Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སློབ་ཆེན་སློབ་མ་འགའ་ལ་སྨྲས་པ། རེབ་ཐོག་མདའ།

Posted on 2012-12-312012-12-31 By ཁ་བརྡ་ 2 Comments on སློབ་ཆེན་སློབ་མ་འགའ་ལ་སྨྲས་པ། རེབ་ཐོག་མདའ།

སྐྲ་ལོ་ཐུང་ཐུང་ཁ་དོག་བསྒྱུར་བའི།།

ཨ་མཆོག་གཉིས་ལ་ཨ་ལུང་བཏགས་པའི།།

སློབ་ཆེན་སློབ་མའི་མིང་གི་སྦུག་ན།།

ཁ་བ་བོད་པའི་སོན་རྩ་རུལ་འདུག།

 

ཉིན་མོར་གཏི་མུག་གྲོང་ལ་མྱུལ་བཞིན།།

མཚན་མོར་ཞབས་བྲོ་ཁང་ན་འདུར་བཞིན།།

ཁ་སང་དེ་རིང་ཟང་ཟིང་ཁྲོད་ན།།

ཁ་བ་བོད་པའི་སོན་རྩ་རུལ་འདུག།།

 

ཐ་མག་ཆང་གི་བཟི་ཁའི་བར་ན།།

ན་ཆུང་བུ་མོའི་ལུས་ལ་ཆགས་བཞིན།།

གཞན་སྐད་བོད་སྐད་བསྲེས་མའི་ཀློང་ན།།

ཁ་བ་བོད་པའི་སོན་རྩ་རུལ་འདུག།

 

བོད་ཡིག་བོར་བའི་ས་མཐའ་འདི་ན།།

ཕྱི་སྐད་དར་བའི་བོད་པའི་གྲོང་ན།།

སྦྲང་དཀར་རྩམ་པའི་དྲི་མ་མེད་པའི།།

ཁ་བ་བོད་པའི་སོན་རྩ་རུལ་འདུག།

 

མི་རིགས་རྩ་དོན་ཁོ་ཚོས་མི་ཤེས།

རིགས་ཞེན་ལ་རྒྱ་ཁོ་ཚོར་མེད་ཀི།

མ་ཎི་ཡིག་དྲུག་ཁོང་ཚོས་མི་འདོན།།

སོན་རྩ་འདི་ཚོ་རུལ་ནས་ཡོད་ཀི།

 

བཙན་པོའི་གདུང་རྒྱུད་རུལ་ནས་ཡོད་ཀི།

སྲོལ་རྒྱུན་བཟང་བོ་གཡུག་ནས་ཡོད་ཀི།

ཡ་རབས་གཤིས་ཀ་ལྷད་ཀྱིས་གོས་པའི།།

ཁ་བ་བོད་པའི་སོན་རྩ་འདི་ཚོ།།

 

རྒྱལ་བའི་དགོངས་པ་ཁོང་ཚོས་མི་རྟོགས།།

རྒྱལ་རབས་ལོ་རྒྱུས་ཁོང་ཚོར་མི་གསལ།།

ཀླད་པ་སྟོང་བའི་བོད་པའི་སོན་རྩ།།

དུས་རབས་འདི་ཡི་གྲུ་ན་རུལ་འདུག།།

 

བཤད་པའི་ཁ་ལྕེ་ཁོང་ཚོ་མི་བདེ།།

ལས་ཀའི་འཇོན་ཐང་ཁོང་ཚོར་མེད་ཀི།

རང་དོན་ཆུང་ཆུང་འགྲུབ་ལ་མ་འགྲུབ།།

ཁ་བ་བོད་པའི་སོན་རྩ་རུལ་འདུག།།

 

རྫུན་དང་ཕྲ་མ་ཁོག་ལ་སྦས་བཞིན།།

ཡར་ཚོགས་སློབ་ཐུན་ཁོང་ཚོ་ཆད་ཀི།

གཞོན་དུས་མི་ཚེ་ལེ་ལོའི་བར་ན།།

ཁ་བ་བོད་པའི་སོན་རྩ་རུལ་འདུག།།

 

ལོ་ལོན་ཕ་མའི་འགྲོ་སོང་བར་ན།།

སྤུན་དང་ན་ཟླའི་སེམས་ཁུར་ནང་ན།།

ས་ཡ་དྲུག་གི་ལས་དབང་གཡུག་ཞོག།

སློབ་ཐོན་ལག་འཁྱེར་རག་ལ་མ་རག།

 

རང་ཁ་རང་གསོ་ཐུབ་ཀི་མི་འདུག།

གསར་གཏོད་བྱེད་པའི་སྙིང་སྟོབས་མེད་ཀི།

ཆིག་སྒྲིལ་དེ་ཡང་ཐ་སྙད་ཙམ་ཞིག།

ཁ་བ་བོད་པའི་སོན་རྩའི་བོར་འདུག།

ལྡི་ལི་བོད་པའི་སློབ་ཆེན་སློབ་མ་དག་་གི་སྡོད་གནས་(youth host)་ནང་ཞག་ཅིག་བསྡད་པའི་ཚོར་བ།

སྙན་ངག

Post navigation

Previous Post: རྒྱ་ནག་གི་རྒྱུག་ཁྱི། རྔ་བ་ཀུན་བཟང་སྒྲོལ་མ།
Next Post: བུ་མོ་འགའ་ལ་སྨྲས་པ། རེབ་ཐོག་མདའ།

Comments (2) on “སློབ་ཆེན་སློབ་མ་འགའ་ལ་སྨྲས་པ། རེབ་ཐོག་མདའ།”

  1. བློ་བཟང་ཆོས་གྲགས། says:
    2012-12-31 at 1:15 pm

    སློབ་ཆེན་སློབ་མ་རུལ་བ་མ་རེད།།
    ཁྱེད་ཀྱི་སྣ་ལ་སྐྱག་པ་གོས་འདུག།།
    ལན་གཅིག་ཁྱེད་ཀྱི་སྣ་ཙོག་བཀྲུས་ནས།།
    གཞན་གྱི་སྟེང་དུ་དྲི་མ་བསྣོམས་རོགས།།

  2. འདྲེ་རྐང་ཐོ། says:
    2013-01-02 at 12:15 am

    མགོ་ནས་ཤོ་ལོ་ཀ་གཉིས་གསུམ་ཞིག་བཀླགས་པས་་་རྡི་ལིའི་མཐོ་སློབ་ཁང་སེམས་ལ་དྲན་ནས་ཡོང་གི་་་་་ངའི་དྲན་པ་ནོར་མི་འདུག་་་་སྙན་ངག་པ་ཁྱོས་འཇོན་འདུག་་་་ངོ་མ་དེ་འདྲ་ཞིག་ཡིན་ཡ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།
  • རང་མི་རང་ལས། རང་ཁ་རང་གསོ། རང་དོན་རང་གཅེས། རང་འགན་རང་འཁུར་བྱས་ནས་གཞན་བརྟེན་འཚོ་སྐྱེལ་གྱི་བསམ་བློ་དོར་དགོས་པའི་དུས་ལ་བབས་མི་འདུག་གམ།
  • དྷ་ས་ནས་དིང་རིའི་ས་ཡོམ་ལ་ལྟ་བ།
  • སྤྱི་འཐུས་ཀྱི་འོས་བསྡུའི་ལས་རིམ་དང་འབྲེལ་བའི་སྐོར་ལ་རང་གི་བསམ་ཚུལ་གླེང་བ།
  • ཨ་རྒྱ་ར་གསུམ་གྱི་ཆབ་སྲིད་འགལ་འབྲེལ་བདེན་གཏམ་གཅེར་བུ་མ།
  • མང་གཙོ་ཁྲིམས་ཀྱི་དབང་བསྒྱུར་ནས་དམངས་གཙོ་གྲལ་རིམ་གཅིག་བསྡུས་ལ་ཁ་ཕྱོགས་པ་མ་རེད་དམ།

ཉེ་ཆར་གྱི་མཆན་བུ།

  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།
  • འབྲོང་བུ་སོག་ཚ། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།
  • ཚེ་བརྟན་འགྱུར་མེད། on དིང་རིར་ས་འགུལ་རྒྱུག་ནས་དྷ་ས་སེམས་འགུལ་ཐེབས།
  • ཀླུ་སྨྱོན་ཧེ་རུ་ཀ on སྐལ་བཟང་ཟླ་བ་མཐོ་རིས་བོ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།   (63)
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ། (50)
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།   (34)
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ། (26)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme