Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སློབ་དཔོན་ཆེན་མོའམ་དེང་དུས་ཀྱི་ཞུ་ཆེན་གྱི་ལོ་ཙཱ་བ། ངེས་པ་དོན་གྱི་ཤེས་ཡོན་སློབ་གསོའི་སྒྲོན་མེ། ཞིང་གཤེགས་དམ་པ་སངས་རྒྱས་མཆོག་ལ་ཕུལ་བའི་ཀ་ཕྲེང་ཨུ་དུམ་ཝ་རའི་མེ་ཏོག་ཞེས་བྱ་བ།།

Posted on 2024-01-182024-01-18 By འཚོ་བྱེད་བུ No Comments on སློབ་དཔོན་ཆེན་མོའམ་དེང་དུས་ཀྱི་ཞུ་ཆེན་གྱི་ལོ་ཙཱ་བ། ངེས་པ་དོན་གྱི་ཤེས་ཡོན་སློབ་གསོའི་སྒྲོན་མེ། ཞིང་གཤེགས་དམ་པ་སངས་རྒྱས་མཆོག་ལ་ཕུལ་བའི་ཀ་ཕྲེང་ཨུ་དུམ་ཝ་རའི་མེ་ཏོག་ཞེས་བྱ་བ།།

ཀ་བཙན་བླ་མ་སྐྱབས།                                                                                                                                                                                                                                              ཀ་དག་སྒྲ་བསྒྱུར་སྐར་ཚོགས་ཁྲོད་ན་ཟླ་བ་བཞིན་དུ་མངོན་པར་འཕགས།།
ཁ་མིན་དོན་གྱིས་རིགས་ཞེན་ཆེ་བས་རིག་གཞུང་ལས་ལ་མི་ཚེ་བསྟིམས།།
ག་དུས་ཡིན་ཡང་དལ་ལྷོད་མེད་པར་ཤེས་བྱའི་དོ་ར་ལེགས་སྐྱོང་མཁན།།
ང་ལ་བཀའ་དྲིན་ཤིན་ཏུ་ཆེ་བའི་སློབ་དཔོན་མཆོག་ལ་མྱ་ངན་ཞུ།།

ཅ་དག་རིག་ཚན་སྣ་མང་བརྡ་ཆད་བརྒྱད་འབུམ་ལྷག་བརྒལ་གཏན་ལ་ཕབས།།
ཆ་ལུགས་སྤྱོད་མཛེས་དཔྱོད་ལྡན་སློབ་མས་ས་སྟེང་ཀུན་ལ་ཁྱབ་པ་དང་།།
ཇ་ཐུན་ཙམ་ཡང་ཆུད་ཟོས་མེད་པར་ཤེས་ཡོན་སློབ་གསོའི་རྐང་འཛིན་པ།། ཉ་མོ་བཞིན་དུ་རྣམ་རིག་བཀྲ་བའི་བདག་གི་དགེ་རྒན་དམ་པ་མཆོག།

ཏ་ཐཱ་ག་ཏའི་གསུང་རབ་གཙོས་པའི་གནའ་དེང་བོད་རྒྱའི་ཤེས་བྱ་དང་།།
ཐ་སྙད་གསར་རྙིང་ལོ་ཙཱ་བྱེད་པར་ངེས་པ་དོན་གྱི་གདེངས་སྤོབས་ཅན།།
ད་ལྟའི་དུས་འདིར་མེད་དུ་མི་རུང་སྒྲ་བསྒྱུར་མཁན་པོ་སངས་རྒྱས་མཆོག།
ན་བ་ངན་པས་ཞིང་གཞན་ཁྲིད་འདི་རྒྱ་བོད་མཁས་པའི་གྱོང་གུད་ཅིག།

པ་གོར་བཻ་རོ་ཙ་ན་ཇི་བཞིན་དེང་རབས་ལོ་ཙཱའི་ཁྲོད་ན་བརྗིད།།
ཕ་ཁོལ་སློབ་དཔོན་རྣམ་དཔྱོད་མངའ་བས་བསྟན་སྲིད་དོན་ལ་ལག་རྗེས་མང་།།
བ་ར་རུ་ཅི་མཆོག་སྲེད་དང་མཚུངས་ལས་དོན་སྒྲུབ་ལ་མཐུ་རྩལ་ཅན།།
མ་ལག་ཀུན་ལ་བཀའ་དྲིན་མཚུངས་མེད་བཤེས་གཉེན་དམ་པར་གདུང་འབོད་ཞུ།།

ཙ་རིའི་གངས་ལྗོངས་མཁས་པའི་གསུང་རབ་གླེགས་བམ་པོ་ཏི་སྟོང་ཕྲག་གྲངས།།
ཚ་གཅུན་སྲིད་ཇུས་དམར་པོའི་འོག་ནས་ཐབས་མཁས་པར་སྐྲུན་གནང་བ་ཡིས།།
ཛ་ཡའི་རྒྱལ་བསྟན་བསྐྱར་དར་དོན་ལ་བློ་མིག་སྒོ་མོ་ཕྱེས་པ་སོགས།།
ཝ་མ་ཝོལ་མིན་ལས་དོན་བསྒྲུབས་མཁན་སྐྱེས་ཆེན་ཁོང་ལ་ཡི་རངས་ཞུ།།

ཞ་སྨྱུག་འཛིན་མཁན་སློབ་གླིང་ར་བའི་འཛིན་སྐྱོང་ལས་ལ་འཇུག་ཞོར་དུ།།
ཟ་ཧོར་ཇོ་བོའི་ལམ་སྒྲོན་ལ་སོགས་སྟོན་པའི་གསུང་རབ་སྣ་ཚོགས་ལ།།
འ་ཅག་བླ་མ་ཤར་གདོང་གཙོས་པའི་བཤེས་གཉེན་དམ་པ་མང་བསྟེན་ནས།།
ཡ་མེད་རིག་བརྒྱའི་གནས་ལ་མཁྱེན་ཡངས་སློབ་དཔོན་ཆེན་མོ་རྒྱལ་གྱུར་ཅིག

ར་བ་གངས་ལྗོངས་ཡུལ་ན་རབ་གྲགས་ཚིག་རྒྱན་རིག་པའི་སྒོ་འབྱེད་དང་།།
ལ་རྒྱ་ཅན་གྱི་མཁས་པའི་གླེང་སྟེགས་སྤྲང་ཆར་གཙོ་སྒྲིག་གནང་བ་སོགས།།
ཤ་ཚའི་གཏམ་དང་རིན་ཐང་ཅན་གྱི་གསུང་རྩོམ་བཅུ་ཕྲག་བརྒལ་བ་བཅས།།
ས་སྒང་འདི་ལ་སྐྱེས་སུ་གནང་མཁན་མཁས་དབང་ཁྱེད་ལ་རྗེས་དྲན་ཞུ།།

ཧ་ལས་དགོས་པ་རྩོམ་རིག་གསར་བའི་ཤིང་རྟའི་སྲོལ་འབྱེད་གནང་བ་གཅིག། ཧ་ཅང་རྒྱ་ཆེའི་བསླབ་པ་ཟབ་པའི་སྒྲ་བསྒྱུར་མཁན་པོར་བཞུགས་པ་གཉིས།།                                                                                                                                            ཧ་ལམ་གཞན་མེད་དཔེ་སྐྲུན་ལས་མཛད་ཕུལ་བྱུང་མཚན་སྙན་ཐོབ་པ་བཅས།།
ཧ་གཉིད་སད་པ་རིགས་ཞེན་ཅན་དེའི་མཛད་རྗེས་གཏན་དུ་གནས་གྱུར་ཅིག།

ཨ་ཆེན་གངས་ལྟར་སྐུ་གཟུགས་རབ་བརྗིད་མཁའ་བཞིན་དགོངས་པའི་དཔངས་མཐོ་ལ།།
ཨ་འཐས་རྡོ་རྗེ་བྲག་རི་དང་མཚུངས་དམ་བཅའི་ཚིག་ལ་འགྱུར་བ་མེད།།
ཨ་ལོང་འགྲིག་མའི་ལྕགས་ཐག་འབྲེལ་ལྟར་ལས་འཆར་འགོད་ལ་རིམ་པ་ཅན།།
ཨ་ཉིད་རྟོགས་པའི་ཤེས་བརྩོན་ཅན་ཁྱེད་ང་ཚོའི་ཚང་མའི་དཔེ་སྟོན་ལགས།།

ཨི་ཡིག་ལ་སོགས་བོད་ཀྱི་རིག་གཞུང་སྲུང་སྤེལ་གནང་སྟེ་ཚེ་མཐར་ཕྱིན།།
ཨུ་དུམ་ཝ་རའི་མེ་ཏོག་ཇི་བཞིན་ཁྱེད་འདྲ་བྱོན་པ་རེ་ཟུང་ཙམ།།
ཨེ་མ་ངོ་མཚར་མཛད་རྗེས་མཐའ་ཡས་སློབ་དཔོན་མཆོག་གི་བྱུང་བ་ཙམ།།
ཨོཾ་མཛད་འཕགས་མར་གསོལ་བ་འདེབས་བཞིན་འདིར་འགོད་བྱས་པ་དགེ་ལེགས་ཤོག།

ཀ་ཕྲེང་ཨུ་དུམ་ཝ་རའི་མེ་ཏོག་ཅེས་པ་འདི་ཡང་བདག་གི་རྩོམ་རིག་དགེ་རྒན་ཞིང་གཤེགས་དམ་པ། དགེ་རྒན་ཆེན་མོའམ་དེང་དུས་ཀྱི་ཞུ་ཆེན་གྱི་ལོ་ཙཱ་བ། བོད་ཀྱི་རྩོམ་རིག་གསར་བའི་སྣེ་ཁྲིད་མཁན་དང་མི་རིགས་ཀྱི་སློབ་གསོ་བ་ཆེན་པོ།  རིག་གཞུང་ཉམས་ཞིབ་པ། ནང་དོན་རིག་པ་དང་ཚགས་པར་དུས་དེབ་སོགས། དེབ་གཟུགས་འདྲ་མིན་ལ་བགྱི་བའི་རྩོམ་སྒྲིག་དང་གཙོ་སྒྲིག་པ། མི་རིགས་སློབ་གསོའི་ལས་དོན་གྱི་སྣེ་ཁྲིད་པ་དང་བོད་ཀྱི་རིག་གཞུང་སྲུང་སྐྱོང་མཁན། རིགས་ལ་ཞེན་ཁོག་ཆེ་ཞིང་ཞལ་གསུང་ལག་ལེན་དུ་བསྟར་མཁན། ཐབས་ཤེས་ཟུང་དུ་འབྲེལ་ནས་འཛིན་སྐྱོང་སོགས་ལས་དོན་སྣ་ེམང་ལ་འཇུག་ལྡོག་མཁས་པའི་བོད་རིག་པའི་ཀ་ཆེན། སློབ་དཔོན་ཆེན་མོ་སངས་རྒྱས་མཆོག་སྐུ་ཚེ་མ་ཟིན་པའི་གཏམ་ངན་མཐོང་ཐོས་སུ་གྱུར་མ་ཐག་འགྱོད་གདུང་དང་ཕངས་སེམས་ཆེན་པོ་དང་བཅས་ཁོང་གི་སློབ་མའི་མིང་འཛིན་པ་ཀ་བཙན་བླ་མ་སྐྱབས་ཀྱིས། ཕྱི་ལོ་༢༠༢༣ / ༢ / ༢༧ ཉིན་གྱི་ཞོགས་པར་ཨ་རིའི་རྒྱལ་ས་ནས་མགྱོགས་བྲིས་སུ་བགྱིས་པ་དགེ་བའི་རྒྱུ་རུ་འགྱུར་བ་ཤོག

དྲན་ཐོ།

Post navigation

Previous Post: རྨི་ལམ་ནང་གི་བླ་མ་སྐྱབས་རྗེ་བླ་མ་བཟོད་པ་རིན་པོ།
Next Post: གཞས་མ་གྲགས་ཅན་ཞིག་ལས་འཕྲོས་པའི་གཏམ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme