀྱི་རྩོམ་ཡིག་འདིའི་ནང་ལོ་རྒྱུས་བྱས་ཉེས་དང་།ལོ་རྒྱུས་ཀྱི་མི་སྣ་དང་གནད་དོན་མང་པོ་ཞིག་བྲིས་འདུག་སྟབས།ལོ་རྒྱུས་ཐོག་ནས་བོད་རྒྱ་ལག་དུ་སུས་མིན་སྐོར་ལ་ང་ཚོས་ལོ་རྒྱུས་རིགས་པའི་བདེན་དཔང་བཞག་ནས་བགྲོ་གླེང་དང་དབྱེ་ཞིབ་བྱས་འགྲིགས་ཀྱི་རེད།དེ་ལྟར་བྱ་རྒྱུའི་གྲ་སྒྲིག་དང་འདུན་པའང་ཡོད་ལ་ནམ་དང་ཉི་མ་སུ་རིང་ལྟ་ཆོག།

    ངའི་མཆན་འདི་ད་ལྟ་ལས་ཀ་བྱེད་ཀྱིན་བྲེལ་སྟབས་ཀྱི་སྤེལ་བས་ཞུས་དག་བྱ་ཁོམ་མ་བྱུང་ན་དག་ནོར་ཡོད་ངེས་པས་དགོངས་སེལ་ཞུ་རྒྱུ་ཡིན།

  2. བོད་པ་ཚང says:
    2011-04-05 at 11:16 pm

    གོང་གི་བོད་པ་གཉིས་ཀ་དཀའ་བློན་སྐོར་མ་བཤད། སུ་དང་གང་གིས་བཀའ་ཁྲི་ཐོབ་ན་ང་ཚོས་བཀུར་དགོས།
    དོན་མེད་ཀྱི་སྐད་ཆ་འགས་མང་ཚོགས་ནང་ཁུལ་འགལ་བ་བཟོས་ཡོད་པ་ཤེས་ནས་བསམ་བློ་གསར་བ་
    བསྐྱེད་དགོས།

  3. ལ་རྒྱའི་བདག་པོ། says:
    2011-04-05 at 11:46 pm

    ངངོས་གནས་རེད།བོད་པ་ཚང་ནས་བཤད་པ་བདེན།ངའི་ངོས་ནས་ཀྱང་།
    བཅའ་ཁྲིམས་རིན་པོ་དང་།༸རྒྱལ་བ་རིན་པོ་ཆེ་གཉིས་ལ་གུས་བརྩི་ཆེ་ཤོས་བྱེད་ས་ཞིག་ཡིན།ངས་དེ་གཉིས་དཔང་དུ་བཙུགས་ནས་དམ་བཅའ་བཞག་རྒྱུར།
    དེ་རིང་འོས་བསྡུ་ཆེན་མོའི་སྐབས་ང་ཚོ་དྲ་གྲོགས་ཕན་ཚུན་དང་བོད་མི་ནང་ཁུལ་དགག་བཞག་གི་བགྲོ་གླེང་ཤུགས་ཆེན་བྱུང་ཡོད་ལ།སྐབས་རེ་འགྲན་རྩོད་ཀྱང་རྣོ་ངར་ཆེ་ཙམ་བྱུང་ཡོད་ཀྱང་།དེ་དག་ཚང་མ་རང་རང་གི་འོས་མིའི་ཐད་ཕྱོགས་ཀྱི་ དགོས་མཁོ་དང་།མང་གཙོའི་དགོས་མཁོ།རྩ་དོན་གྱི་དགོས་མཁོའི་ཆེད་དུ་ཡིན་པས་དེར་མ་དགའ་ཞེ་འཛིན་གནང་དགོས་དོན་མེད།དེ་ན་སང་ཉིན་བཀའ་ཁྲི་གསར་པ་སུ་ཕེབས་ཀྱང་སང་ཉིན་གྱི་བོད་མི་རིགས་ཀྱི་ཆེད་དུ་བཀའ་ཁྲི་གསར་པས་སྲོག་ཤིང་གནང་བའི་མཐའ་སྐོར་དུ་ང་ཚོས་
    དཔུང་པ་མཉམ་གཤིབ་དང་།མཛའ་མཐུན་དམ་ཟབ།ཕྱར་བ་གྲུ་འདེགས།རྡོག་རྩ་ཆིག་སྒྲིལ་གྱི་རྨང་གཞིའི་འོག་བཙན་བྱོལ་གཞུང་ཡང་དག་པའི་མཛད་ཕྱོགས་ལ་རྒྱབ་སྐྱོར་བྱེད་དགོས་ལ་དགྲ་བོར་ཡང་ཕར་རྒོལ་བྱེད་དགོས།
    དུས་དེ་ནས་ང་ཚོའི་འགྲན་རྩོད་དང་བགྲོ་གླེང་གི་བརྗོད་གཞི་ཡང་ཁ་ཕྱོགས་གསར་པ་ཞིག་ལ་འགྱུར་དགོས།དེ་ནི་ངའི་ཆོད་སེམས་ངོ་མ་དེ་ཡིན།

  4. སྤངས་སྤོས། says:
    2011-04-06 at 1:34 am

    ད་བཀའ་ཁྲིའི་སྐོར་མ་ཤོད་གང་ལྟར་འོས་བླུག་ཚར་བ་རེད། གྲུབ་འབྲས་ལ་འགུགས་རྒྱུ་རེད། བཀའ་ཁྲི་ཆགས་པའི་ཉིན་མོ་དེ་ནས་ཆོལ་གསུམ་སྐྱེ་བོ་ཀུན་གྱི་བཀུར་འོས་ཤིག་ཡོང་བའི་རེ་བ་ཡོད།

  5. བོད་པ་ཚང་། says:
    2011-04-06 at 3:57 am

    ༄༅། །མཁྱེན་ལྡན་ཁ་བརྡའི་དྲྭ་རྒྱ་དོ་དམ་པའམ་རྩོམ་སྒྲིག་པ་གང་རུང་ལ།
    གུས་འབུལ།
    འདིར་བོད་པ་ཚང་གི་མིང་བྱང་བེད་སྤྱོད་བྱེད་མཁན་གསར་པ་ཞིག་སླེབས་འདུག བོད་པ་ཚང་གི་མིང་འོག་ནས་མཆན་འདེབས་མཁན་དང་པོ་ང་ཡིན། འོན་ཀྱང་དེ་རིང་རྩོམ་འདིའ་མཆན་གཉིས་པར་བོད་པ་ཚང་གཞན་ཞིག་སླེབས་འདུག་པས། ཁྱེད་ཅག་གིས་མིང་གཅིག་པའི་ཐོག་ནས་མཆན་འགོད་འཇུག་གནང་གི་ཡོད་དམ་མེད། གལ་ཏེ་མེད་ན། བོད་པ་ཚང་གསར་པ་དེའི་ཐོག་ལ་དགོངས་པ་བཞེས་རོགས་གནང་། འབྲེལ་ཡོད་དོ་བདག་ལའང་མཚན་དེ་ཉིད་བརྗེ་གནང་ཡོང་བའི་རེ་སྐུལ་ཞུ།
    བོད་པ་ཚང་ནས།

  6. རྨིག་སྒྲ says:
    2011-04-06 at 4:03 am

    སྤངས་་སྤོས་ལགས་ཀྱིས་གསུངས་པར་རྒྱབ་སྐྱོར་ཡོད།
    ད་བཀའ་ཁྲིའི་འོས་བསྡུ་བླུགས་ཚར་བ་རེད། ང་ཚོས་ཁྱེད་ཀྱི་རྐུབ་དང་ངའི་ཁ་ཞེས་མི་བརྗོད་པར་ང་ཚོ་མཉམ་རུབ་ཀྱི་བོད་ཀྱི་བདེ་སྡུག་སྐོར་དང་་གླེང་དང། བཀའ་ཁྲི་སུ་བརྟེན་འཁེལ་བ་ཡིན་ན་ཡང་ང་་ཚོས་རྡོག་རྩ་གཅིག་ཏུ་སྒྲིལ་སྟེ་ཁོང་གི་ཕྱག་ལས་ལ་ཞོག་འདེགས་ཞུ་དགོས།

    སྤུན་ཟླ་ཚོ་ཐུགས་བསམ་བཞེས་རོགས་གནོངས། དགྱ་མིས་ད་ལྟ་ང་ཚོར་ལྟད་མོ་བལྟ་ཡི་ཡོད་རེད།

  7. ཤར་ཕྱོགས་ཁུག་རྟ། says:
    2011-04-06 at 4:20 am

    བཀའ་ཁྲིའི་དངོས་གཞིའི་འོས་ཤོག་བླུགས་ཚར་བ་རེད། བཀའ་ཁྲི་གླེང་མཁན་ཚོས། འབྱུང་འགྱུར་བཀའ་ཁྲིའི་ལས་དོན་ལ་ཕྱོགས་ཞེན་གྱིས་དོ་ཕོགས་མི་འགྲོ་བ་ཞིག་དང་། བྱུང་ན་གཏམ་གླེང་ཙམ་ཡང་མེད་པས་བགྲོ་གླེང་བྱེད་རྒྱུ་གལ་ཆེན་རེད་འདོད།

  8. རྨོག་རུ་བསྟན་པ། says:
    2011-04-06 at 6:01 am

    བཀའ་ཁྲིའི་རྒྱལ་ཁ་གསལ་བསྒྲགས་བྱེད་ལ་ཉེ་བའི་སྐབས་འདིར་སྐབས་གསུམ་པའི་བཀའ་བློན་ཁྲི་པར་འབྱུང་འགྱུར་ལམ་ལྷོང་དང་།རླབས་ཆེན་བོད་མི་རིགས་ཀྱི་བདེན་དོན་འགྲུབ་པའི་སྨོན་ལམ་ཞུ་རྒྱུ་ཡིན།
    ང་ལ་མཚོན་ན་འོས་མ་བླུགས་སྔོན་གྱི་ལྟ་སྟངས་དང་།འོས་བླུགས་ཟིན་རྗེས་ཀྱི་བཀའ་བློན་ཁྲི་པར་ལྟ་སྟངས་གཉིས་ཁ་ཁ་བྱེད་ཀྱིན་ཡོད།
    འོས་སུ་ལ་འཕངས་དང་མ་འཕང་ནི་མི་སོ་སོའི་ཐོབ་ཐང་དང་།མང་གཙོའི་ལེགས་བྱང་ཡིན་པས་རང་ཉིད་ཀྱི་གདམ་ཀ་དང་ཐག་གཅོད་གལ་ཆེ་བ་ཡིན་མོད།འོས་འཕངས་ཟིན་པའི་དེ་རིང་རང་ཉིད་ཀྱི་འདོད་ཕྱོགས་ཀྱི་མི་དེ་མ་སླེབས་པ་རྒྱུ་མཚན་དུ་བྱས་ནས་གཞན་ལ་སྡང་ཟུག་བྱས་པ་ནི་ནོར་འཁྲུལ་དུ་མཐོང་གིན་འདུག
    ད་ནི་ང་ཚོའི་རྡོག་རྩ་གཅིག་ཏུ་བསྒྲིལ་ཏེ་སྐབས་གསུམ་པའི་བཀའ་བློན་ཁྲི་བར་ཕྱྭར་གྲུ་མཉམ་འདེགས་བྱེད་པའི་གྲ་སྒྲིག་བྱེད་དགོས་ཤིང་།བཀའ་བློན་ཁྲི་བའི་ཆ་རྐྱེན་དེ་ཆོལ་ཁ་དང་།ལུང་ཚན།ཆོས་ལུགས།རྒན་གཞོན།སྐུ་དྲག་གི་ཁྱིམ་རྒྱུད་ཡིན་མིན་གྱི་ས་མཚམས་སུ་མེད་པའི་ངེས་ཟིན་ཐོབ་དགོས།
    གཅིག་སྒྲིལ་བྱོས་ཡཱ།གཅིག་སྒྲིལ་བྱོས། ད་ནི་ང་ཚོ་ཐུན་མོང་གི་ལམ་དུ་འགྲོ།

  9. ཤེལ་དཀར་ལེགས་བཤད། says:
    2011-04-06 at 6:37 am

    ༄༅། །དེང་སང་གི་རྩོམ་པོ་རྣམས་དགོངས་པ་རྒྱ་ཆེ་བཞེས་པའི་དུས་ལ་འབབ་དྲན་གྱི་འདུག གང་ལ་ཞེས་ན། བཀའ་ཁྲིའི་དངོས་གཞིའི་འོས་བསྡུས་སྒྲུབ་ཟིན་པས་འོས་བསྡུས་དྲིལ་བསྒྲགས་ཡང་མཇུག་སྒྲིལ་བྱེད་དགོས་ངེས་ཡིན། འོན་ཀྱང་སེམས་སྐྱོ་དགོས་པ་ཞིག་ལ་ཕྱོགས་ཞེན་འཐེན་འཁྱེར་དང་གཞི་མེད་སྐྱོན་བརྗོད་རང་རྒྱལ་གཞན་ཕམ་གླུ་གར་སྐྱར་དུ་བཀའ་ཁྲིའི་འོས་མིག་རྣམས་དང་འབྲེལ་ལེན་སྟངས་ལ་ཞིགས་ན། སྨྱུག་ཐོག་པ་དེ་ཚོ་མང་གཙོའི་གོ་རྟོགས་ཀྱི་དམངས་གཞི་ཙམ་མེད་པའི་ཐོག་བོད་སྤྱིའི་རྩ་དོན་ལ་གཏོར་ཤིགས་གཏོང་རྒྱུ་བྱང་དུ་ཆུབ་ཞིག་མིན་ནམ་སྙམ་པའི་སེམས་ཚོར་དང་དོག་པའི་རང་བཞིན་རེད། བཀའ་ཁྲིའི་འོས་བསྡུའི་ལས་རིམ་དང་འབྲེལ་བའི་བགྲོས་གླེང་གི་ལེའུ་སྒོ་བརྒྱབ་ཏེ་འབྱུང་འགྱུར་བོད་ཀྱི་རྩ་དོན་སྒྲུབ་ཕྱོགས་དང་བཀའ་ཁྲི་གསར་པ་སུ་ཕེབས་ལ་དམ་ཚིག་རྡོག་རྩ་གཅིག་སྒྲིལ་གྱིས་རྒྱབ་བསྐྱོར་ཇི་ལྟར་ཞུ་དགོས་དང་དགེ་ཕན་སྐྱོན་སེལ་ཇི་ལྟར་བྱ་དགོས་རིགས་བགྲོས་གླེང་བྱས་ན་ཅི་མི་རུང་། གཞན་ཁ་ནས་ཆིག་སྒྲིལ་དང་དོན་ལ་འཐེན་འཁྱེར་ཕྱོགས་ལས་མེད་ན་ཁ་བཤད་ཆུའི་ལྦུ་བ་ལག་ལེན་གསེར་གྱི་ཐིག་པ་ཞེས་དཔེ་དང་གཅིག་མཚུངས་ཆགས་རྒྱུ་ལས་མེད་པས་གོང་དུ་བོད་པ་ཚང་གི་གསུངས་པ་ལྟར་རོ།་

  10. བསྟན་འཛིན says:
    2011-04-06 at 9:11 am

    ད་དངོས་གནས་ཉོབ་སྣང་སྐྱེ་གི་འདུག དགོངས་དྭགས་ཞུ་

  11. མིག says:
    2011-04-06 at 1:17 pm

    དྲ་གྲོགས་ཚོ། ངན་སྨོས་བྱས་ནས་རྩོད་པ་འདི་ཤེས་ཡོན་ཅན་སྡེ་ཚན་ཞིག་གིས་བྱ་བ་མ་རེད།
    བཀའ་ཁྲི་སུ་འཁེལ་ལ་ཁྱད་པར་མི་འདུག ཞེ་སྣང་ཆེ་བ་དེ་ཁོང་གི་ལག་ལས་ལ་ལག་རྗེས་ཕུན་སུམ་ཚོགས་པ་ཞིག་འབྱུང་ཐུབ་མིན་དེ་རེད།
    ཡང་དགོས་བློ་སེང་གིས་ཕྱག་རྗེས་ལ་འཇིགས་སྣང་སྐྱེ་འི།

  12. kargyurthupkal says:
    2011-04-06 at 1:43 pm

    ཁ་བའེ་ལྗོང་གི་བོད་རིགས་སྤུན་ཟླ་རྣམས་པ་ལྷན་རྒྱས་མཆོག་ལ་ཞུ་རྒྱུ་ཞིག་ལ་་་་ནང་དཔའ་བོའི་དཔའ་གྲལ་མ་ཞིག་ན་ཕྱི་རྒྱལ་སར་དམག་ལ་སྐྲག་དོན་མེད་་་་་་་་་་།

  13. བྱ་རྒོད་རྒྱལ་པོ། says:
    2011-04-06 at 1:46 pm

    སྐུ་མཁྱེན། ཆོལ་ཁ་མ་རྩོད་རོགས། ངོ་ཚ། ཆོལ་ཁའི་འཐེན་འཁྱེར་བྱེད་མཁན་ཡོད་ན་དེ་ཚོ་བོད་པའི་ཁྲག་འཐུང་མཁན་རེད། ཡ་མ་བྱོས།

  14. དབང་འདུས། says:
    2011-04-06 at 1:51 pm

    ཐུགས་རྗེ་ཆེ།

  15. གངས་བུ། says:
    2011-04-06 at 3:39 pm

    སྔོན་མ་དར་རྫོང་རྒྱབ་པ་དེ་ཚོ་ནོར་འཁྲུལ་ཡིན་པ་ཤེས་ན་ཆོལ་གསུམ་ཕུ་དཀྲུག་འདའ་དཀྲུག་མ་བྱེད་རོག
    རྒྱ་གུང་ཁྲན་ནས་བོད་མི་ཡོང་ལ་གནར་གཅོད་ག་ཚོད་གཏོང་གི་འདུག་ད་དུང་ཆོལ་གསུམ་ཕྱོགས་ཞེན་གྱི་སྐད་ཆ་འདྲ་ཞིག་བཤད་བསྡད་ན་ངོ་ཚ བོད་རིགས་སྤུན་ཟླ་སུ་ཞིག་བཀའ་ཁྲི་སླེབས་ནའང་ང་ཚོ་ཡོད་མི་ཡོངས་ཀྱི་འགོ་ཁྲིད་རེད ཕྱི་དགྲ་མགོ་རྡུང་བའི་ཐོ་བ་མེད། ནང་གཟའ་རྐུབ་གཏོལ་བའི་རྡོ་ལུ་ཉར། ངོ་ཚ།
    འདི་འདྲའི་ཞེ་གཏིང་ནས་ངར་རྒྱུ་ཞིག་ཡོད་ན་རྒྱ་གུང་ཁྲན་ཐོག་ལ་ཤོག་དང་ཕ་བཟང་གི་བུ་ཚོ། བོད་གངས་ཅན་གྱི་ཡུལ་ན་རྒྱ་དམར་གྱི་མེ་འདའི་འོག་ནས་མཐུན་བསྒྲིལ་གྱིས་དང་མཐུན་བསྒྲིལ་གྱིས་ཞེས་གླུ་དབྱངས་ལེན་གྱི་འདུག་འབོད་སྒྲ་གཏོང་གི་འདུག འདི་ནས་ཆོལ་ཁ་དབྱེ་འབྱེད་དང་ཕུ་ནུ་དཀྲུག་ཤིང་གི་གཡུལ་ལ་ཆས་པའི་བོད་པ་ཚོ་ངོ་མི་ཚའམ། རང་ཡུལ་སྤུན་ཟླ་ཚོའི་ང་ཚོ་ནི་ཕ་མ་གཅིག་གི་མིང་སྲིང་ཡིན་ཟེར་གྱི་འདུག
    ཁྱེད་ཚོའི་འདི་ནས་ནང་དཀྲུག་གི་དབྱེན་ཁ་སྦྱོར་གྱི་ཡིན་ནམ། རྩོམ་ཡིག་འབྲི་ཤེས་མཁན་ཡོད་ན་རྒྱ་གུང་ཁྲན་ཐོག་ལ་བྲིས་དང་དེ་རིང་སང་ཉིན་བོད་ནང་ན་དམར་གསོད་གཏོང་བཞིན་པའི་སྒང་རེད། བོད་ཡིག་སྤུན་ཟླ་ཚོ་སྐུ་མཁྱེན་ཕུ་ནུ་ནང་དཀྲུག་མ་བྱེད་རོག།

  16. གངས་བུ། says:
    2011-04-06 at 3:39 pm

    སྔོན་མ་དར་རྫོང་རྒྱབ་པ་དེ་ཚོ་ནོར་འཁྲུལ་ཡིན་པ་ཤེས་ན་ཆོལ་གསུམ་ཕུ་དཀྲུག་འདའ་དཀྲུག་མ་བྱེད་རོག
    རྒྱ་གུང་ཁྲན་ནས་བོད་མི་ཡོང་ལ་གནར་གཅོད་ག་ཚོད་གཏོང་གི་འདུག་ད་དུང་ཆོལ་གསུམ་ཕྱོགས་ཞེན་གྱི་སྐད་ཆ་འདྲ་ཞིག་བཤད་བསྡད་ན་ངོ་ཚ བོད་རིགས་སྤུན་ཟླ་སུ་ཞིག་བཀའ་ཁྲི་སླེབས་ནའང་ང་ཚོ་ཡོད་མི་ཡོངས་ཀྱི་འགོ་ཁྲིད་རེད ཕྱི་དགྲ་མགོ་རྡུང་བའི་ཐོ་བ་མེད། ནང་གཟའ་རྐུབ་གཏོལ་བའི་རྡོ་ལུ་ཉར། ངོ་ཚ།
    འདི་འདྲའི་ཞེ་གཏིང་ནས་ངར་རྒྱུ་ཞིག་ཡོད་ན་རྒྱ་གུང་ཁྲན་ཐོག་ལ་ཤོག་དང་ཕ་བཟང་གི་བུ་ཚོ། བོད་གངས་ཅན་གྱི་ཡུལ་ན་རྒྱ་དམར་གྱི་མེ་འདའི་འོག་ནས་མཐུན་བསྒྲིལ་གྱིས་དང་མཐུན་བསྒྲིལ་གྱིས་ཞེས་གླུ་དབྱངས་ལེན་གྱི་འདུག་འབོད་སྒྲ་གཏོང་གི་འདུག འདི་ནས་ཆོལ་ཁ་དབྱེ་འབྱེད་དང་ཕུ་ནུ་དཀྲུག་ཤིང་གི་གཡུལ་ལ་ཆས་པའི་བོད་པ་ཚོ་ངོ་མི་ཚའམ། རང་ཡུལ་སྤུན་ཟླ་ཚོའི་ང་ཚོ་ནི་ཕ་མ་གཅིག་གི་མིང་སྲིང་ཡིན་ཟེར་གྱི་འདུག
    ཁྱེད་ཚོའི་འདི་ནས་ནང་དཀྲུག་གི་དབྱེན་ཁ་སྦྱོར་གྱི་ཡིན་ནམ། རྩོམ་ཡིག་འབྲི་ཤེས་མཁན་ཡོད་ན་རྒྱ་གུང་ཁྲན་ཐོག་ལ་བྲིས་དང་དེ་རིང་སང་ཉིན་བོད་ནང་ན་དམར་གསོད་གཏོང་བཞིན་པའི་སྒང་རེད། བོད་ཡིག་སྤུན་ཟླ་ཚོ་སྐུ་མཁྱེན་ཕུ་ནུ་ནང་དཀྲུག་མ་བྱེད་རོག།

  17. ཤ་ཀླན་བུ says:
    2011-04-07 at 4:14 am

    ཆེས་བཀུར་བར་འོས་པའི་དྲ་སེར་རྣམས་ལ་ཆེད་ཞུ།
    ཁྱེད་རྣམ་ཚོས་གསུང་པ་བཞིན་ད་ལྟའི་དུས་འདིར་ཆོལ་ཁ་དང་ཆོས་ལུགས་རྩོད་ནས་བསྡད་པའི་དུས་མ་རེད་ལ། རང་བཙན་དང་དབུ་མ་བཤད་ནས་བསྡད་པའི་དུས་ཀྱང་མ་རེད། འདི་ཁོ་བོས་སྔ་ནས་ངེས་ཤེས་བརྟན་པོ་རྙེད་ཟིན་པར་མ་ཟད། དེའི་ཕྱོགས་སུ་བསྐྱོད་ནས་ལོ་དང་ཟླ་བ་གང་མང་ཞིག་ཀྱང་ཕྱིན་ཟིན། ཡིན་ཡང་ཆོལ་ཁ་གང་ཡིན་ཆ་མེད་ཀྱང་། མི་རེ་འགས་༼འདི་ཚོ་ཆོལ་ཁ་ལའང་སེམས་ཤུགས་ངོ་མ་དེ་ཡོད་མི་སྲིད༽ཆོལ་ཁ་དབྱེན་འབྱེད་ཀྱིས་ཆོལ་ཁ་ག་གེ་མོ་ཞིག་གཞན་རྣམས་ལས་གུད་དུ་བཏོན་ཏེ། དམའ་དབེབ་དང་སྐྱོན་བརྗོད་ཚད་ལས་འདས་པ་བྱས་ནས། དྲ་གྲོགས་ཚོའི་བར་དུ་བརྡབ་གསིག་བཏང་གི་ཡོད་པས། འདི་ཚོ་ང་ཚོས་ནམ་ཡང་ཐར་པ་གཏོང་མི་རུང་། དེ་མིན། ཆོལ་ཁ་གཞན་གྱི་མི་མང་རྣལ་མ་ཚོ་ལ་ཕུག་ཐུག་འདྲ་བཏང་ཡོད་ན། དགོངས་དྭངས་ལན་བརྒྱ་ཞུ། ཁྱེད་ཚོ་ཆོལ་ཁ་ཆོས་ལུགས་བརྩད་ནས་ཉི་མ་ཕུད་ཀྱིན་མེད་པར་ངས་སྔ་མོ་ནས་ཤེས་ཡོད་ལ། བློ་རྒྱ་དང་ཁོག་རྒྱ་ཡང་ཤེས་ཡོན་ཅན་དུ་འབོད་པའི་ཐ་སྙད་དང་ཚིག་གྲུབ་མ་གཏོགས་དྲང་བདེན་དང་བྱམས་བརྩེ་ལ་ཆ་རྒྱུས་ཡེ་མེད་པའི་མི་དེ་ཚོ་ལས་རྡབ་མང་པོའི་ཆེ་བ་ཡོད་པའང་ངས་སྔ་མོ་ནས་ཤེས་ཡོད། བདེ་མོ།

  18. ཀིརྟི་སྐྱབས། says:
    2011-04-07 at 6:34 am

    ལ་རྒྱའི་བདག་པོའི་སྐད་ཆ་དག་ནི་ཁུངས་དང་རྒྱུ་མཚན་ལྡན་པ་ཞིག་ཏུ་མཐོང།

  19. lungtok says:
    2011-04-07 at 7:23 am

    འདིའི་སྐྲུག་རྐྱེན་བསློང་མཁན་ནི་ཉི་མ་ཞེས་པ་ཁོ་ཡིན་པ་ཤེས་དགོས། ཁོས་གང་བྱུང་དུ་བོད་ཀྱི་དུས་བབ་དང་ཁམ་པའི་མི་མང་ལ་སྐྱོན་བརྗོད་བྱས་པ་མ་ཟད་བོད་དོན་གྱི་ཆད་དུ་སྐུ་ངལ་རྒྱ་ཕྲག་སྐྱོན་མཁན་ཆབ་སྲིད་བཙོན་ཟུར་དཔལ་ལྡན་རྒྱ་མཚོ་དང་བག་གྲོ་གཉིས་ལ་ཡང་གཞི་མེད་སྐྱོན་བརྗོད་བྱས་ཡོད། རང་གིས་གང་ཡང་མ་འཇོན་པར་བྱས་པ་ཅན་ལ་སྐྱོན་འཛུག་བྱས་པ་འདི་ནི་ལྷག་ཏུ་ཁོང་ཁྲོ་ཟ་དགོས་པ་ཞིག་རེད།

  20. རྒྱལ་མཚན། says:
    2011-04-07 at 7:28 am

    འདིའི་སྐྲུག་རྐྱེན་བསློང་མཁན་ནི་ཉི་མ་ཞེས་པ་ཁོ་ཡིན་པ་ཤེས་དགོས། ཁོས་གང་བྱུང་དུ་བོད་ཀྱི་དུས་བབ་དང་ཁམ་པའི་མི་མང་ལ་སྐྱོན་བརྗོད་བྱས་པ་མ་ཟད་བོད་དོན་གྱི་ཆད་དུ་སྐུ་ངལ་རྒྱ་ཕྲག་སྐྱོན་མཁན་ཆབ་སྲིད་བཙོན་ཟུར་དཔལ་ལྡན་རྒྱ་མཚོ་དང་བག་གྲོ་གཉིས་ལ་ཡང་གཞི་མེད་སྐྱོན་བརྗོད་བྱས་ཡོད། རང་གིས་གང་ཡང་མ་འཇོན་པར་བྱས་པ་ཅན་ལ་སྐྱོན་འཛུག་བྱས་པ་འདི་ནི་ལྷག་ཏུ་ཁོང་ཁྲོ་ཟ་དགོས་པ་ཞིག་རེད།

  21. ལུང་རྟོགས། says:
    2011-04-07 at 12:12 pm

    དུས་བབ་ཞེས་པ་དེ་བང་ཆེན་ཞེས་པར་བཅོས་རོགས།

  22. བྱ་རྒོད་རྒྱལ་པོ། says:
    2011-04-07 at 7:24 pm

    ཁོང་ཁྲོ་ཟ་དགོས་མ་རེད། སེམས་པ་སྐྱོ་དགོས་རེད།

  23. ནམ་མཁའ། says:
    2011-04-08 at 2:37 pm

    ད་འདིར་མི་སྐོར་ཞིག་ཆང་མ་འཐུང་བར་མྱོས་ཤག

  24. ཅོ་རི་ཉི་མ། says:
    2011-04-08 at 7:27 pm

    ཨེ་ཤ་ཀླན་ལགས་་་་ཉི་མ་སུ་ཉི་མ་ལབ་ཀྱི་ཡོད་དམ། ང་ཅོ་རི་ཉི་མ་ལ་ལབ་ཀྱི་ཡོད་དམ།

  25. ལ་རྒྱའི་བདག་པོ། says:
    2011-04-08 at 8:23 pm

    དྲ་གྲོགས་ཚོ་ཁམས་བཟང་།
    ཁྱེད་ཚོའི་རྒྱལ་ཞེན་གྱི་བསམ་པ་དང་།
    མི་རིགས་ཀྱི་འདུ་ཤེས།
    ཆིག་སྒྲིལ་གྱི་ཀུན་སློང་།
    རྩ་དོན་གྱི་ལངས་ཕྱོགས་བཅས་མཚོན་པའི་དགོངས་ཚུལ་ལ་ཡི་རངས་དང་བསྔགས་བརྗོད་ཞུ་རྒྱུ་ཡིན།
    ཡིན་ནའང་མི་འགའ་ཤས་ཀྱིས་ག་དུས་ཡིན་ནའང་ན་ཚ་སྙིང་པ་བསླངས་པ་ཙམ་མ་ཟད།དཀར་པོ་ནག་པོ་བཏང་བ་དང་།ནག་པོ་དཀར་པོར་བཟོས་པ།བྱས་པ་ཅན་ནག་སུབ་དང་།བྱས་མེད་རྣམས་གོང་དུ་བཀུར་བ།ལོ་རྒྱུས་ལ་འཁྱག་བཤད་བྱས་པ།ཆིག་སྒྲིལ་གཏོང་བརླབ་གཏོང་བ།རང་བཙན་དང་མང་གཙོ་ཁ་ལ་འཁྱེར་ནས་༸གོང་ས་མཆོག་དང་།བོད་གཞུང་།བྱས་པ་ཅན་གྱི་མི་སྣར་རྡུང་རྡེག་དང་།དམའ་འབེབས་ཀྱི་དཀར་ནག་ཕྱི་ཅི་ལོག་གི་རྩོམ་འཕྱར་སྤེལ་དུས་གུས་པ་ལར་ཞེན་གྱིས་དབང་གིས་འགག་གཞག་བྱེད་པར་ཐལ།
    མཐའ་དོན།
    ཕྱི་ཚེས་༢༠རྗེས་ལ་བཀྲས་མཐོང་དང་བློ་སེང་གཉིས་སུ་ལ་འོས་ཐོབ་ནས་བཀའ་ཁྲིའི་ལས་འཁུར་དམ་བཅའ་བཞག་ཉིན་ནས་སྐྱོན་མཚང་སྡོག་རྒྱུ་མཚམས་བཞག་རྒྱུ་ཡིན།དེ་ཉིན་ནས་བློ་སེང་བློ་སེང་མིན་ལ།བཀྲས་མཐོང་བཀྲས་མཐོང་མིན་ཞིང་།དེ་དུས་བཀའ་ཁྲི་ཡིན་པས་བོད་རྒྱལ་ཁབ་ཀྱི་ངོ་བོ་མཚོན་པའི་དབུ་ཁྲིད་མཐོ་ཤོས་དེ་ཡིན་ལ།ང་ཚོས་ཆེས་བཀུར་བར་འོས་པའི་དབུ་ཁྲིད་མཐོ་ཤོས་གཅིག་པུ་དེ་རེད།གང་གི་མཚན་སྙན་དེས་གཞིས་བྱེས་བོད་མིའི་སེམས་དབུས་སུ་སིམ་པ་ཐུབ་པ་ཞིག་དང་ཁས་ལེན་ཐུབ་པ་ཞིག་དགོས་པས་གང་གི་ལར་རྒྱ་དང་མཚན་སྙན་སྲུང་སྐྱོབས་བྱ་རྒྱུར་དམ་བཅའ་འབུལ་ལགས།།

  26. ཤ་ཀླན་བུ says:
    2011-04-09 at 4:23 am

    དྲོ་གྲོགས་རྙིང་བ་དང་བཟང་པོ་ཅོ་རི་ཉི་མ་ལགས། གལ་སྲིད་ཁྱེད་ཧ་ལོག་སོང་བ་རེད་ཞེས་པའི་རྩོམ་ཡིག་དེ་འབྲི་མཁན་ཡིན་ན། ངས་ཁྱེད་ལ་བྲིས་པ་ཡིན། དེ་མིན་ན་ཁྱེད་ལ་བྲིས་མེད།   ཧ་གོ་སོང་ངམ།

    ལ་རྒྱའི་བདག་པོ་ལགས། སྐད་ཆ་འདྲི་ན་མི་དོན་སྒུག་ན་དོན་ཟེར་བ་བཞིན་རང་བཙན་ཁ་ལ་ཁྱེར་ནས་གོང་ས་མཆོག་དང་མི་བྱས་པ་ཅན་ཤེས་ཡོན་ཅན་ཚོ་ལ་དམའ་འབེབ་བྱེད་མཁན་དེ་ཁྱེད་ཀྱི་སེམས་ནའང་གསལ་བོ་ཡོད་པར་འདྲ། ད་མི་བཤད།

  27. ཅོ་རི་ཉི་མ། says:
    2011-04-09 at 9:29 am

    ཡུན་རིང་དྲ་ཐོག་ཏུ་འདྲེས་པའི་དྲ་གྲོགས་ཤ་ཀླད་ལགས། བཀྲས་མཐོང་དང་བློ་སེང་གཉིས་ཀྱི་སྐོར་གྱི་རྩོམ་ཡིག་དྲ་ཐོག་ཏུ་བསླེབས་པ་རྣམས་བཀླགས་མ་མྱངས་པ་གཅིག་ཀྱང་མེད་ཚད་ཡིན། ཡིན་ནའང་ཧ་ལོག་སོང་བ་རེད་ཞེས་པའི་རྩོམ་ཡིག་གཅིག་མཐོང་མྱངས་མེད།

    བོད་ཡིག་དྲ་རྒྱ་ཁག་གི་རྩོམ་པ་པོ་ཡག་བ་རྣམས་ཀྱི་རྩོམ་ཡིག་ལ་དོ་སྣང་ཆེན་པོ་ཡོད། ཉི་མ་ཟེར་བ་རྩོམ་པ་པོ་ཞིག་གོ་མྱངས་མཐོང་མྱངས་འདྲ་མེད། ཤ་ཀླན་ལགས་ཀྱི་སུ་ལ་དགག་གི་ཡོད་མེད་ཡང་ཡག་པོ་མ་ཤེས། དེ་བརྟེན་ཁྱེད་ལ་སྐད་ཆ་དྲིས་པ་ཡིན།

    བཀའ་ཁྲིའི་འོས་མིའི་གླེང་སློང་ཚར་བ་རེད། འོས་བསྡུའི་གསལ་བསྒྲགས་སྒུག་ནས་བསྡད་ཡོད་རེད། སུ་ལ་འོས་ཐོབ་ནའང་ང་རང་ཚོས་གུས་བཀུར་བྱེད་དགོས་ངེས་རེད། རྗེས་སུ་མཇལ་ཡོང་།

  28. ཅོ་རི་ཉི་མ། says:
    2011-04-09 at 9:55 am

    དྲ་གྲོགས་ལ་རྒྱའི་བདག་པོ་ལགས་ཀྱིས།
    ༤༽ཁམས་པའི་མི་མང་གིས་བློ་སེང་ལ་འོས་བླུགས་པ་དེ་མ་འགྲིགས་མིན་མོད།ཁམས་པ་བརྒྱ་ཆ་གོ་དགུས་བློ་སེང་ཡིན་ཤག་ཤག་གི་འོས་བླུགས་པ་དེ་མ་འགྲིགས་པ་རེད།དཔེར་ན།གདན་སའི་གྲྭ་པ་བརྒྱ་ཆ་དགུ་བཅུ་ཁམས་ནས་ཡིན་ཞིང་།ཁོ་ཚོ་བརྒྱ་ཆ་བརྒྱ་ཡིས་རྒྱལ་བའི་བཀའ་དང་།ཟམ་གདོང་རིན་པོ་ཆེ་གསུང་།དགའ་ཁྲིའི་འབོད་སྐུལ།དམ་སྡོམ་གང་ལའང་ལྟོས་མེད་ཀྱིས་མིག་བཙུམས་ནས་བློ་སེང་ལ་འོས་བླུགས་རྐྱང་བྱེད་པ་དེ་ཉེན་ཁ་ཆེན་པོ་རེད་ལ།བྱ་སྤྱོད་དེ་དག་གིས་ང་ཚོ་བོད་ལ་ཉེན་བརྡ་ཆེན་པོ་ཞིག་སྤྲད་པ་རེད།ཞེས་པ་གསུངས་འདུག་ཀྱང་བདེན་པ་ཞིག་མ་རེད་འདོད།

    གྲྭ་ས་ཁག་གི་ཁམས་པའི་གྲྭ་དམངས་བརྒྱ་ཆ་དགུ་ཅུ་གོ་དགུའི་བློ་སེང་ལ་འོས་སྤྲད་པ་རེད་ཟེར་བ་མི་བདེན། འབྲས་སྤུངས་བློ་གསལ་གླིང་གི་རྩོམ་པ་པོ་ལི་ཐང་དབྱིགས་གཉེན་དང་ལྷ་རམས་པ་འཇམ་དབྱངས་ནོར་བུ་སོགས་ཁམས་པའི་གྲྭ་པ་ཚོས་བློ་སེང་ལ་དགག་པ་བརྒྱབས་སོང་། གཅིག་རེད།

    གཉིས་ནས་ཆོལ་ཁའི་ཕྱོགས་ཞེན་ཡོད་མེད་ཆོལ་གསུམ་བཙན་འབྱོར་བ་ཚང་མ་གཅིག་པ་གཅིག་ཀྱང་རེད་འདུག་པས་ཁམས་པའི་གྲྭ་བ་ཚོའི་མགོ་ཐོག་ཏུ་ཞྭ་མོ་ནག་པོ་གཅིག་བསྐོན་པར་ཡག་པོ་མ་རེད། ཆོལ་ཞེན་བྱས་ནས་འོས་སྤྲད་མཁན་དང་འོས་མི་ལ་རྒྱབ་སྐྱོར་བྱེད་མཁན་དབུས་གཙང་ཆོལ་ཁའི་རྒྱུན་ལས་ཚོས་བཀའ་སྤྱིའི་འོས་མི་རྣམས་ལ་དབུས་གཙང་ཆོལ་ཁ་ལ་ཤ་ཞེན་ཡོད་མཁན་དགོས་ཞེས་ཁྱད་ཆོས་བཞག་པ་རེད།

    ང་ཚོ་མདོ་ཁམས་ཆུ་བཞི་སྒང་དྲུག་དང་མདོ་སྟོད་མི་དམངས་ཀྱིས་དེ་འདྲ་ཆོལ་ཞེན་གྱི་གྲོས་ཆོད་བཏོན་མྱངས་མེད་ལ་ཕྱོགས་ཞེན་དོར་ནས་འོས་སྤྲད་ཀྱི་ཡོད། ང་ལྟ་བུ་ཡིན་ནའང་ཁམས་པ་བློ་སེང་ལ་རྒྱབ་སྐྱོར་མ་བྱས་པར་དབུས་པ་བཀྲས་མཐོང་ལ་རྒྱབ་སྐྱོར་བྱས་པ་ཡིན། བོད་རྒྱལ་ཁབ་དང་བོད་མི་རིགས་ཀྱི་རྩ་དོན་ཐོག་ཏུ་བསླེབས་དུས་ཕྱོགས་རུས་དང་ཕྱོགས་ཞེན་བྱེད་ཀྱི་མེད།

    གཟབ་དགོས་ས་ངོ་མ་དབུས་གཙང་ཆོལ་ཁའི་རྒྱུན་ལས་ཚོས་མདོ་ཁམས་ཆུ་བཞི་སྒང་དྲུག་དང་མཉམ་དུ་འབྲེལ་བ་གཅོད་ཀྱི་ཡིན་ཟེར་ནས་གྲོས་ཆོད་བཞག་ཡོད་པ་དེ་བོད་པའི་སྤྱི་ཚོགས་ཁ་འཐོར་གཏོང་རྐྱེན་ཉག་གཅིག་ཡིན་པས་གཟབ་དགོས། ཐུགས་བསམ་བཞེས་རོགས། ང་རང་ཚོ་ཚང་མའི་གྱོང་རག་གི་རེད། ཆིག་སྒྲིལ་ནི་བོད་མི་ཡོངས་ཀྱི་ཆེད་དུ་དགོས་པ་ཞིག་རེད་ལ་བོད་མི་ཡོངས་ཀྱིས་རྒྱལ་ཁ་ཐོབ་ཆེད་དུ་རེད་འདོད།

  29. ཤ་ཀླན་བུ says:
    2011-04-09 at 11:13 am

    ཅོ་རི་ཉི་མ་ལགས་ཀྱིས་ལན་ཁ་ཐུག་གསུངས་པ་ཐུགས་རྗེ་ཆེ། ངོ་དེབ་ཁ་བྱང་འདྲ་ཡོད་ན་སྤྲོད་དང་། གྲོགས་པོ་ཚོ་ངོ་དེབ་ནས་ཐུག་ནས་སྟབས་བདེ་བོ་འདུག ངའི་ངོ་དེབ་ཀྱི་ཁ་བྱང་ལ་འཇམ་དབྱངས་གྲགས་པ་ཞེས་དབྱིན་ཡིག་གིས་འབྲི་དགོས། གྲོག་མ་གཉིས་ཀྱི་པར་བཞག་ཡོད། དྲ་གྲོགས་རྙིང་བ་ཚོ་འཚོལ་ན་སྐྱིད་པོ་འདུག་ཡ།

  30. ཤ་ཀླན་བུ says:
    2011-04-09 at 11:15 am

    ངྶདངྶདངསདྔ

  31. ལ་རྒྱའི་བདག་པོ། says:
    2011-04-11 at 2:23 pm

    དྲ་གྲོགས་ཅུ་ཉི་ལགས་བཀྲིས་བདེ་ལེགས།གནས་འདི་ནས་མཇལ་བ་དགའ་པོ་བྱུང་།ངས་ཁྱེད་ཀྱི་མཆན་བུར་གསལ་འགྲེལ་ཞུ་དགོས་འགའ་ཤས་ལ་སྤྲོས་པར་བྱ།

    ༡༽ཁྱེད་ཀྱིས་གོང་དུ་དངོས་སུ་མིང་བཀོད་ནས་རྒྱུ་མཚན་དྲངས་པ་བཞིན་ངས་གདན་སའི་ཁམས་ཁུལ་གྱི་གྲྭ་པ་བརྒྱ་ཆ་བརྒྱ་བརྗོད་པ་དེ་ཅུང་ཟད་ཐལ་ཆེའི་ཉེས་པ་ཡོད་པ་བདེན་མོད།དེ་ལྟར་བཀོད་དོན་ནི་ང་ཚོ་བརྡ་སྤྲོད་གཞུང་ལུགས་ནང་།གང་གཙོ་ཆེ་བ་དངོས་སུ་བསྟན།གང་མང་བ་དངོས་སུ་བསྟན་ཞེས་དང་།ང་ཚོའི་ཁ་རྒྱུན་དུ་འཁྱོན་འབོར་ཆེན་པོ་ཡོད་ན་བརྒྱ་ཆ་བརྒྱ་དང་གོ་དགུ་ཞེས་འབོད་སྲོལ་ཡོད་པ་ལྟར་གཙོ་ཆེ་ཆུང་དང་མང་ཉུང་གི་དབང་གིས་བྲིས་ནའང་མི་འཚམས་པ་ཨེ་ཡོད་སྙམ།

    ༢༽ཡང་སྐུ་ཉིད་ཀྱིས་༼ཆོལ་ཞེན་བྱས་ནས་འོས་སྤྲད་མཁན་དང་འོས་མི་ལ་རྒྱབ་སྐྱོར་བྱེད་མཁན་དབུས་གཙང་ཆོལ་ཁའི་རྒྱུན་ལས་ཚོས་བཀའ་སྤྱིའི་འོས་མི་རྣམས་ལ་དབུས་གཙང་ཆོལ་ཁ་ལ་ཤ་ཞེན་ཡོད་མཁན་དགོས་ཞེས་ཁྱད་ཆོས་བཞག་པ་རེད་༽ཅེས་བྲིས་འདུག་ཀྱང་།དེར་དཔྱད་པ་བྱ་རྒྱུ་གཉིས་ཡོད།
    གཅིགསྐབས་དེའི་དབུས་གཙང་དབུས་རྒྱུན་གྱི་གྲོས་ཆོད་ནང་དབུས་གཙང་གི་སྤྱི་འཐུས་ཁོ་ནར་དབུས་གཙང་ཆོལ་ཁར་ཞེན་ཁོག་ཡོད་དགོས་པ་ཞེས་བྲིས་པ་ལས་བཀའ་སྤྱི་གཉི་ཀར་དེ་ལྟར་ཆ་རྐྱེན་བཏོན་མེད།བཀའ་ཁྲི་བོད་ཆོལ་ཁ་གསུམ་མི་མང་གིས་འདེམས་ཐོན་བྱེད་ཀྱི་ཡོད་ཅིང་།སྤྱི་འཐུས་ནི་ཆོལ་ཁ་སོ་སོའི་མི་མང་གིས་འོས་འདེམས་བྱེད་ཀྱི་ཡོད་སྟབས་དེ་གཉིས་ལ་ཧེ་བག་ཆེན་པོ་ཡོད།
    གཉིས་པ།སྤྱིར་ཞེན་ཁོག་ཞེས་པའི་ན་ཚ་དེ་ང་ཚོ་བཙན་བྱོལ་སྤྱི་ཚོགས་ནང་ཚོར་སྣང་སྐྱེན་པའི་གནད་དོན་ཞིག་ཡིན་སྟབས་མི་ཚང་མ་འདྲོགས་ཀྱི་འདུག་མ་གཏོགས།ཞེན་ཁོག་ཡིན་ཚད་འདོར་བྱ་ཡིན་པའི་ངེས་པ་མེད།དབུས་གཙང་སྤྱི་འཐུས་དང་མི་མང་གིས་རང་ཁོངས་ཆོལ་ཁར་ཞེན་ཁོག་མེད་ན་བོད་ལ་ཞེན་ཁོག་ཡོད་ཅེས་པའང་དོན་མི་གནས།དབུས་གཙང་ཆོལ་ཁར་ཞེན་ཁོག་བྱས་ཏེ་ཆོལ་ཁ་གཉིས་ལ་གནོད་འཚེ་བཏང་བའམ་བོད་ཀྱི་རྩ་དོན་ལ་གནོད་གཞིའི་ལས་དོན་བརྩམས་ན་འདི་ནི་འདོར་བྱ་རེད།
    གཞན་ཡང་དབུས་གཙང་གི་སྤྱི་འཐུས་ཚོར་དབུས་གཙང་ཆོལ་ཁར་ཞེན་ཁོག་མེད་ན་རང་གི་ཆོལ་ཁོངས་དེའི་གཞིས་བྱེས་བོད་མིའི་བདེ་སྡུག་དང་།གསར་འབྱོར་བ་བལྟ་སྐྱོང་བྱ་རྒྱུ།རང་ཁོངས་བོད་གནས་མཁོ་སྒྲུབ་བྱ་རྒྱུས་མཚོན་པའི་ལས་དོན་མང་པོ་ཞིག་ཐུས་ཤོར་ཡོང་གི་ཡོད་པ་རེད།ལྷག་པར་བོད་ནས་གསར་འབྱོར་བར་བལྟ་སྐྱོང་བྱ་རྒྱུ་དང་།རང་ཁོངས་བོད་གནས་མཁོསྒྲུབ་བྱ་རྒྱུའི་གནད་དོན་གཉིས་ཀྱི་ཐད་དབུས་གཙང་ཆོལ་ཁའི་སྤྱི་འཐུས་རྣམས་ནུས་པ་ཆུང་ཤོས་དང་ཞེན་ཁོག་ཆུང་ཤོས་རེད།དེ་མིན་ཆོལ་ཁོངས་གཞན་གཉིས་ཀྱི་སྤྱི་འཐུས་ཚོ་རང་ཁོངས་གསར་འབྱོར་བར་རྒྱབ་གཉེར་སྤྲོད་རྒྱུས་མཚོན་པའི་བལྟ་སྐྱོང་གང་ལེགས་བྱེད་པའི་གནས་ཚུལ་གངས་སྐྱིད་ནང་ཕྱི་གསལ་ནང་གསལ་རེད།དེར་བརྟེན་དབུས་གཙང་ཆོལ་ཁར་ཞེན་ཁོག་ཡོད་དགོས་པའི་ཆ་རྐྱེན་བཏོན་པའང་མ་འགྲིགས་པ་མེད་པའི་ངོས་འཛིན་བྱེད་ཀྱི་ཡོད།གནད་དོན་དེར་གོ་བ་ལྡོག་ཕྱོགས་ནས་བླངས་མི་རུང་།

    ༣༽སྐུ་ཉིད་ཀྱིས་༼གཟབ་དགོས་ས་ངོ་མ་དབུས་གཙང་ཆོལ་ཁའི་རྒྱུན་ལས་ཚོས་མདོ་ཁམས་ཆུ་བཞི་སྒང་དྲུག་དང་མཉམ་དུ་འབྲེལ་བ་གཅོད་ཀྱི་ཡིན་ཟེར་ནས་གྲོས་ཆོད་བཞག་ཡོད་པ་དེ་བོད་པའི་སྤྱི་ཚོགས་ཁ་འཐོར་གཏོང་རྐྱེན་ཉག་གཅིག་ཡིན༽ཞེས་བྲིས་འདུག་ཀྱང་།དབུས་གཙང་དབུས་རྒྱུན་ནས་དེ་འདྲའི་གྲོས་ཆོད་གཅིག་དེ་སྔ་ལྡི་ལི་ཆུ་སྒང་གྱི་གནས་རྙོག་ཐོན་དུས་བཞག་ཡོད་ན་ལས།ཆུ་སྒང་རྙིང་པས་༸གོང་ས་མཆོག་ལ་འགྱོད་བཤགས་ཕུལ་ནས་དག་སེལ་བྱུང་རྗེས་དེ་འདྲའི་གྲོས་ཆོད་བཞག་ཨེ་ཡོད་སྙམ།དེ་འདྲའི་གླེན་རྟགས་ཚ་བའི་ལས་ཀ་དེ་འདྲ་བྱེད་མི་སྲིད།དེའི་སྐོར་ངས་ཇི་བཞིན་མི་དྲན་པས་གྲོས་ཆོད་དེ་འདྲ་ཞིག་ག་དུས་བཞག་མིན་དང་།དེ་སྐབས་ཀྱི་དབུས་གཙང་གི་དབུས་རྒྱུན་སུ་ཡིན་བཅས་ཀྱི་སྐོར་ཁྱེད་ཀྱིས་ཁ་གསལ་ཙམ་ཕྲིས་རོགས་ཞུ་རྒྱུ་ཡིན།

    ༤༽མཐའ་དོན་སྐུ་ཉིད་ཀྱིས་ཆིག་སྒྲིལ་དགོས་ཚུལ་ནན་གསུངས་གནང་བར་གུས་པ་ཡང་ཡིད་འཐད་ཆེན་པོ་བྱུང་།ལྷག་པར་དེ་སྔ་སྐྱེ་མདོའི་ཡོམ་འགོག་གེགས་སེལ་གྱི་མཚོན་པའི་བོད་ཀྱི་ས་ཁུལ་གང་ཞིག་ཏུ་སྟབས་མ་ལེགས་གནས་ཚུལ་བྱུང་ཡང་།དབུས་གཙང་མི་མང་གིས་ཨང་པོར་མདུན་ལ་དོན་ནས་གདུང་སེམས་སྙམ་སྐྱེད་དང་།གུད་སྐྱོབས།དྲིལ་བསྒྲགས་བཅས་ཀྱི་ལས་དོན་སྤེལ་མུས་ཀྱི་གནས་ཚུལ་ཡོངས་གྲགས་ཡིན།དོན་ངོ་མའི་གནས་ཚུལ་དགག་ལ་ཐུག་དུས་དབུས་གཙང་མི་མང་དང་དབུས་རྒྱུན་རྣམས་གྲོས་ཆོད་ནང་བཞག་པ་ལྟར་གྱི་ཞེན་ཁོག་ནག་པོའི་ན་ཚ་དེ་འདྲ་མེད་ཅེས་བརྗོད་ནའང་མི་འགྲིགས་པ་མེད་པ་སྐུ་ཉིད་ཀྱི་དགོངས་པར་མངའ་གསལ་ལགས་པས་ཐུག་ཀློང་མ་འཁྲུག་རོགས་ཞུ་རྒྱུ་ཡིན།

    རང་འབབ་ལས་དོན་རྣམས་རང་གི་ཁོངས་ཁུངས་ཆོལ་ཁར་ཞེན་ཁོག་མེད་ན་

  32. འཇམ་དཔལ་ཚུལ་ཁྲིམས། says:
    2011-04-25 at 5:15 pm

    དྲ་གྲོགས་ལ་རྒྱའི་བདག་པོ་ལགས།
    མཆན་༣་བར་ལས་ཚང་མ་ཀློག་ཁོམས་མ་བྱུང་ཡང་ཁྱེད་ཀྱིས་གསུང་སྟངས་ལ་ཁོ་བོ་ཡོངས་སུ་མགུ་སོང་། མ་འོངས་པར་ཡང་དེ་ལྟར་མིག་དཔེ་བཟང་པོ་རེ་སྟོན་རོགས།

  33. ལྷ་སྨོན་པ། says:
    2011-04-29 at 2:10 pm

    ད་གནད་དོན་འདི་འདྲ་བཤད་དགོས་པ་མ་རེད། དངོས་ཡོད་གནས་ཚུལ་གྱི་ཐོག་མི་མང་གི་ངོས་ནས་མང་གཙོའི་ཁེ་དབང་ལོངས་སུ་སྤྱད་ནས་བདམས་ཟིན་པ་རེད། དེར་བརྟེན་མང་གཙོའི་གོམས་གཤིས་ཡོད་མཁན་ཞིག་ཡིན་ན་བརྩི་འཇོག་མི་བྱེད་མཁན་སུ་གཅིག་ཡོད་རྒྱུ་མ་རེད། ཡོད་ཀྱང་སྡུག་གྱོང་ཡིན་པ་དང་། མང་གཙོའི་གོམས་མེད་པའི་རྟགས་རེད།

  34. yum says:
    2011-05-02 at 12:05 pm

    ཧ་ལོག་སོང་བ་རེད་ཟེར་བ་ལ་གོ་རྒྱུ་ཆེན་པོ་ཡོད་པ་རིམ་པས་ཧ་གོ

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (15)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme