Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སློབ་ཆེན་སློབ་མའི་ཕྱི་མིག་དང་རེ་སྐུལ།

Posted on 2010-07-28 By ཁ་བརྡ་ 14 Comments on སློབ་ཆེན་སློབ་མའི་ཕྱི་མིག་དང་རེ་སྐུལ།

འཇམ་དབྱངས་ཕུན་ཚོགས།
———-

དེ་རིང་དུས་བབ་གསར་འགོད་པས་༼ཕྱིེར་སྐྱོད་མཐོ་རིམ་སློབ་མ་འགས་འདི་ལྟར་བརྗོད་བྱུང་༽ཞེས་པའི་དམིགས་བསལ་ལེའུ་ཚན་དུ་བཀོད་པའི་གནས་ཚུལ་འདི་ལ་ཞིབ་ཉན་དང་ཞིབ་ལྟ།ཞིབ་འཇུག་སོགས་བྱས་མཐར།ནམ་རྒྱུན་རང་ཉིད་ཀྱིས་སྤྱི་ཚོགས་འདི་ལ་ཉན་ཞིང་བལྟས་པའི་ཉམས་མྱོང་འོག།ངས་ནི་བཙན་བྱོལ་གྱི་སློབ་ཆེན་སློབ་མ་རྣམས་ཀྱི་བླ་འཁྱམ་འདུག་པའི་བསམ་ཚུལ་བཟུང་བ་ལ་རྒྱ བ་རོགས་དང་དཔང་རྟགས་བྱེད་ཀྱི་འདུག་པའི་ཚོར་བ་རྨ་མེད་པ་ཞིག་བྱུང་བ་དང་ལྷན་། སླར་ཡང་གནས་ཚུལ་འདི་དང་འབྲེལ་བའི་བསམ་ཚུལ་ཁ་ཤས་བཤད་འདོད་སྐྱེས།

མི་ལོ་འདི་དག་གི་རིང་ལ་བོད་ཁྱིམ་སློབ་གྲྭ་གཙོས་པའི་བཙན་བྱོལ་གྱི་སློབ་གྲྭ་ཁག་བརྒྱད་བཅུ་ལྷག་ཅིག་གིས་དཀའ་བ་བརྒྱ་སྤྱད་ཀྱིས་བོད་ཀྱི་མ་འོངས་པའི་སོན་རྩར་དམིགས་པའི་སློབ་མ་སྟོང་ཕྲག་མང་པོར་སློབ་ཡོན་དང་མཐུན་རྐྱེན་སོགས་ནུས་ཚོད་ཀྱིས་བསྐྲུན་དང་སྐྲུན་བཞིན་ཡོད་པ་ནི་མིག་ལྡན་སུ་ཞིག་གིས་ཀྱང་མཐོང་ཐུབ་ཅིང་།༧གོང་ས་མཆོག་དང་བོད་གཞུང་གི་འབྲེ ལ་ཡོད་མཛད་གཙོ་རྣམས་ཀྱིས་ཀྱང་ཐུགས་ཁུར་བླ་མེད་གནང་བཞིན་པ་སེམས་ལྡན་སུས་ཀྱང་ཤེས་ཐུབ་་པས་བཀའ་དྲིན་ཚད་མེད་ཞུ་དགོས་སུ་ཆེ།

འོན་ཏེ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་བཙན་བྱོལ་བོད་མིའི་མི་ལོ་སུམ་བཅུའི་ཤེས་ཡོན་འཐུས་ཤོར་སྐོར་ལ་བཀའ་གནང་སྐབས།ང་ཚོ་བཙན་བྱོལ་དུ་འབྱོར་ཏེ་ལོ་ངོ་ལྔ་བཅུ་ཟིན་པའི་ནང་ནས་མི་ལོ་ཉི་ཤུ་ནི་སློབ་གྲྭ་ཁག་གསར་རྒྱག་དང་གོ་སྒྲིག་གསར་བ་བྱེད་དགོས་པའི་དབང་གིས་དུས་ཚོད་ཀྱིས་མ་འདང་བར་ཁག་བཞག་ཆོག་ཀྱང་།འདས་བའི་ལོ་ངོ་སུམ་བཅུ་ནི་ང་ཚོས་མ་འཇོན་པ འི་འཐུས་ཤོར་ཆེན་པོ་ཞིག་ཡིན་པར་བཀའ་གཏན་ཁེལ་བར་བསམ་གཞིག་གནད་དུ་ཐིང་བ་བྱེད་སྐབས།དེ་རིང་དུས་བབ་གསར་འགོད་པའི་མདུན་དུ་ལངས་པའི་ཕྱིར་སྐྱོད་སློབ་མ་འདི་དག་གི་རྣམ་འགྱུར་དང་ལྟ་བའི་གསེང་ནས་ཅི་ཞིག་གསལ་ཐིང་ཐིང་གིས་འགྲེལ་ཀྱིན་པ་རྣམས་ཀྱང་ང་ཚོས་གུ་ཡངས་ལ་གཏོང་མི་ཐུབ་པའི་གནས་ལུགས་གལ་ཆེན་དག་ཡིན་པ་གསལ་བོ་ཤེས་ཡོང་།

“འཛིན་གྲྭ་བཅུ་གཉིས་བར་བཙོན་ཁང་ནས་བསྡད་པ་རེད།མཐོ་སློབ་ནང་སྐྱིད་པོ་མ་བཏང་ན་གྱོང་རེད་ཟེར་མཁན་འདུག་་་མི་རིགས་དང་རིག་གནས་སྐོར་ལ་སྐད་ཆ་བཤད་མཁན་མཐོང་མ་སོང་”ཞེས་དང་“་རང་གི་བསམ་པར་དཀའ་ངལ་འདིའི་འབྱུང་ཁུངས་གཞི་རིམ་སློབ་གྲྭའི་ནང་སྒྲིག་གཞི་དམ་དྲགས་པ་དང་།སློབ་མ་ཚོར་རང་འགན་རང་འཁུར་གྱི་གོ་སྐབས་མ་རག་སྟབས།བསམ་བློ་བརྟན་པོ་དང་མཁྲེགས་པོ་ཆགས་མ་ཐུབ་པ་རེད་དྲན་ཡོད།”བོད་ཁྱིམ་གྱི་སློབ་གྲོགས་དེ་ཚོར་འཇོན་ཐང་དང་ཤེས་ཚད་མེད་པ་མ་རེད།འོན་ཀྱང་སྤོབས་པ་མེད་པའི་དབང་གིས་གོ་སྐབས་མང་པོ་ཞིག་ཤོར་འགྲོ་བཞིན་འདུག“བག་འཁུམ་གྱི་གཤིས་ཀ་འདིས་མི་ཚེ་ནང་གི་ལས་དོན་མང་པོ་ཞིག་ལ་ཤུགས་རྐྱེན་ཐེབས་ཀྱི་རེད།འདིའི་ཐད་དགེ་རྒན་ཚོས་ཀྱང་བསམ་བློ་གཏོང་དགོས་ཀྱི་འདུག་་ངས་བལྟས་ན་བོད་པ་ཚོའི་དགེ་རྒན་དང་སློབ་ཕྲུག་བར་མཐོ་དམའ་ཆེན་པོ་ཡོད་པ་འདིས་སློབ་ཕྲུག་ཚོ་ལྐུག་པ་བཟོ་བཞིན་འདུག་དྲན་ཡོད་།”

བཙན་བྱོལ་གྱི་གཞི་རིམ་སློབ་གྲྭ་ཁག་འགྲིམ་ཞིང་ད་ལྟ་དམིགས་བསལ་ས་མིག་ལས་ཕྱི་རྒྱལ་གྱི་མཐོ་སློབ་ཁག་ལ་འགྲིམ་བཞིན་པའི་སློབ་མ་འདི་ཚོས་རང་ཉིད་ཀྱི་འདས་སོང་གི་བཞུད་ལམ་ལ་ཕྱིར་ལྟ་བྱས་པའི་མྱོང་ཚོར་དག་གིས་འུ་ཚོའི་རང་གཤིས་ལ་ཨ་འཐས་སུ་གྱུར་བའི་ཀུན་སྤྱོད་དང་།ཨུ་ཚུགས་དང་མཁྲེགས་ཤིང་གིས་བཅུན་བའི་སྒྲིག་ལམ་སོགས་ལ་བྱི་དོར་དང་གད་བདར་བགྱིས་ཏེ། མི་ཚུགས་ཀྱིས་འགྲེང་ཞིང་སྒལ་ཚུགས་ཀྱིས་ལང་ཐུབ་པར་ངུ་སྐད་ལྷང་ལྷང་གིས་འབོད་སྐུལ་བྱེད་ཀྱིན་པ་འདི་ཡང་ཤེས་ཡོན་འཐུས་ཤོར་ཀྱི་རྐང་འཛིན་ས་ཞིག་དང་།བཙན་བྱོལ་དུ་ན་གཞོན་ཀྱི་གླུ་སྐད་དང་སློབ་ཆེན་སློབ་མའི་བློ་སྤོབས་ཀྱི་དབྱངས་རྟ་ཆད་དགོས་པའི་རྒྱུ་རྐྱེན་སྲ་མོ་དག་གླེང་གིན་ཡོད་པ་མ་ཟད།“ལྷོད་སྡོད་རིང་ལུགས་དང་འགན་མེད་རིང་ལུགས་”ཀྱི་འགག་རྩ་གསལ་བོ་དག་ཀྱང་སྟོན་གྱིན་ཡོད་པ་མ་ཡིན་ནམ།

མི་ཞིག་གི་མི་ཚེའི་བཞུད་ལམ་རིང་མོ་ལ་བསམ་བློ་བཏང་སྟེ་བཤད་ན།བྱིས་དུས་ཀྱི་མཚར་འཛིན་བློ་དང་གཞོན་དུས་འཁྲུལ་སྣང་གི་ང་རྒྱལ་སོགས་ནི་རང་ཉིད་ཀྱི་འདས་སོང་འཚོ་བ་ལ་ཕྱིར་དྲན་དང་རིན་ཐང་འཇོག་ཆོག་པའི་དུས་ཚོད་ལྟ་ན་སྡུག་པ་དེ་ཡིན།གལ་སྲིད་མི་ཞིག་ལ་བྱིས་དུས་ཀྱི་མཚར་འཛིན་བློ་དང་གཞོན་དུས་ཀྱི་ང་རྒྱལ་དང་སྤོབས་པ་སོགས་གང་ཡང་མེད་ན་མི་ཚེ་ལ་ཕྱི་ད ྲན་བྱེད་རིན་མེད་ཅིང་།ལོ་རྒྱུས་ལ་གདེང་འཇོག་བྱེད་རིན་མེད་པའི་ཁེར་རྐྱང་གི་འཚོ་བ་སྡུག་ཤོས་དེ་ཡིན།དེ་བཞིན་རྒྱལ་ཁབ་ཅིག་ལ་བྱིས་པའི་རེ་བ་དང་།གཞོན་ནུའི་སྤོབས་པ་དང་ང་རྒྱལ།རྒན་པའི་བསམ་ཤེས་དང་ཉམས་མྱོང་སོགས་ཀྱི་གོང་འགྲིག་པ་ན་ད་གཟོད་རྒྱལ་ཁབ་དེ་དང་མི་རིགས་དེ་ཉིད་འཐུས་སྒོ་ཚང་ཞིང་བློ་འཕེལ་ཆོག་པ་ཞིག་ཏུ་ངེས་ཤིང་།དེ་ལས་ལྡོག་ན་རྒྱལ་ཁབ་དེ་དང་ མི་རིགས་དེ་ཉིད་ཆ་མི་མཚུངས་ཤིང་བར་སྟོང་གིས་ལྷག་པ་ཞིག་ཏུ་འགྱུར་ངེས།

མིའི་རིགས་ཀྱི་ལོ་རྒྱུས་གང་ལ་བལྟས་ཀྱང་ན་གཞོན་ནི་སྤོབས་པ་དང་ང་རྒྱལ།གསོན་ཤུགས་ཀྱིས་ལངས་ཏེ་རྒྱལ་ཁབ་དང་མི་རིགས་ལ་འགུལ་བསྐྱོད་ཐེབས་པར་བྱེད་པའི་ནུས་ཤུགས་གལ་ཆེན་འདོན་མཁན་དུ་གྱུར་ཡོད་ཅིང་།གཞོན་ཤེད་ཀྱིས་རྒྱག་ཅིང་དཔྱོད་ཤེས་ཀྱིས་འགྱིང་བའི་ན་གཞོན་སློབ་ཆེན་པ་རྣམས་ནི་དེ་བས་ཀྱང་གསོན་ཤུགས་ཀྱི་སྣེ་ཁྲིད་པ་དང་བློ་འདོན་པ་སོགས་སུ་གྲུབ་ཡ ོད།འདི་ལ་འུར་སློང་དང་དཀྲོག་གཏམ།མགོ་སྟོང་སོགས་སུ་བརྗོད་མཁན་ཅི་རིགས་འབྱུང་གི་ཡོད་ཀྱང་།དོན་དངོས་ཐོག་མིའི་སྤྱི་ཚོགས་ལ་མ་གཞི་ནས་འུར་སློང་དང་ང་རྒྱལ།་མདུན་མཆོངས་ཀྱི་སྤོབས་པ་སོགས་སློང་བར་བྱེད་པའི་སྐད་ཤུགས་ནི་ཅིས་ཀྱང་མཁོ།རྒྱུ་མཚན་མིའི་བློ་ཁོག་ནི་མ་གཞི་ནས་གླ་པགས་ནང་བཞིན་བསྐྱེད་ན་ཆེ་རུ་བསྐྱེད་ཐུབ་ཅིང་འཁུམ་ན་ཆུང་དུ་འཁུམ་འགྲོ་བའི་རང་ གཤིས་ཡོད་པས་ཡིན།

ཞི་འཇམ་དང་ལྷིང་འཇགས་ལ་ཇི་ཙམ་གོམས་ན་དེ་བཞིན་སྙིང་ཁམས་དང་བློ་ཁོག་ཀྱང་འཁུམ་ཞིང་ཆུང་ངུར་གྱུར་འགྲོ་བ་ནི་ཆོས་ཉིད་ཡིན།སྒྲིག་གཞི་དང་ཀུན་སྤྱོད་ཀྱི་ཚགས་ཤིང་ཇི་ལྟར་ཕྲ་ན་མི་གཤིས་ཀྱང་དེ་བཞིན་གཉོམ་ཞིང་བློ་ཁོག་དང་ང་རྒྱལ།རང་ཚུགས་སོགས་ཀྱིས་ཕོངས་པར་གྱུར་འགྲོ་བའང་དངོས་ཡོད་ཡིན།འུ་ཚོས་ན་གཞོན་གྱི་ལང་ཚོ་སྣུམ་ཤིག་ཤིག་གིས་འཁོལ་གྱིན་པའི་ན་ག ཞོན་གང་མང་ཞིག་དང་སྒེར་གཤིས་དང་ཚུགས་ཐུབ་ཀྱི་ཚུགས་ཀ་ལྷུག་ལྷུག་གིས་གྲོལ་བཞིན་པའི་སློབ་ཆེན་པ་མང་པོ་ཞིག་ལ་སྙིང་བསྟན་ཞིང་སེམས་བསྲེས་ཏེ་སྐད་ཆ་བཤད་སྐབས།“བཙན་བྱོལ་ནང་གི་མཐོ་རིམ་སློབ་མ་མང་ཆེ་བ་ལྷོད་སྡོད་རིང་ལུགས་པ་དང་།འགན་མེད་རིང་ལུགས་པ་ལྟ་བུ་ཆགས་འདུག་པ”་དངོས་སུ་ཚོར་ཡོང་བས་ད་ནི་འུ་ཚོར་སྐད་ཤུགས་ཆེན་པོས་ཀུ་ཞིག་འདེབས་མཁན་རེ་ཅིས་ཀྱང་མཁོ་ཨང་སྙམ་གི

རྩོམ་རིག

Post navigation

Previous Post: བློ་བཟང་སེང་གེ་ལ་ཕུལ་བའི་དྲི་བ་གལ་ཆེན་བཅུ།
Next Post: ས་སྲོད་ན་སུ་ཞིག་ཡོད་དམ།

Comments (14) on “སློབ་ཆེན་སློབ་མའི་ཕྱི་མིག་དང་རེ་སྐུལ།”

  1. ཀརྡོ་རབ་འབྱམས་པ་ says:
    2010-07-28 at 6:54 pm

    རྩོམ་འདི་འདྲ་སྔར་ཡང་བཀླགས་ཟིན་པ་ལྟ་བུར་མཐོང་བའི་ནང་ནས་ནོར་འཁྲུལ་ཆེ་ཤོས་ནི། སྤོབས་པ་ལ་ང་རྒྱལ་ཞེས་བྲིས་འདུག ང་རྒྱལ་མི་དགོས་པའི་སྐྱོན་ཞིག་ཡིན་པ་དང་། སྤོབས་པ་ནི་དགོས་ངེས་ཀྱི་སེམས་ཀྱི་ཡོན་ཏན་ཅིག་རེད།

  2. མེ་ཏོག་དཀར་པོ། says:
    2010-07-28 at 7:35 pm

    ང་རྒྱལ། རྒྱགས་པ། སྤོབས་པ།

  3. གཞོན་ནུ་ཟླ་མེད། says:
    2010-07-28 at 8:40 pm

    ང་རྒྱལ་རྩ་ཉོན། རྒྱགས་པ་ཉེ་ཉོན། སྤོབས་པ་ནི་ཞུམ་པའི་གཉེན་པོ།

  4. དུས་ཆར། says:
    2010-07-29 at 3:34 am

    སྐབས་འགར་སྤོབས་པ་དང་ང་རྒྱལ་གཉིས་གོ་དོན་གཅིག་ཏུ་འབབ་པའང་ཡོད་དེ། སྤྱོད་འཇུག་ལས། ང་རྒྱལ་དགྲ་ལས་རྒྱལ་ཕྱིར་ང་རྒྱལ་འཆང།། ཞེས་པ་ལྟ་བུ།

  5. འབྲོང་བུ་ཟླ་བ་ཚེ་རིང། says:
    2010-07-29 at 4:31 am

    རེད་རེད། རྩོམ་འདི་སྔོན་མ་ཐེངས་གཅིག་མཐོང་སོང། ཕལ་ཆེར་དུས་བབ་དྲ་རྒྱ་ནས་མཐོང་སོང་བ་འདྲ།

    གོང་དུ་བཤད་པ་ནི་གནད་འགག་ཅིག་རེད། ང་རང་ཉིད་སློབ་ཆེན་པ་ཞིག་པའི་ཆ་ནས་གནས་སྟངས་གང་མང་ཞིག་འཐུས་ཤོར་དུ་ཕྱིན་དང་འགྲོ་བཞིན་པ་མཐོང་གི་འདུག དངོས་ནས་སེམས་སྐྱོ་ནི་ཞིག་རེད། དེ་རིང་ང་ས་རཱ་མཐོ་སློབ་ན་༼༧ གོང་ས་མཆོག་གི་དགོངས་དོན་དང་འབྲེལ་བའི་མཐོ་རིམ་སློབ་མའི་བགྲོ་གླེང།༽ གི་ཟུར་ཉན་པ་ཞིག་གི་ཚུལ་དུ་ཡོད། ཟླ་ངོ་གསུམ་གྱི་སྔོན་ནས་བརྡ་ལན་ཕུལ་ཡོད་ན་ཡང། རྒྱ་གར་གྱི་གྲོང་ཁྱེར་ཅན་རྡི་རྒར་དང། མའེ་སོར། མེན་ལོར་བཅས་ནས་སློབ་ཆེན་པའི་སྐུ་ཚབ་ཕེབས་མེད་པ་དང། ནོར་གླིང་དང་ཝ་ན། ས་སྐྱ་མཐོ་སློབ་བཅས་ནས་ཀྱང་སྐུ་ཚབ་ཕེབས་མེད་པ་འདིས་རང་འགན་རང་གིས་འཁུར་གྱིན་མེད་པའི་གནད་དོན་ཞིག་ར་སྤྲོད་བྱས་འདུག་ལ། མཐོ་རིམ་སློབ་མའི་རྒྱབ་རིས་ངོ་མ་ཞིག་མངོན་པར་བྱས་འདུག གང་ལྟར་སེམས་པ་སྐྱོ་ནི་ཞིག་རེད།

  6. རྡུལ་ཕྲན། says:
    2010-07-29 at 8:19 am

    འདི་ནི་ཚེ་སྲོག་དང་བླ་རྐང་མེད་པའི་འུ་ཚོ་འཇིག་རྟེན་པ་དག་གི་ཆེད་དུ་ཕུལ་བ་ལས།ཕྱི་མ་དང་ཕྱི་མ་དང་ཕྱིའི་འཕྲེང་རིང་ལ་འཕྲེང་བ་འདྲེན་མཁན་ཚོར་ཅང་བཤད་མེད།དེ་དོན་དགོངས་འཇགས་ཞུ།

  7. རྡུལ་ཕྲན། says:
    2010-07-29 at 8:25 am

    གོང་རྩོམ་ཡིག་གི་རྩོམ་པ་པོའི་མིང་ནོར་འདུག་པས་རྩོམ་སྒྲིག་པས་བཅོས་རོགས།
    ཡིན་པ་ནི་རྩོམ་པ་པོའི་མིང་ལ་རྡུལ་ཕྲན་ཞེས་འབྲི་དགོས་མོད།དེ་བཞིན་བྲིས་མེད་པ་ནི་རྩོམ་ཡིག་འདིའི་བདག་པོ་ང་རང་ཉིད་ཀྱིས་སྐྱོན་ཡིན་ཏེ་རྒྱུ་མཚན་ངས་རྩོམ་ཡིག་འདི་སྐུར་སྐབས་མིང་མ་བྲིས་པས་རྩོམ་སྒྲིག་པས་གློག་འཕྲིན་ཁ་བྱང་གི་མིང་བརྒྱབ་པས་རེད།གློག་འཕྲིན་ཁ་བྱང་དེ་ནི་ངའི་མིན་ལ་མིང་མི་གཅིག་པས་་ནོར་འཁྲུལ་དེ་བྱུང་ཆོག་པ་ཞིག་རེད།དགོངས་དག

  8. སྒྲོལ་མ་མཚོ། says:
    2010-07-29 at 8:47 am

    མཆན་འདི་འབྲི་མཁན་གྱིས་སྒོམ་སྡེའི་སྐོར་ལ་གནས་ཚུལ་ཞིག་བྲིས་འདུག སྒྲོལ་མ་མཚོ་ཞེས་པ་དེ་ནིའུ་ཡོག་ཁུལ་དུ་བཞུགས་ཡོད་པ་འདྲ། གང་ལྟར་གནས་ཚུལ་འདི་དཀྲོགས་གཏམ་གྱི་ཚུལ་ཤུགས་ཆེ་བ་ལྟ་བུ་འདུག་སྟབས་རེ་ཞིག་གསུབ་པ་ཡིན།

  9. མེ་ཏོག་དཀར་པོ། says:
    2010-07-29 at 8:58 am

    འགྲན་ཟླ་མེད་པའི་གཞོན་ནུ་ཤ་རྒྱས་ཁྲག་རྒྱས་ལགས།

    ད་ཡང་ང་ཚོས་མ་རྩོམ་ཡིག་ལས་བུ་མཆན་བུ་ལ་མཆན་བུ་བཏགས་རྒྱུའི་བྲབ་འདུག
    འདི་སྐོར་མ་རྩོམ་གཞན་ཞིག་སྤེལ་ནས་བགྲོ་གླེང་བྱ།

    ཐ་སྙད་བཀོལ་སྟངས་ཏེ་ཡར་རྒྱས་ཀྱི་ཁ་བཏད་ལ་མར་རྒྱས་བྲིས་པ་སོགས་དགོད་བྲོ་པོ་མང་པོ་ཞིག་འདུག་པ་གཞན་དུ་མཆན་བུ་འདོག་པར་བྱའོ།།

  10. མེ་ཏོག་དཀར་པོ། says:
    2010-07-29 at 9:01 am

    སྒོམ་སྡེ་གྲོངས་པ་འདི་དངོས་གནས་རེད་དམ།

  11. གཞོན་ནུ་ཟླ་མེད། says:
    2010-07-29 at 9:20 am

    སྒྲོལ་མ་མཚོ་སྙ་མའི་ནང་ལ་མཇེ་ལྕག་གི་རྒྱག་རྒྱུ་མ་ཁྱོའི་གསར་འགྱུར་རྫུན་མ་མ་བཤད་ཀོ སྒོམ་སྡེ་ལ་ཁྲག་རླུང་གི་ན་ཚ་ཡོད་པ་མ་རེད། འ་རོགས་སྒོམ་སྡེ་ཚུར་ཤོག་ལ་སྐད་ཆ་ཞིག་ཤོད་དང་།

  12. མེ་ཏོག་དཀར་པོ། says:
    2010-07-29 at 12:31 pm

    མི་ཞིག་གསོན་པོར་ཡོད་བཞིན་དུ་ཤི་འདུག་ཟེར་བ་འདི་ཀུ་རེ་ཡིན་ན་ཐལ་དྲག
    སྒྲོལ་མ་མཚོ་ཟེར་བ་འདི་ཡང་དངོས་མིང་མིན་ཁོ་ཐག་རེད།
    ཁ་བརྡས་ངན་པ་ཚར་བཅད་རོགས།

  13. མེ་ཏོག་དཀར་པོ། says:
    2010-07-29 at 12:34 pm

    ནེའུ་ཡོག་ཏུ་ཡོད་པའི་སྒྲོལ་མ་མཚོའི་མིང་ཅན་ལགས།
    གསོན་པོར་ཡོད་པའི་མི་ཞིག་ཤི་འདུག་ཟེར་བ་འདི་ཀུ་རེ་ཡིན་ན་ཐལ་དྲག

  14. དུས་ཆར། says:
    2010-07-29 at 12:37 pm

    རྒན་སྒོམ་སྡེ་བ་ལྟ་བུ་རྒན་རབས་ཤེས་ཡོན་ཅན་དག་ལ་གུས་བརྩི་མཐོང་འཇོག་བྱེད་རྒྱུ་གལ་ཆེན་པོ་རེད་ལ། ཁོང་གི་སྐོར་གྱི་གནས་ཚུལ་དེ་བདེན་མིན་ཤེས་འདོད་ཆེ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme